TIPA grants scholarships to 12 Menchukha artists to save unique traditions

4 weeks ago

བོད་ཀྱི་ཟློས་གར་ཚོགས་པས་མོན་སྨན་ཆུ་ཁའི་སྒྱུ་རྩལ་བ་སློབ་ཕྲུག་ ༡༢ ལ་རིན་མེད་སློབ་འཇུག་གོ་སྐབས་གནང་་བ། TIPA grants scholarships to 12 Menchukha artists to save unique traditions མོན་རྟ་དབང་ཁུལ་སྨན་ཆུ་ཁའི་ནང་དེའི་ཐུན་མོང་མ་ཡིན་པའི་སྐད་ཡིག་དང་། ཆོས་དང་རིག་གཞུང་སོགས་ཉམས་རྒུད་དུ་མི་འགྲོ་བར་མི་རབས་གསར་པས་རྒྱུན་འཛིན་སྤེལ་ཆེད་དུ་རེ་སྐུལ་སྔ་ཕྱི་ཞུས་དོན་བཞིན། བོད་ཀྱི་ཟློས་གར་ཚོགས་པའི་འགན་འཛིན་ལྷན་ཚོགས་ནས་དམིགས་བསལ་དགོངས་བཞེས་ཀྱིས་སྨན་ཆུ་ཁའི་གནས་ནང་རིག་གཞུང་ཚོགས་པའི་ཟློས་གར་སྒྱུ་རྩལ་བ་སློབ་ཕྲུག་ཕོ་མོ་གྲངས་ ༡༢ ལ་ལོ་ངོ་ ༦ རིང་རིན་མེད་ཐོག་སློབ་འཇུག་གོ་སྐབས་གནང་ཡོད་འདུག་ཅིང་། དེ་དང་འབྲེལ་ནས་བོད་ཀྱི་རླུང་འཕྲིན་ཟློས་གར་དུ་ཆེད་བཅར་གྱིས། སློབ་འཇུག་གོ་སྐབས་དེའི་སྔ་ཕྱིའི་བྱུང་རིམ་དང་། གལ་གནད། ཟློས་གར་སྒྱུ་རྩལ་སློབ་ཁྲིད་ཀྱི་འཆར་གཞི་སོགས་ཀྱི་སྐོར་ལ་རྒྱུས་ལོན་ཞུས་ཡོད་ལ། དུས་མཚུངས་སློབ་ཕྲུག་ཚོའི་ཕུགས་བསམ། དེ་བཞིན་མཐོང་ཚུལ་སོགས་ཀྱི་སྐོར་ལ་རྒྱུས་ལོན་ཞུས་ཡོད། ། DHARAMSALA — The Tibetan Institute of Performing Arts (TIPA) has launched a landmark scholarship initiative, granting 12 young artists from the remote Menchukha region of Tawang a six-year residency to safeguard their "unique" endangered heritage.
Watch on YouTube