དབུ་མའི་ལམ་གྱི་ཉིན་མོ་སྲུང་བརྩི་དང་འབྲེལ་བའི་བཅར་འདྲི།

7 months ago

ཕྱི་ལོ་༢༠༢༥ ཟླ་༩ ཚེས་༡༨ ཉིན། དབུས་རྒྱལ་སྤྱིའི་དབུ་མའི་ལམ་མི་མང་ལས་འགུལ་ཁང་གིས་དྷ་ས་ས་གནས་འགོ་འཛིན་ཚོགས་ཁང་དུ་དབུ་མའི་ལམ་གྱི་ཉིན་མོ་སྲུང་བརྩི་ཞུས་སོང་། སྐབས་དེའི་མཛད་སྒོའི་སྐུ་མགྲོན་གཙོ་བོར་དྷ་སའི་ས་གནས་འགོ་འཛིན་དཀོན་མཆོག་མིག་དམར་དང་། གཞན་སྐུ་མགྲོན་དུ་ས་རཱ་བོད་ཀྱི་མཐོ་རིམ་སློབ་གཉེར་ཁང་གི་སློབ་སྤྱི་རྒན་པ་སངས་ཚེ་རིང་ཕེབས་འདུག མཛད་སྒོའི་ཐོག་ད་ལོར་རྒྱ་གར་རྒྱལ་ཡོངས་ཀྱི་འཛིན་རིམ་བཅུ་པ་དང་བཅུ་གཉིས་ཀྱི་ཡིག་རྒྱུགས་ཁྲོད་བོད་ཡིག་བརྒྱ་ཆ་རྩེ་ཕུད་ལེན་མཁན་སློབ་མ་༡༧ ལ་ཁྱོན་ཧིན་སྒོར་འབུམ་གཅིག་གི་བྱ་དགའ་དང་ཕྱག་འཁྱེར་ཕུལ་སོང་།
Watch on YouTube