དབུས་སྐད་དགོང་དྲོའི་ལས་རིམ། ༢༠༢༥།༠༢།༢༦ | དབུས་སྐད་ལས་རིམ།

1 year ago

༡། ཨ་མེ་རི་ཀའི་གྲོང་ཁྱེར་ནེའུ་ཡོག་སྤྱི་ཁྱབ་ལས་ཁུངས་ཀྱི་ཕྱི་མི་གནས་སྤོས་སྡེ་ཚན་གྱིས་ལོ་འདིར་གྲོང་ཁྱེར་དེས་དུས་ཆེན་སྲུང་བརྩིའི་ཞུ་རྒྱུའི་ཁོངས་སུ་ལོ་གསར་བཅུགས་ཡོད་པ་དང་གྲོང་ཁྱེར་སྤྱི་ཁྱབ་ལས་ཁུངས་ཀྱི་ཕྱི་མི་གཞིས་སྤོས་སྡེ་ཚན་གྱིས་བོད་ཡིག་ཐོག་ནས་ངོ་དེབ་གཅིག་ཀྱང་གསར་བཟོ་གནང་འདུག་ ༢། མཉམ་འབྲེལ་རྒྱལ་ཚོགས་ཀྱིས་ཕེ་རི་སིའི་སྐད་ཡིག་གླེང་སྟེགས་སུ་ཡུ་གུར་མཁས་དབང་ཞིག་གི་གཏམ་བཤད་གློ་བུར་དུ་མེད་པར་བཟོས་པ་དང་། གོ་སྒྲིག་ཚོགས་ཆུང་ནས་རྒྱུ་མཚན་ཁ་གསལ་འགྲེལ་བརྗོད་བྱས་མེད་ཀྱང་། དོ་བདག་ངོས་ནས་དེ་ནི་ཁོང་གིས་གླེང་སྟེགས་འདིའི་ཐོག་གཏམ་བཤད་སྤེལ་མཁན་རྒྱ་ནག་གི་སྐུ་ཚབ་ལ་དྲི་བ་བཏོན་པས་ཡིན་པར་བརྗོད་འདུག ༣། བལ་ཡུལ་གྱི་ལྷོ་ཕྱོགས་ཁུལ་གྱི་བལ་པོའི་སློབ་ཕྲུག་གི་ཚོགས་པ་ཞིག་གིས་ཟླ་བ་སྔོན་མའི་ནང་རྒྱ་ནག་གིས་ཡུལ་དེའི་སློབ་ཕྲུག་ཚོར་བགོ་འགྲེམས་བྱས་པའི་རྐང་འཁོར་རྙིང་པ་ཁག་མེར་བསྲེགས་བཏང་སྟེ་ང་ཚོ་མགོ་སྐོར་གཏོང་རྒྱུ་མཚམས་འཇོག་དགོས་ཅེས་ཕྲེད་དར་འཕྱར་བཞིན་དུ་རྒྱ་ནག་ལ་ངོ་རྒོལ་སྐད་འབོད་བྱས་འདུག 1. NYC embraces Losar and Tibetan language, showing vitality of Tibetan communities in the United States 2. UN abruptly cancels Uyghur scholar’s speech at Paris language forum 3. Students in Nepal protest-burn China-donated bicycles found to be substandard Hosted on Acast. See acast.com/privacy (https://acast.com/privacy) for more information. Episode link: https://play.headliner.app/episode/25793111?utm_source=youtube
Watch on YouTube