བོད་ཀྱི་བརྙན་འཕྲིན་གྱི་ཉིན་རེའི་གསར་འགྱུར། ༢༠༢༥།༠༦།༡༧ Tibet TV Daily News – June.17, 2025
◆ སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས་རྒྱ་གར་ཧི་མ་ལ་ཡ་ནཱ་ལནྡྲའི་ནང་པའི་སྲོལ་རྒྱུན་ལྷན་ཚོགས་ཀྱི་ཚོགས་མི་རྣམས་ལ་མཇལ་ཁ་སྩལ་བ།
◆ བཞུགས་སྒར་དུ་ཕེབས་པའི་རྒྱ་གར་ཧི་མ་ལ་ཡ་ནཱ་ལནྡྲའི་ནང་པའི་སྲོལ་རྒྱུན་ལྷན་ཚོགས་ཀྱི་ཚོགས་མི་རྣམ་པས་བོད་མིའི་སྒྲིག་འཛུགས་ཀྱི་འགོ་ཁྲིད་དང་མཇལ་འཕྲད་གནང་བ།
◆ ཡུ་རོབ་མཐུན་ཚོགས་ནས་རྒྱ་ནག་གཞུང་གིས་༧རྒྱལ་བའི་ཡང་སྲིད་ཀྱི་གནད་དོན་ལ་ཐེ་བྱུས་བྱེད་བཞིན་པར་ཐུགས་འཚབ་གནང་བ་མ་ཟད། ཀུན་གཟིགས་པཎ་ཆེན་སྐུ་ཕྲེང་བཅུ་གཅིག་པ་མཆོག་གར་ཡོད་ཀྱི་གནས་སྟངས་ཁ་གསལ་བཟོ་དགོས་པའི་ནན་བརྗོད་གནང་བ།
◆ ས་ག་ཟླ་བའི་དུས་ཆེན་དང་། ༧སྐུའི་གོ་སྟོན་དང་འབྲེལ་ཆོས་ལུགས་མཐུན་འབྲེལ་སོགས་ཀྱི་དགོངས་གཞི་ལ་དམིགས་ནས་མཛད་སྒོ་ཞིག་སྲུང་བརྩི་ཞུས་པའི་ཐོག་ལྷོ་བྱང་ཨ་རིའི་ཕྱོགས་བཞུགས་སྤྱི་འཐུས་ལྷན་ཞུགས་གནང་བ།
◆ བསྟན་འཛིན་སྒང་བོད་མིའི་གཞིས་ཆགས་སུ་ཤིང་སྣ་འདེབས་འཛུགས་ལམ་ནས་༧སྐུའི་གོ་སྟོན་སྲུང་བརྩི་ཞུས་པ།





