Tibetan Youth Congress Storms Hyderabad House During Wang Yi–India Talks in New Delhi

8 months ago

ལྡི་ལི་ཧའེ་དྷ་ར་བྷ་དེ་ཁང་པའི་ཕྱིར་གཞོན་ནུ་ལྷན་ཚོགས་ཀྱིས་ངོ་རྒོལ། Tibetan Youth Congress Protest at Hyderabad House During Wang Yi–India Talks རྒྱ་ནག་གི་ཕྱི་སྲིད་བློན་ཆེན་ཝང་ཡི་རྒྱ་གར་གྱི་རྒྱལ་ས་ལྡི་ལིར་འབྱོར་བ་དང་བསྟུན། ལྡི་ལིར་རྟེན་གཞི་བྱས་པའི་ཧའེ་དྷ་ར་བྷ་དེ་ཁང་པའི་ནང་རྒྱ་གར་གྱི་ཆེས་མཐོའི་སྐུ་ཚབ་དང་རྒྱ་ནག་གི་ཕྱི་སྲིད་བློན་ཆེན་ལྷན་འཛོམས་ཀྱིས་འཕགས་བོད་ས་མཚམས་སྐོར་ལ་གྲོས་མོལ་གནང་བཞིན་པ་དང་བསྟུན། བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་ཚོགས་མི་ཁག་ཅིག་གིས་མཇལ་མོལ་གནང་ས་དེའི་ཕྱི་ལོགས་སུ་ངོ་རྒོལ་གནང་སོང་། ལས་འགུལ་བ་རྣམ་པས་“བོད་ལ་རང་དབང་དགོས་”ཞེས་པའི་སྦྱར་ཡིག་འཁྱེར། འབོད་ཚིག་སྒྲོག་བཞིན་དུ། བོད་ཀྱི་ས་མཚམས་སྐོར་ལ་རྒྱ་ནག་གཞུང་ལ་གྲོས་མོལ་བྱེད་པའི་དབང་ཚད་མེད་ཅེས་ངོ་རྒོལ་སྐྱོན་བརྗོད་བྱས་སོང་ལ། རྒྱ་གར་གཞུང་གིས་“རྒྱ་ནག་གཅིག་གི་”གྱི་སྲིད་ཇུས་ལ་བསྐྱར་ཞིབ་གནང་དགོས་པའི་འབོད་སྐུལ་ཡང་ཞུས་གནང་སོང་། དེ་ལྟར་ངོ་རྒོལ་སྐད་འབོད་སྐར་མ་བཅུ་ཙམ་གྱི་རྗེས་ལས་འགུལ་བ་ཚང་མ་ལྡི་ལི་ཉེན་རྟོག་པས་འཛིན་བཟུང་བཀག་ཉར་བྱས་སོང་། ། New Delhi, 19 August 2025 — Tibetan Youth Congress activists stormed Hyderabad House in New Delhi today as Chinese Foreign Minister Wang Yi met India’s Special Representative for border discussions. The protesters shouted “Free Tibet” slogans, declaring China had no authority to negotiate Tibet’s borders, and urged India to revoke its “One China” policy. The protest lasted nearly ten minutes before Delhi Police detained all participants.
Watch on YouTube