དགའ་ལྡན་ཕོ་བྲང་དང་། རྣམ་རྒྱལ་གྲྭ་ཚང་། རྣམ་ཟུར་གསུམ་གྱིས་༸གོང་ས་མཆོག་ལ་བརྟན་བཞུགས་བསྟར་འབུལ།
དེ་རིང་ཕྱི་ཟླ་ ༣ ཚེས་ ༥ སྟེ། རེས་གཟའ་ལྷག་པ་༸རྒྱལ་བའི་སྐུའི་བླ་གཟའ་ཉིན་བཞུགས་སྒར་དུ་རྟེན་གཞི་བྱས་པའི་༸དཔལ་ལྡན་དགའ་ལྡན་ཕོ་བྲང་དང་༸སྐུ་བཅར་རྣམ་གྲྭ་ཕན་བདེ་ལེགས་བཤད་གླིང་། དེ་བཞིན་རྣམ་གྲྭ་ཟུར་པ་བཅས་ཐུན་མོང་གིས་བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་ཚེ་དཔག་མེད་དྭངས་མ་བཅུད་འདྲེན་གྱི་ཆོ་གའི་སྒོ་ནས་མཁའ་འགྲོའི་བསུན་བཟློག་དང་འབྲེལ་བའི་བརྟན་བཞུགས་བསྟར་འབུལ་ཞུས་ཡོད་པ་དང་། སྐབས་དེར་༸གོང་ས་མཆོག་གིས་གཟིམ་ལམ་དུ་ དཔལ་ལྡན་ལྷ་མོས་༸མགོན་པོ་མཆོག་དགུང་གྲངས་བརྒྱ་དང་བཅུ་གྲངས་བཞུགས་ཀྱི་རེད་ཅེས་གསུངས་ཡོད་པ་བཀའ་སྩལ་འདུག
Find more from Voice Of Tibet:
Website: https://www.vot.org
网站: https://www.cn.vot.org
Facebook: https://www.facebook.com/VoiceofTibet
YouTube: https://www.youtube.com/c/VoiceofTibet
Instagram: https://www.instagram.com/voice.of.tibet
Twitter: https://twitter.com/VOT_Tibetan
#VoiceOfTibet #西藏之声





