བོད་ཀྱི་བརྙན་འཕྲིན་གྱི་ཉིན་རེའི་གསར་འགྱུར། ༢༠༢༥།༠༦།༡༦ Tibet TV Daily News – June.16, 2025

10 months ago

◆ སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་སེར་སྨད་ཐོས་བསམ་ནོར་གླིང་གྲྭ་ཚང་གི་ཐུན་མོང་མ་ཡིན་པའི་སྨན་བླའི་སྒྲུབ་མཆོད་ཆེན་མོའི་ཚོགས་མགོན་དུ་ཆིབས་སྒྱུར་བཀའ་དྲིན་བསྐྱངས་པ། ◆ སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས་སོག་པོའི་བདམས་ཐོན་སྲིད་བློན་མཆོག་ལ་འཚམས་འདྲི་མཛད་པ། ◆ ༧སྐྱབས་རྗེ་སྨན་རིའི་ཡོངས་འཛིན་སློབ་དཔོན་བསྟན་འཛིན་རྣམ་དག་རིན་པོ་ཆེ་མཆོག་ཐུགས་དམ་གཡོ་བ་མེད་པའི་ངང་ནས་མྱ་ངན་ལས་འདས་ཚུལ་བསྟན་པའི་བློ་ཕམ་གྱི་གནས་ཚུལ་བྱུང་བར་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ནས་ཐུགས་གསོ་ཞུས་པ། ◆ དཔལ་ལྡན་ཚོགས་གཙོ་མཆོག་དང་དཔལ་ལྡན་སྲིད་སྐྱོང་མཆོག་རྣམ་གཉིས་ནས་སྐུ་ཞབས་ Dean Smith མཆོག་ཨོ་གླིང་གི་ཕྱོགས་འགལ་སྲིད་དོན་ཚོགས་པའི་ཕྱི་འབྲེལ་ལས་དོན་དང་འབྲེལ་བའི་བློན་ཆེན་གཞོན་པར་བསྐོ་བཞག་བྱུང་བར་འཚམས་འདྲི་ཞུས་པ། ◆ མདོ་ཁམས་ཆུ་བཞི་སྒང་དྲུག་བསྟན་སྲུང་དང་བླངས་དམག་གི་སྒྲིག་འཛུགས་དབུ་བརྙེས་ཏེ་ལོ་ངོ་ ༦༧ འཁོར་བའི་དུས་དྲན་སྲུང་བརྩིའི་མཛད་སྒོར་བོད་མི་མང་སྤྱི་འཐུས་རྒྱུན་ལས་འཇུ་ཆེན་དཀོན་མཆོག་ཆོས་སྒྲོན་ལགས་སྐུ་མགྲོན་གཙོ་བོར་ཕེབས་ཞུགས་གནང་བ། ◆ ཨེ་མོ་རི་དང་བོད་ཀྱི་ཚན་རིག་ལས་རིམ་གྱི་ལག་བསྟར་རིམ་པའི་ཚན་རིག་བསླབ་པ་མཐར་སོན་གྱི་མཛད་སྒོ་ཚོགས་པ།
Watch on YouTube