དབུས་སྐད་ཀྱི་དགོང་དྲོའི་ལས་རིམ། ༢༠༢༥།༠༤།༠༩ | དབུས་སྐད་ལས་རིམ།
༢༠༢༥ ལོའི་ཕྱི་ཟླ་ ༤ པའི་ཚེས་ ༩ ཉིན། དབུས་སྐད་ཀྱི་དགོང་དྲོའི་ལས་རིམ་གྱི་ནང་དོན་མདོར་བསྡུས།
སྤྲུལ་སྐུ་ཧཱུྃ་ཀར་རྡོ་རྗེ་མཆོག་བཀྲོངས་པའི་གནས་ཚུལ་དང་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་སྙན་སེང་ཞུས་པར། མགོན་པོ་མཆོག་ནས་མཆོག་སྤྲུལ་རིན་པོ་ཆེ་སྐུ་བཀྲོངས་པར་ཐུགས་ཕམ་དང་སྦྲགས་ཐུགས་སྨོན་སྐྱབས་འཇུག་མཛད་འདུག གསར་འགོད་པ། བསྟན་འཛིན་ནོར་འཛོམས།
སྤྲུལ་སྐུ་ཧཱུྃ་ཀར་རྡོ་རྗེ་མཆོག་གློ་བུར་ལྐོག་གྱུར་ངང་སྐུ་གྲོངས་རྐྱེན་ཐད་རྒྱ་ནག་དང་ཝི་ཏི་ནམ་གཞུང་ལ་འགན་ཡོད་པས་ཕྱི་གསལ་ནང་གསལ་བཟོ་དགོས་པའི་སྐོར། བོད་མིའི་སྒྲིག་འཛུགས་ཀྱིས་འབོད་སྐུལ་གནང་། གསར་འགོད་པ། བློ་བྷེ།
རྒྱ་ནག་གིས་བོད་ཀྱི་ས་ཁུལ་གང་སར་ཉི་ནུས་གློག་འདོན་ས་ཚིགས་ཆེད་འཛུགས་བྱེད་བཞིན་པ་དེས་རྩ་ཐང་དང་སྐྱེས་ཁམས་ཁོར་ཡུག་ལ་གནོད་སྐྱོན་ཡོང་གི་ཡོད་པ། བོད་ནང་གི་བོད་མིས་འགྲེལ་བརྗོད་གནང་གི་འདུག གསར་འགོད་པ། ཚེ་རིང་རྣམ་རྒྱལ།
Tibetan Ukay Daily Evening Program - Top Headlines for April.09, 2025:
His Holiness the Dalai Lama Expresses Sadness, Offers Prayers Over Alleged Assassination of Tulku Hungkar Dorjee
Central Tibetan Administration Calls on China and Vietnam to Provide Transparency on Mysterious Death of Trulku Hungkar Dorje
Chinese Solar-Plus-Storage Power Plants in Tibet Causing Damage to Grasslands and Environment, Say Local Tibetans
Hosted on Acast. See acast.com/privacy (https://acast.com/privacy) for more information.
Episode link: https://play.headliner.app/episode/26524655?utm_source=youtube





