༸གོང་ས་མཆོག་དབུ་བཞུགས་ཐོག་༧སྐུའི་གཅེན་པོ་རྒྱལ་ལོ་དོན་གྲུབ་མཆོག་གི་ཆེད་སྨོན་ལམ་གསུང་འདོན།

1 year ago

འདི་ཚེས་ ༩ ཉིན་གདན་ས་ཆེན་པོ་བཀྲ་ཤིས་ལྷུན་པོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་དབུ་བཞུགས་ཐོག་༧སྐུའི་གཅེན་པོ་བཀའ་བློན་ཁྲི་ཟུར་རྒྱལ་ལོ་དོན་གྲུབ་མཆོག་གི་ཆེད་སྨོན་ལམ་གསུང་འདོན་གནང་ཡོད་པ་དང་། སྐབས་དེར་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས། ༸སྐུའི་གཅེན་པོ་རྒྱལ་ལོ་དོན་གྲུབ་མཆོག་ནས་སྐུ་འཚོ་བཞུགས་རིང་ལྷག་བསམ་རྣམ་དག་གིས་ཕྱག་ལས་གནང་ཡོད་སྐོར་བཀའ་སྩལ་བ་དང་འབྲེལ་ཐུགས་སྨོན་མཛད་འདུག On 9th Feb 2025, His Holiness the Dalai Lama presides over a prayer service at Tashi Lhunpo for the late Gyalo Thondup, elder brother of His Holiness the Dalai Lama Video OHHDL
Watch on YouTube