དབུས་འོས་བསྡུ་ལྷན་ཁང་གི་གསར་འགོད་གསལ་བསྒྲགས།
དབུས་འོས་བསྡུ་ལྷན་ཁང་གིས་སྨན་པ་ངག་དབང་བློ་གྲོས་ཀྱི་མི་ལོ་བརྒྱད་ཀྱི་གདམ་བྱ་འདེམས་ཀྱི་ཐོབ་ཐང་ཕྲོགས་པ་དང་། སྲིད་སྐྱོང་འོས་མི་སྐལ་བཟང་རྡོ་རྗེ་ལགས་དང་སྐུ་གཞོགས་རྡོ་རྗེ་ལགས་གཉིས་སུ་ཉེན་བརྡ་བཏང་ཡོད་པའི་ཁར། དགོས་ངེས་ཅན་ཡིན་ན་མ་གཏོགས་ལས་ཐོག་སྲིད་སྐྱོང་གི་གཞུང་འབྲེལ་ཕྱོགས་ཕེབས་དག་ཕྱིར་འགྱངས་ཡོང་བའི་རེ་སྐུལ་ཞུས་འདུག





