༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་དགའ་ལྡན་ལྔ་མཆོད་ཀྱི་ཚོགས་མགོན་དུ་དབུ་བཞུགས་མཛད་པ།
༄༅། །ཕྱི་ལོ་ ༢༠༢༥ ཟླ་བ་ ༡༢ ཚེས ༡༤ ཉིན་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་རྒྱ་གར་ལྷོ་ཕྱོགས་མོན་གྷོ་འདོད་རྒུ་གླིང་འབྲས་སྤུངས་སྒོ་མང་གྲྭ་ཚང་ཆོས་རའི་ནང་དགའ་ལྡན་ལྔ་མཆོད་ཀྱི་ཚོགས་མགོན་དུ་ཆིབས་སྒྱུར་དང་། རི་བོ་དགེ་ལྡན་པ་སྤྱི་ནས་བཀའ་དྲིན་རྗེས་དྲན་གྱི་གཟེངས་རྟགས་འབུལ་བཞེས་མཛད་པ།





