བདུན་ཕྲག་འདིའི་བོད་དོན་གསར་འགྱུར་ཕྱོགས་བསྡུས། ༢༠༢༥།༠༦།༢༠ Tibet This Week (Tibetan)-June 20, 2025
◆ སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་སེར་སྨད་ཐོས་བསམ་ནོར་གླིང་གྲྭ་ཚང་གི་སྨན་བླའི་སྒྲུབ་མཆོད་ཆེན་མོའི་ཚོགས་མགོན་དུ་ཆིབས་སྒྱུར་བསྐྱངས་པ།
◆ སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས་སོག་པོའི་བདམས་ཐོན་སྲིད་བློན་མཆོག་ལ་འཚམས་འདྲི་དང་། རྒྱ་གར་གྱི་སྲིད་འཛིན་མཆོག་གི་འཁྲུངས་སྐར་ལ་འཚམས་འདྲི་མཛད་པ།
◆ སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས་རྒྱ་གར་ཧི་མ་ལ་ཡ་ནཱ་ལནྡྲའི་ནང་པའི་སྲོལ་རྒྱུན་ལྷན་ཚོགས་ཀྱི་ཚོགས་མི་དང་། སྟོང་འཁོར་མཉྫུ་ཤྲཱི་ཧུ་ཐོག་ཐུས་གཙོས་པའི་སོག་པོའི་དད་ལྡན་པ་རྣམས་ལ་མཇལ་ཁ་སྩལ་བ།
◆ དཔལ་ལྡན་སྲིད་སྐྱོང་མཆོག་གིས་༧སྐུའི་གོ་སྟོན་གྱི་གཞུང་འབྲེལ་དྲ་ཚིགས་དབུ་འབྱེད་གནང་བ།
◆ དཔལ་ལྡན་ཚོགས་གཙོ་མཆོག་དང་དཔལ་ལྡན་སྲིད་སྐྱོང་མཆོག་རྣམ་གཉིས་ནས་སྐུ་ཞབས་ Dean Smith མཆོག་ཨོ་གླིང་གི་ཕྱི་འབྲེལ་ལས་དོན་དང་འབྲེལ་བའི་ཕྱོགས་འགལ་ཚོགས་པའི་བློན་ཆེན་གཞོན་པར་བསྐོ་བཞག་བྱུང་བར་འཚམས་འདྲི་ཞུས་པ།
◆ དཔལ་ལྡན་ཤེས་རིག་བཀའ་བློན་མཆོག་གིས་སྣེ་ཁྲིད་པའི་ཤེས་རིག་སྐུ་ཚབ་ཚོགས་ཆུང་ནས་བདུན་གཅིག་ལྷག་གི་རིང་ཌན་མག་ཏུ་འཚམས་གཟིགས་གནང་བ།
◆ འཕྲོད་བསྟེན་དྲུང་ཆེ་བྱམས་པ་ཕུན་ཚོགས་ལགས་ཀྱིས་ཛོ་ནཱལ་སྨན་ཁང་གི་འཕྲོད་བསྟེན་སྨན་བཅོས་འགན་འཛིན་དང་མཇལ་འཕྲད།
◆ ཡུ་རོབ་མཐུན་ཚོགས་ནས་རྒྱ་ནག་གཞུང་གིས་༧རྒྱལ་བའི་ཡང་སྲིད་ཀྱི་གནད་དོན་ལ་ཐེ་བྱུས་བྱེད་བཞིན་པར་ཐུགས་འཚབ་གནང་བ།
◆ རྒྱལ་ཚོགས་ཀྱི་ཆེས་མཐོའི་འགྲོ་བ་མིའི་ཐོབ་ཐང་ལྷན་ཁང་གི་གཙོ་འཛིན་མཆོག་ནས་རྒྱ་ནག་གཞུང་གིས་བོད་མིའི་རིག་གཞུང་དང་གཞི་རྩའི་ཐོབ་ཐང་ཁག་རྩིས་མེད་རྡོག་རོལ་གཏོང་བཞིན་པར་ཐུགས་འཚབ་བསྟན་པ།
◆ ལྷོ་ཨ་མི་རི་ཀའི་སྐུ་ཚབ་དོན་གཅོད་ཀྱིས་སྣེ་ཁྲིད་པའི་འབྲས་སྤུངས་བློ་གསལ་གླིང་གི་དགེ་འདུན་པ་རྣམ་པས་༧སྐུའི་གོ་སྟོན་དང་བསྟུན་ལྷོ་ཨ་མི་རི་ཀའི་རྒྱལ་ཁབ་ཁག་ཏུ་སྐོར་བསྐྱོད་ཀྱིས་བོད་བརྒྱུད་ནང་བསྟན་གྱི་ཐུན་མོང་མ་ཡིན་པའི་རིག་གཞུང་སྒྱུ་རྩལ་འགྲེམས་སྟོན་གནང་བཞིན་པ།





