བོད་ཀྱི་བརྙན་འཕྲིན་གྱི་ཉིན་རེའི་གསར་འགྱུར། ༢༠༢༥།༢།༡༡ Tibet TV Daily News – February. 11, 2025

1 year ago

◆ སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་ལ་བཀྲ་ཤིས་ལྷུན་པོ་དགོན་པ་ནས་བརྟན་བཞུགས་བསྟར་འབུལ་ཞུ་གཏན་འཁེལ་བ། ◆ ༧སྐུའི་གཅེན་པོ་བཀའ་བློན་ཁྲི་ཟུར་རྒྱལ་ལོ་དོན་གྲུབ་མཆོག་གི་སྐུ་ཕུང་བཞུགས་འབུལ་སྐབས་བོད་མིའི་སྒྲིག་འཛུགས་ཀྱི་འགོ་ཁྲིད་དང་འབྲས་ལྗོངས་མངའ་སྡེའི་གནད་ཡོད་མི་སྣ་རྣམ་པ་ལྷན་ཞུགས་གནང་བ། ◆༧སྐུའི་གཅེན་པོ་བཀའ་བློན་ཁྲི་ཟུར་རྒྱལ་ལོ་དོན་གྲུབ་མཆོག་སྐུ་ཚེའི་འཕེན་པ་རྫོགས་པར་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ནས་ཐུགས་གསོ་ཞུས་པ། ◆ཨོ་སི་ཀྲོ་ལི་ཡའི་རྒྱལ་ས་ཁེན་བྷ་རར་བོད་རྒྱ་མཉམ་མཐུན་ཚོགས་འདུ་སྐོང་ཚོགས་དང་འབྲེལ་ཨོ་གླིང་སྲིད་གཞུང་ནས་རྒྱ་ནག་གཞུང་ལ་འགྲོ་བ་མིའི་ཐོབ་ཐང་སྲུང་སྐྱོབ་ཐད་གནོན་ཤུགས་སྤྲོད་དགོས་པའི་བསྒྲགས་གཏམ་ཞིག་སྤེལ་བ། ◆སྤྱི་འཐུས་དོན་གྲུབ་བཀྲ་ཤིས་ལགས་དང་སྤྱི་འཐུས་ཚེ་རིང་དབྱངས་ཅན་ལགས་རྣམ་གཉིས་ནས་ཧི་མ་ཅལ་ཁྱབ་ཁོངས་བཙན་བྱོལ་བོད་མིའི་འདུ་སྡོད་ས་གནས་ཁག་ཅིག་ཏུ་གཞུང་འབྲེལ་ས་བགོས་ཕྱོགས་བསྐྱོད་གནང་བ།
Watch on YouTube