བོད་ཀྱི་བརྙན་འཕྲིན་གྱི་ཉིན་རེའི་གསར་འགྱུར། ༢༠༢༥།༠༨།༢༠ Tibet TV Daily News – August.20, 2025

8 months ago

◆ དཔལ་ལྡན་སྲིད་སྐྱོང་མཆོག་ནས་ཧི་མ་ཅལ་མངའ་ཁོངས་བོད་མིའི་འདུ་སྡོད་ས་གནས་ཁག་གི་གཞུང་འབྲེལ་འཚམས་གཟིགས་དབུ་འཛུགས་གནང་བ། ◆ ཆེས་མཐོའི་ཁྲིམས་ཞིབ་ཁང་གི་ཁྲིམས་ཞིབ་པ་གཞན་གཉིས་ནས་སྐོར་སྐྱོད་ཁྲིམས་ཞིབ་ཁང་དང་བྱང་ཕྱོགས་བོད་མིའི་ས་གནས་ཁྲིམས་ཞིབ་ཁང་དུ་གཞུང་འབྲེལ་འཚམས་གཟིགས་གནང་བ། ◆ ཨ་རིའི་ཕྱི་སྲིད་ལས་ཁུངས་ཀྱི་འགྲོ་བ་མིའི་ཐོབ་ཐང་གི་སྙན་ཐོའི་ནང་བོད་ནང་གི་འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས་ཇེ་ཞན་ཇེ་སྡུག་ཏུ་འགྲོ་བཞིན་པ་གསལ་འདོན་གནང་བ། ◆ སྦེལ་ཡམ་དུ་བོད་ནང་ས་ཡོམ་གྱི་གོད་ཆག་འོག་རྐྱེན་འདས་སུ་གྱུར་བ་རྣམས་ཀྱི་ཆེད་ཞེ་དགུའི་མཆོད་འབུལ་སྨོན་ལམ་གསུང་འདོན་གནང་བ། ◆ ཀ་སྦུག་ཏུ་ཞབས་རིམ་གསོག་སྒྲུབ་དང་སྒང་ཏོག་དང་ས་ཊོན་དུ་ཟས་སྦྱིན་དང་མངར་ཟས་བགོ་འགྲེམས། དེ་བཞིན་ཀུལླུ་ཁུལ་དུ་ཁོར་ཡུག་གཙང་བཟོ་ལམ་ནས་༧སྐུའི་གོ་སྟོན་གྱི་བྱམས་བརྩེའི་ལོ་སྲུང་བརྩི་ཞུས་པ། https://youtube.com/playlist?list=PLCuAfgwBJqs1UnOfTOgTnHnrTrt_o84Xv&si=7jXE9RkMZVjBFCjH https://ghoton.net https://hhthedalailama90.net #dalailama #yearofcompassion #90thbirthday #compassionrevolution #ghoton #TibetansforTibet #centraltibetanadministration #dailynews #tibettv #weeklynews
Watch on YouTube