དབུས་འོས་བསྡུ་ལས་ཁང་གི་གསར་འགོད་ལྷན་ཚོགས་ཐེངས་གསུམ་པ།
དེ་རིང་ཕྱི་ལོ་ ༢༠༢༦ ཟླ་བ་ ༡ ཚེས་ ༢༨ ཉིན་ཕྱི་དྲིལ་ལྷག་པ་ཚེ་རིང་དྲན་རྟེན་ཚོགས་ཁང་དུ་བསྐོང་ཚོགས་གནང་བའི་ དབུས་འོས་བསྡུ་ལས་ཁང་གི་གསར་འགོད་ལྷན་ཚོགས་ཐེངས་གསུམ་པའི་ཐོག་༢༠༢༦ ལོའི་བཙན་བྱོལ་བོད་མིའི་སྲིད་སྤྱིའི་སྔོན་འགྲོ་དང་དངོས་གཞིའི་འོས་བསྡུའི་གྲུབ་འབྲས་ནམ་ཐོན་གྱི་ཚེས་ཆ་གསལ་བསྒྲགས་དང་། དེ་བཞིན་བཅད་ཁྲ་གཅིག་དང་ཉེན་བརྡ་གཉིས། གཞན་ཡང་བྱེད་སྒོ་ལམ་སྟོན་ཁག་ཅིག་བཅས་བསྐྱར་སྣོན་གནང་སོང་། །





