༸གོང་ས་མཆོག་དང་ཇེ་ཧྥི་རི་ཨེབ་སི་ཊིན་བར་འབྲེལ་བ་མེད་པའི་གསལ་བསྒྲགས་སྤེལ་བ།

3 months ago

ཉེ་ལམ་གསར་འགྱུར་བརྒྱུད་ལམ་དང་སྤྱི་ཚོགས་དྲྭ་ལམ་ཁག་གཅིག་གི་ནང་དུ། ཨེབ་སི་ཊིན་གྱི་ཡིག་ཚགས་དང་འབྲེལ་གནས་ཚུལ་ཐད། སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་དང་ཇེ་ཧྥི་རི་ཨེབ་སི་ཊིན་བར་འབྲེལ་བ་བྱུང་བའི་སྐོར་གནས་ཚུལ་སྤེལ་བཞིན་འདུག་ཀྱང་། ཁ་སང་ཚེས་ ༨ ཉིན་དགའ་ལྡན་ཕོ་བྲང་ཡིག་ཚང་ནས་ཡོངས་ཁྱབ་གསལ་བསྒྲགས་ཞིག་སྤེལ་ཏེ། སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ནས་ད་བར་ཇེ་ཧྥེ་རི་ཨེབ་སི་ཊིན་དང་མཇལ་འཕྲད་གནང་མྱོང་མེད་པ་མ་ཟད། ༸གོང་ས་མཆོག་གི་མཚན་ཐོག་ནས་ཀྱང་ཁོང་དང་མཇལ་འཕྲད་དམ་བཀའ་མོལ་གནང་རྒྱུ་བཀོད་མངགས་གནང་རིགས་གཏན་ནས་བྱུང་མྱོང་མེད་ཅེས་གསུངས་འདུག དེ་ཡང་གསར་དུ་ཕྱིར་བསྒྲགས་བྱས་པའི་བྱིས་པར་ཆགས་སྲེད་བརྙས་བཅོས་ཀྱི་ཉེས་ཅན་པ་ཇེ་ཧྥི་ཨེབ་སི་ཊེན་དང་འབྲེལ་བའི་ཡིག་ཚགས་ཁག་གིས་རྒྱལ་སྤྱིའི་ཁྲོད་གླེང་སློང་ཤུགས་ཆེ་བྱུང་དང་འབྱུང་བཞིན་ཡོད་པ་དང་།  ལྷག་པར་དུ་ཡིག་ཚགས་དེ་དག་ནང་འཁོད་པའི་མི་སྣ་ཁག་གི་ཐོག་ཚུལ་མིན་ཆགས་སྲེད་དང་འབྲེལ་བའི་དོགས་གཞི་མང་པོ་བྱུང་བཞིན་པའི་ཁྲོད་འདིར། The Daily Beast བརྒྱུད་ལམ་དང་ཨ་རིའི་གསར་འགོད་པ་ Michael Wolff དེ་བཞིན་རྒྱ་རིགས་ཁག་གཅིག་གིས་སྤྱི་ཚོགས་དྲ་ལམ་ཐོག་ཡིག་ཚགས་དེ་དག་གི་ཁྲོད་དུ་༸གོང་ས་མཆོག་ཀྱང་ཐེངས་མང་པོར་འཁོད་ཡོད་ཚུལ་བཤད་ཡོད། ལྷག་པར་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་དང་ཇེ་ཧྥི་རི་ཨེབ་སི་ཊིན་བར་འབྲེལ་བ་བྱུང་གནས་སྐོར་གནས་ཚུལ་སྤེལ་བཞིན་པར། ཁ་སང་ཚེས་ ༨ ཉིན་དགའ་ལྡན་ཕོ་བྲང་ཡིག་ཚང་ནས་ཡོངས་ཁྱབ་གསལ་བསྒྲགས་ཞིག་སྤེལ་ཏེ། སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ནས་ད་བར་ཇེ་ཧྥེ་རི་ཨེབ་སི་ཊིན་དང་མཇལ་འཕྲད་གནང་མྱོང་མེད་པ་མ་ཟད། ༸གོང་ས་མཆོག་གི་མཚན་ཐོག་ནས་ཀྱང་ཁོང་དང་མཇལ་འཕྲད་དམ་བཀའ་མོལ་གནང་རྒྱུ་བཀོད་མངགས་གནང་རིགས་གཏན་ནས་བྱུང་མྱོང་མེད་ཅེས་གསལ་བཤད་གནང་ཡོད་པ་རེད། རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གི་ཉམས་ཞིབ་འགན་འཛིན་བུ་ཆུང་ཚེ་རིང་ལགས་ཀྱིས། ཇེ་ཧྥི་ཨེབ་སི་ཊེན་དང་འབྲེལ་བའི་ཡིག་ཚགས་ཁག་གི་ནང་། རྒྱ་ནག་གི་སྲིད་འཛིན་ཞི་ཅིན་ཕིང་ཐེངས་ ༡༣༨  དང་ཨ་རིའི་སྙན་གྲགས་ཅན་གྱི་སྤྱི་དམངས་ཐོབ་ཐང་རྩོད་ལེན་པ་དང་ནོ་ཝེལ་ཞི་བདེའི་གཟེངས་རྟགས་བཞེས་མྱོང་མཁན་ Dr. Martin Luther King Jr དམ་པ་ཁོང་ཐེངས་ ༡༩༦། བདག་ཉིད་ཆེན་པོ་གན་དྷི་མཆོག་གི་མཚན་ཐེངས་ ༡༥། ཡེ་ཤུའི་བླ་ཆེན་ Pope Francis མཆོག་ཐེངས་ ༤༤༣ བཀོད་ཡོད་པ་གསལ་སྟོན་དང་འབྲེལ། འོན་ཀྱང་བརྒྱུད་ལམ་ཁག་གིས་གནད་དོན་དེ་དག་སྣང་མེད་དུ་འཇོག་ཡོད་པ་སོགས་ཀྱི་གླེང་སློང་གནང་འདུག མ་ཟད་༸གོང་ས་མཆོག་ལ་དད་མོས་དང་། བོད་མིར་རྒྱབ་སྐྱོར་གནང་མཁན་ཚོས་དེ་འབྲེལ་ཚོར་ཤུགས་ཆེན་པོས་སྐྱོན་བརྗོད་དང་འབྲེལ། ༸གོང་ས་མཆོག་ལ་རྒྱལ་སྤྱིའི་སྙན་གྲགས་ཆེ་བའི་གྷེ་རེ་མི་རོལ་དབྱངས་གཟེངས་རྟགས་འབུལ་བཞེས་མཛད་པའི་དུས་མཚུངས་སུ། རྒྱ་རིགས་ཁག་གཅིག་གིས་༸མགོན་པོ་མཆོག་གི་མཚན་གནས་གཏོར་བཤིག་གཏོང་བའི་བསམ་ངན་སྦྱོར་རྩུབ་ཀྱིས་ནག་ཅན་ཇེ་ཧྥི་ཨེབ་སི་ཊེན་དང་༸མགོན་པོ་མཆོག་གཉིས་བར་མཇལ་འཕྲད་གནང་མྱོང་ཡོད་ཚུལ་སོགས་ཀྱི་གནས་ཚུལ་ཤུགས་ཆེ་སྤེལ་བཞིན་པས། བརྒྱུད་ལམ་ཁག་ནས་༸གང་ཉིད་མཆོག་ལ་རྒྱལ་སྤྱིའི་མཐོང་ཆེན་གསར་པ་ཐོབ་པའི་དུས་མཚམས་འདིར། འདི་ལྟ་བུའི་༸གོང་ས་མཆོག་ལ་གཞི་མེད་བསྙོན་འཛུགས་བྱས་པའི་ལས་དོན་གྱི་དུས་ཚོད་དེར་ཐུགས་སྣང་གནང་དགོས་སྐོར་དང་། གནས་ཚུལ་བཀོད་སྐབས་ཞིབ་འཇུག་མཐར་ཕྱིན་པ་གནང་དགོས་གལ་ཆེ་བ་སོགས་ཀྱི་སྐྱོན་བརྗོད་གནང་བཞིན་འདུག ཕྱོགས་མཚུངས་ཁག་གཅིག་གིས་ཡིག་ཆ་དེ་དག་ནང་ཚུད་པ་ཙམ་གྱིས་ཉེས་ཅན་དང་འབྲེལ་བ་ཡོད་པ། ཡང་ན་ནག་ཉེས་ནང་མཉམ་ཞུགས་མཚོན་གྱི་མེད་པ་དང་། ད་བར་ཞིབ་འཇུག་གནང་འབྲས་སུ་མགོན་པོ་༸གང་ཉིད་མཆོག་ནས་ཉེས་ཅན་དེ་ཉིད་དང་སྒེར་གྱི་འབྲེལ་བ་རྒྱུན་འཁྱོངས་བྱས་པའམ། རོགས་དངུལ་བཞེས་པ། […]

The post ༸གོང་ས་མཆོག་དང་ཇེ་ཧྥི་རི་ཨེབ་སི་ཊིན་བར་འབྲེལ་བ་མེད་པའི་གསལ་བསྒྲགས་སྤེལ་བ། appeared first on vot.

Original Article