དབུས་དང་སློབ་མདའ་རུ་ལྷན་རྒྱས་ནས་བརྟན་བཞུགས་བསྟར་འབུལ།
༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་དབུས་དང་སློབ་མདའ་རུ་ལྷན་རྒྱས་ནས་བརྟན་བཞུགས་བསྟར་འབུལ་ཞུས་གནང་བ།
བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་ལ་དང་ཞབས་ཞུ་བཞིན་པ་དང་། དང་ཞབས་ཟུར་པ་ཐུན་མོང་ནས་ཇི་ལྟར་གསོལ་བ་བཏབ་པ་ལྟར། ལོ་ལྟར་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་དུ་དང་ཞབས་རྣམ་པས་མ་ཧ་གུ་རུའི་འབུམ་ཚོགས་འཚོགས་བཞིན་པ་ལྟར། འདི་ལོའི་མ་ཧ་གུ་རུའི་འབུམ་ཚོགས་དང་བསྟུན་ནས་དེ་རིང་ཕྱི་ཟླ་ ༡༠ ཚེས་ ༣༡ ཉིན་མགོན་པོ་གང་ཉིད་མཆོག་ལ་ཚེ་དཔག་མེད་དྭངས་མ་བཅུད་འདྲེན་གྱི་ཆོ་གའི་སྒོ་ནས་བསྟན་བཞུགས་བསྟར་འབུལ་ཞུས་གནང་སོང་། །





