དཔལ་ལྡན་སྲིད་སྐྱོང་་མཆོག་ཝཱ་ཎ་དབུས་བོད་ཀྱི་གཙུག་ལག་སློབ་གཉེར་ཁང་དུ་ཕེབས་འབྱོར་དང་གནས་གཟིགས།
༄༅། །ཕྱི་ལོ་ ༢༠༢༥ ཟླ་བ་ ༠༨ ཚེས་ ༠༧ ཉིན་བོད་མིའི་སྒྲིག་འཛུགས་ཀྱི་དཔལ་ལྡན་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་ཝཱ་རཱ་ཎ་སཱིར་རྟེན་གཞི་བྱས་པའི་ཝཱ་ཎ་དབུས་བོད་ཀྱི་གཙུག་ལག་སློབ་གཉེར་ཁང་དུ་ཕེབས་འབྱོར་བྱུང་ཡོད། དེ་ཡང་སྐབས་དེར་སློབ་གཉེར་ཁང་གི་ཉེ་བའི་རིགས་བདག་སློབ་དཔོན་དབང་ཕྱུག་རྡོ་རྗེ་ནེ་གི་ལགས་དང་། རིགས་དྲུང་སུ་ནི་ཏཱ་ཅནྡྲ་ལགས་གཙོས་པའི་སློབ་གཉེར་ཁང་གི་རིག་སྡེ་འགན་འཛིན་དང་སྡེ་ཚན་ཁག་གི་འགན་འཛིན། དེ་བཞིན་དགེ་ལས་སློབ་ཕྲུག་ཡོངས་ནས་སྣེ་ལེན་ཕེབས་བསུ་ཞུས་ཡོད།
དེ་རྗེས་བོད་དགོན་བཤད་སྒྲུབ་འདོད་རྒུ་འཁྱིལ་དང་། སཱར་ནཱཐ་ཆོས་འཁོར་བསྐོར་བའི་གནས། སཱར་ནཱཐ་ཆོས་འཁོར་བསྐོར་བའི་གནས་དྲི་གཙང་ཁང་། ཝཛྲ་ཝིདྱ་གཙུག་ལག་སློབ་གཉེར་ཁང་། ཨོ་རྒྱན་བསམ་ཡས་ཆོས་འཁོར་གླིང་དགོན། གཡུ་ལོ་བཀོད་སྒྲོལ་མ་ལྷ་ཁང་བཅས་སུ་གནས་གཟིགས་ཕེབས་གྲུབ་མཚམས་སློབ་གཉེར་ཁང་གི་སློབ་ཕྲུག་བདེ་དོན་ལྷན་ཚོགས་དང་། ལྟོ་ཚང་ལྟ་རྟོག་ཚོགས་ཆུང་གཙོས་པའི་སློབ་ཕྲུག་ཚོགས་པ་ཁག་གི་ཚོགས་མི་དང་ཐུག་འཕྲད་གནང་ཡོད།
On 7 August 2025, Sikyong Penpa Tsering visited the Central Institute of Higher Tibetan Studies in Varanasi, where he was welcomed by the Vice-Chancellor, Registrar, Dean, faculty, and students. He toured key spiritual sites in Sarnath and later met with student representatives. In the evening, he delivered a keynote address at CIHTS.





