དགེ་བཤེས་ལྷག་རྡོར་ཚན་རིག་སློབ་ཡོན།

6 months ago

དགེ་བཤེས་ལྷག་རྡོར་ཚན་རིག་སློབ་ཡོན། Bobby Sager and The Tibet Fund launch Geshe Lhakdor Science Scholarship བོད་ཀྱི་དཔེ་མཛོད་ཁང་གི་འགན་འཛིན་དགེ་བཤེས་ལྷག་རྡོར་ལགས་ནས་ད་བར་ནང་ཆོས་དང་ཚན་རིག་དབར་བགྲོ་གླེང་། དེ་བཞིན་དགེ་འདུན་པ་རྣམས་ལ་ཚན་རིག་སློབ་ཁྲིད་སོགས་ཀྱི་ཐད་གཞི་རྒྱ་ཆེ་བའི་ཕྱག་ལས་གནང་བར་ངོས་འཛིན་དང་ཆེ་བསྟོད་མཚོན་ཕྱིར། བོད་ཀྱི་དཔེ་མཛོད་ཀྱིས་གོ་སྒྲིག་གནང་བའི་དགེ་འདུན་པའི་ཚན་རིག་ཚོགས་པ་དེའི་ཚོགས་གཙོ་དང་སྦྱིན་བདག་སྐུ་ཞབས་སྦོ་སྦི་སེ་གྷར་དང་བོད་ཀྱི་ཐེབས་རྩ་གཉིས་ཟུང་སྦྲེལ་ཐོག་དགེ་བཤེས་ལྷག་རྡོར་ཚན་རིག་སློབ་ཡོན་ཞེས་པ་ཞིག་གསལ་བསྒྲགས་གནང་སོང་། སློབ་ཡོན་དེ་བཞིན་རྒྱ་གར་ནང་བོད་པའི་སློབ་ཕྲུག་དངོས་ཁམས་ཚན་རིག་དང་། དབང་རྩ་ཚན་རིག སྐྱེ་དངོས་ཚན་རིག སེམས་ཁམས་རིག་པ་བཅས་ཀྱི་ཚན་རིག་གི་སྡེ་ཚན་ཐོག་གཙུག་ལག་རབ་འབྱམས་པའི་སློབ་གཉེར་གནང་མཁན་གི་སློབ་ཕྲུག་ཁག་ཅིག་ལ་གནང་རྒྱུ་ཡིན་པ་རེད་འདུག འདི་ག་བོད་ཀྱི་རླུང་འཕྲིན་ནས་སློབ་ཡོན་དེ་དང་འབྲེལ་བའི་སྐོར་དགེ་བཤེས་ལྷག་རྡོར་ལགས་སུ་བཀའ་འདྲི་ཞུས་པར། ཁོང་གིས་སློབ་ཡོན་འདི་ཐོབ་མཁན་གྱིས་སློབ་ཕྲུག་ཚོས་ཚན་རིག་ཐོག་སློབ་གཉེར་བྱས་རྗེས། བོད་མིའི་སྤྱི་ཚོགས་ལ་ཚུར་ཁ་ཕྱོགས་ནས་སློབ་ཁྲིད་གནང་ཐུབ་པ་དང། བོད་ཀྱི་ནང་པའི་ལྟ་གྲུབ་དང་བསྡུར་ནས་དཔྱད་རྩོམ་གསར་པ་འབྲི་ཐུབ་པའི་རེ་བ་གནང་གི་ཡོད་པ་འགྲེལ་བརྗོད་གནང་བྱུང་། སློབ་ཡོན་དེའི་སྐོར་ཞིབ་ཕྲའི་གནས་ཚུལ་བོད་ཀྱི་ཐེབས་རྩའི་དྲྭ་རྒྱའི་ཐོག་གཟིགས་ཐུབ་ཀྱི་འདུག ། Bobby Sager and The Tibet Fund have announced the Geshe Lhakdor Science Scholarship in honour of Geshe Lhakdor, Director of the Library of Tibetan Works and Archives (LTWA). The scholarship recognises his role in promoting dialogue between science and spirituality, including through the Science for Monks and Nuns programme. It will support outstanding Tibetan students pursuing Master’s degrees in science in India, aiming to nurture a new generation of scholars. Geshe Lhakdor told Tibet Radio he hopes recipients will return to serve the Tibetan community and advance research grounded in Tibetan wisdom and global science.
Original Article