དབུས་སྐད་ཀྱི་དགོང་དྲོའི་ལས་རིམ་། ༢༠༢༥།༠༤།༡༢ | དབུས་སྐད་ལས་རིམ།

1 year ago

༢༠༢༥ ལོའི་ཕྱི་ཟླ་ ༤ པའི་ཚེས་ ༡༢ ཉིན། དབུས་སྐད་ཀྱི་དགོང་དྲོའི་ལས་རིམ་གྱི་ནང་དོན་མདོར་བསྡུས། ༡ དེ་རིང་གི་གནད་དོན་གླེང་མོལ་གྱི་ལས་རིམ་ནང་། མི་རིགས་གཅིག་གནས་ཐུབ་མིན་རང་གི་སྐད་ཡིག་དང་རིག་གཞུང་བདག་གཅེས་སྲུང་སྐྱོང་ཐུབ་མིན་ལ་རགས་ལུས་ཡོད་པ་རིག་གནས་མཁས་པ་ཚོས་བརྗོད་བཞིན་ཡོད་ཅིང་། བོད་ནང་མཚོན་ན་རྒྱ་ནག་གཞུང་གིས་བོད་པའི་སྐད་ཡིག་སློབ་འཁྲིད་བྱེད་སའི་སློབ་གྲྭ་ཡོངས་སུ་སྒོ་བརྒྱབ་སྟེ་སློབ་གྲྭ་ཁག་དང་དགོན་པ་ཁག་ནས་ལོ་ ༡༨ མན་གྱི་བུ་ཕྲུག་ཚོར་རྒྱ་ཡིག་ཐོག་བསླབ་གཞི་རྣམས་སློབ་འཁྲིད་བྱེད་བཞིན་ཡོད་པ་རེད། གནད་དོན་གླེང་མོལ་གྱི་ལས་རིམ་ནང་། ༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གི་མཚན་གནས་རྗེས་འབྲེལ་གྱི་ཏཱ་ལའི་བླ་མའི་མཐོ་སློབ་ནང་བོད་ཀྱི་སྐད་ཡིག་ཐོག་གཙུག་ལག་རབ་འབྱམས་པའི་སློབ་གཉེར་བ་སྒྲོལ་མ་ཚེ་རིང་ལགས་དང་ལྷན་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་འགན་འཛིན་གཞོན་པའི་ལས་ཚབ་བཀྲིས་དབང་ཕྱུག་ལགས་ཀྱིས་གླེང་མོལ་ཞུས་པར་གསན་རོགས་གནང་།། ༢ བོད་དང་རྒྱལ་སྤྱིའི་གནས་བབ་ཞེས་པའི་ལེ་ཚན་ནང་། ཨིན་ཌི་ཡ་ན་མཐོ་སློབ་ནང་འཕྲོད་བསྟེན་རིག་པའི་ཐོག་འབུམ་རམ་པའི་སློབ་གཉེར་གནང་བཞིན་པ་བདེ་ཆེན་བཟང་མོ་ལགས་ཀྱིས་བོད་ཀྱི་ཐེབས་རྩའི་གོ་སྒྲིག་འོག་ཨ་རིའི་བོད་མིའི་སློབ་ཡོན་ལས་འཆར་བརྒྱུད་ཁོང་ལ་གོ་སྐབ་དེ་ཐོབ་ཡོད་པ་ཙམ་མ་ཟད་མ་འོང་མི་ཚེའི་མདུམ་ལམ་གྱི་རྒྱབ་རྟེན་ཡང་ཆག་ཡོད་ཅིང་། བོད་པའི་སྤྱི་ཚོགས་ཁྲོད་དུ་མིག་དཔེ་ལྟ་སའི་མི་སྣ་མང་པོ་མེད་པའི་ཁོང་གི་དགོངས་ཚུལ་སོགས་བསྟན་འཛིན་བདེ་སྐྱིད་ལགས་ལྷན་གླེང་གློང་གནང་བ་ཞིག་གསན་རོགས་གནང་། Tibetan Ukay Daily Evening Program - Top Headlines for Mrach. 12, 2025: 1 Nedhon Lengmol: Experts say that a nation's survival depends on preserving its language and culture. In Tibet, the Chinese government has "closed all schools where intensive Tibetan language is taught, and forcefully enrolled all the monks under the age of 18 in government-run boarding schools, where the medium of instruction is Chinese-Mandarin. In conversation with Dolma Tsering, master's degree student at Dalai Lama Institute of Higher Studies, Bengaluru, India. 2 In a conversation with Dechen Sangmo, a PhD student in Applied Health Science at Indiana University, we explore her academic journey under the Tibetan Scholarship Program (TSP) and her perspective on the lack of role models within the Tibetan community. She shares, “Even though I obtained the PhD scholarship on my own, the TSP was the backbone and stepping stone in reaching this far.” Hosted on Acast. See acast.com/privacy (https://acast.com/privacy) for more information. Episode link: https://play.headliner.app/episode/26577306?utm_source=youtube
Watch on YouTube