༧གོང་ས་མཆོག་གིས་བསྙེན་རྫོགས་ཀྱི་སྡོམ་པ་སྩལ་བ།

4 months ago

༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་དགེ་འདུན་པ་ ༥༠ ལྷག་ལ་བསྙེན་རྫོགས་ཀྱི་སྡོམ་པ་འབོག་སྩོལ་གནང་བ། བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་སྤྱིར་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་དེ་རིང་ཕྱི་ཟླ་ ༡༢ ཚེས་ ༢༥ ཉིན་འབྲས་སྤུངས་སྒོ་མང་གི་དགེ་འདུན་པ་ཁག་ཅིག་དང་། རྫོང་དཀར་ཆོས་སྡེའི་དགེ་འདུན་པ་ཁག་ཅིག སྲས་རྒྱུད་གྲྭ་ཚང་གི་དགེ་འདུན་པ་ཁག་ཅིག མོན་ཡུལ་དུ་རྟེན་གཞི་བྱས་པའི་དགའ་ལྡན་རབ་རྒྱས་གླིང་གྲྭ་ཚང་གི་དགེ་འདུན་པ་ཁག་ཅིག་བཅས་ཁྱོན་དགེ་འདུན་པ་ ༥༠ ལྷག་ལ་ལྷོ་ཕྱོགས་མོན་གྷོ་འབྲས་སྤུངས་སྒོ་མང་གི་ཆོས་རའི་ནང་བསྙེན་རྫོགས་ཀྱི་སྡོམ་པ་སྩལ་གནང་མཛད་ཡོད་པ་རེད། །
Watch on YouTube