བདུན་ཕྲག་འདིའི་བོད་དོན་གསར་འགྱུར་ཕྱོགས་བསྡུས། ༢༠༢༥།༠༦།༡༣ Tibet This Week (Tibetan)-June 13, 2025
◆ དཔལ་ལྡན་སྲིད་སྐྱོང་མཆོག་གིས་རྒྱ་གར་དུ་གནས་འཁོད་ཐའེ་ཝན་གཞུང་ཚབ་མཆོག་དང་མཇལ་འཕྲད་གནང་བ།
◆ བོད་ཀྱི་དཔེ་མཛོད་ཁང་དབུ་བརྙེས་ཏེ་ལོ་ངོ་ ༥༥ འཁོར་བའི་དུས་སྟོན་ཐོག་བོད་མིའི་སྒྲིག་འཛུགས་ཀྱི་མང་གཙོའི་ཀ་བ་གསུམ་གྱི་མཛད་གཙོ་རྣམ་པ་ཕེབས་ཞུགས་གནང་བ།
◆ བཀའ་སྤྱི་གཉིས་ལས་གྲུབ་པའི་སྐུ་ཚབ་ཚོགས་ཆུང་ནས་བོད་ཀྱི་རྒྱལ་དར་དང་རྒྱལ་རྟགས་ཀྱི་བཟོ་དབྱིབས་དང་མཚོན་མདོག རྒྱལ་གླུའི་གདངས་རོལ་བཅས་ཚད་ལྡན་གཅིག་གྱུར་ཡོངས་ཐབས་ཀྱི་ལས་དོན་དབུ་འཛུགས་གནང་བ།
◆ ཉི་འོང་དུ་ཕྱི་དྲིལ་ཁྱབ་ཁོངས་སྐུ་ཚབ་དོན་གཅོད་རྣམ་པའི་ལོ་འཁོར་ཚོགས་འདུ་དང་རྒྱལ་སྤྱིའི་ལམ་ལུགས་དང་མཐུན་པའི་སྣེ་ཤན་བྱེད་ཕྱོགས་ཀྱི་ཟབ་སྦྱོང་ཚོགས་པ།
◆ ༧རྒྱལ་ཡུམ་ཆེན་མོའི་དྲན་རྟེན་རྐང་སྤོལ་རྩེད་འགྲན་གྱི་མཐའ་མའི་རྒྱལ་ཁ་དེ་མོན་གྷོ་འདོད་རྒུ་གླིང་རུ་ཁག་ལ་ཐོབ་པ།
◆ ཐའེ་ཝན་སྐབས་དང་པོའི་བོད་བརྒྱུད་ས་ག་ཟླ་བའི་ཆོས་དང་རིག་གཞུང་གི་སྒྱུ་རྩལ་དུས་ཆེན་ཟབ་རྒྱས་ངང་ཚོགས་པ།
◆ སྦར་ལིན་དུ་ཚོགས་པའི་རིག་གཞུང་གི་དུས་སྟོན་ཐོག་ས་གནས་བོད་མི་རྣམས་ཀྱིས་བོད་ཀྱི་ཐུན་མོང་མ་ཡིན་པའི་རིག་གཞུང་དང་ངོ་བོ་གསལ་སྟོན་དང་དྲིལ་བསྒྲགས་རྒྱ་ཆེ་གནང་བ།





