བདུན་ཕྲག་འདིའི་བོད་དོན་གསར་འགྱུར་ཕྱོགས་བསྡུས། ༢༠༢༥།༠༡།༡༧ Tibet This Week (Tibetan)-January 17, 2025

1 year ago

◆ སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས་གདན་ས་བཀྲ་ཤིས་ལྷུན་པོར་ད་བར་ཕྱི་ནང་གི་དད་ལྡན་པ་ཁྱོན་ ༢༢༠༠ ཙམ་མཇལ་ཁ་སྩལ་བ། ◆ དཔལ་ལྡན་སྲིད་སྐྱོང་མཆོག་གིས་ཨ་རིའི་བོད་དོན་དམིགས་བསལ་འབྲེལ་མཐུད་པའི་ལས་ཡུན་གཙང་བར་ཐུགས་རྗེ་ཆེ་ཞུའི་གསུང་འཕྲིན་ཕུལ་བ། ◆ ཨོ་སི་ཀྲོ་ལི་ཡའི་གྲོས་ཚོགས་འཐུས་མིའི་བོད་དོན་རྒྱབ་སྐྱོར་ཚོགས་པ་ནས་བོད་ནང་དུ་ས་ཡོམ་གྱི་གོད་ཆག་བྱུང་བར་ཐུགས་གསོ་དང་། འཛམ་གླིང་ཡུལ་གྲུ་གང་སར་གནས་སྡོད་བོད་མི་རྣམས་ནས་གདུང་སེམས་མཉམ་སྐྱེའི་མཆོད་འབུལ་སྨོན་ལམ་ཚོགས་པ། ◆ བཞུགས་སྒར་དུ་ཉིན་གྲངས་གཉིས་རིང་བོད་ཀྱི་གྲངས་འཛིན་དཔེ་མཛོད་ཀྱི་མཉམ་འདུས་ཚོགས་སྡེའི་ཚོགས་ཆེན་ཐེངས་གཉིས་པ་ཚོགས་པ། ◆ སྤྱི་འཐུས་བསྟན་པ་ཡར་འཕེལ་ལགས་དང་སྤྱི་འཐུས་དབྲ་རྩ་བསོད་ནམས་ནོར་བུ་ལགས་རྣམ་གཉིས་ནས་ལྡི་ལི་བོད་སྒར་བསམ་ཡས་གླིང་ས་གནས་འགོ་འཛིན་ཁྱབ་ཁོངས་བོད་མིའི་སུད་ཚོང་ས་གནས་ཁག་ཏུ་གཞུང་འབྲེལ་ས་བགོས་ཕྱོགས་བསྐྱོད་གནང་བ། ◆ ཐའེ་ཝན་གྱི་ངལ་རྩོལ་བློན་ཆེན་གསར་པ་སྐུ་ཞབས་ Hung Sun Han མཆོག་ལ་འཚམས་ཞུའི་མཇལ་བཅར་ཞུས་པ། ◆ གསར་དུ་བསྐོ་བཞག་བྱུང་བའི་དྲུང་ཆེ་བློ་བཟང་ཆོས་གྲགས་ལགས་ཀྱིས་དབུས་འོས་བསྡུ་ལས་ཁང་གི་དྲུང་ཆེའི་ལས་འཁུར་རྩིས་བཞེས་གནང་བ།
Watch on YouTube