བཤགས་སྡོམ་གྱི་ལམ་ནས་ཁས་ལེན་དམ་བཅའ།

3 months ago

འབྲས་སྤུངས་བླ་སྤྱིའི་སྤྱི་མོས་ཐག་གཅོད་ལྟར་དགེ་ལུགས་པའི་མགྲིན་ཚབ་གཉིས་ཀྱིས་བཤགས་སྡོམ་གནང་བ། དེ་རིང་ཕྱི་ཟླ་ ༡ ཚེས ༢༠ ཉིན་རི་བོ་དགེ་ལུགས་པའི་མགྲིན་ཚབ་པ་བོད་མི་མང་སྤྱི་འཐུས་ཨ་ཀྲུག་ཚེ་བརྟན་ལགས་དང་། གོ་བོ་བློ་བཟང་ཕན་བདེ་ལགས་རྣམ་པ་གཉིས་འབྲས་སྤུངས་བླ་སྤྱི་རུ་ཆེད་འབྱོར་གྱིས་ཉེ་ལམ་གཞུང་བསྟེན་དགྲ་ལྷའི་གཙོ་བོ་གནས་ཆུང་ཆོས་རྒྱལ་ཆེན་པོའི་བཀའ་ལུང་དང་འབྲེལ་ནས་འབྲས་སྤྲུངས་བླ་སྤྱིས་དགེ་ལུགས་པའི་མགྲིན་ཚབ་པ་གཉིས་ལ་བཀའ་ཡིག་ཕེབས་དོན་གཞིར་བཟུང་གནས་ཆུང་ཆོས་རྒྱལ་ཆེན་པོའི་ལྷ་ཚེས་སྐབས་དང་བསྟུན་ནས། འབྲས་སྤུངས་ཚོགས་ཆེན་དུ་༸རྒྱལ་བའི་བཞུགས་ཁྲི་རིན་པོ་ཆེའི་སྤྱན་སྔར་མཇལ་དར་སྒྲོན་འབུལ་དང༌། འབྲས་སྤུངས་ལྷ་མོ་ཁང་དུ་གནས་ཆུང་ཆོས་རྒྱལ་ཆེན་པོས་བཀའ་ལུང་སྩལ་བའི་དགོངས་དོན་ལྟར་ཉེས་པ་ལ་ཉེས་བར་མཐོང་སྟེ། སྔར་བྱས་ལ་བཤགས་སྡོམ་དང་། ཕྱིན་ཆད་མི་བྱེད་པའི་ཁས་ལེན་དམ་བཅའ་གཙང་མ་བཞག་གནང་འདུག་ཅིང་། འདི་ག་རླུང་འཕྲིན་ཁང་ནས་དེ་འབྲེལ་གྱི་ཞིབ་ཕྲིའི་གནས་ཚུལ་འབྲས་སྤུངས་བཀྲ་ཤིས་སྒོ་མང་གྲྭ་ཚང་གི་མཁན་ཟུར་རྒྱལ་སྤྱིའི་དགེ་ལྡན་ལྷན་ཚོགས་ཀྱི་ངེས་སྟོན་པ་དགེ་བཤེས་བློ་བཟང་རྒྱལ་མཚན་མཆོག་ལ་བཅར་འདྲི་ཞུས་ཡོད། །
Watch on YouTube