བོད་ཀྱི་བརྙན་འཕྲིན་གྱི་ཉིན་རེའི་གསར་འགྱུར། ༢༠༢༦།༠༣།༡༢ Tibet TV Daily News– March 12, 2026

2 months ago

◆ བཞུགས་སྒར་དུ་རྒྱ་གར་བོད་དོན་རྒྱབ་སྐྱོར་བ་ ༣༠༠ ལྷག་ལྷན་འཛོམས་ཐོག་རྒྱ་གར་རྒྱལ་ཡོངས་བོད་དོན་རྒྱབ་སྐྱོར་ཚོགས་ཆེན་ཐེངས་ ༨ པ་དབུ་འཛུགས་གནང་བ། ◆ ཐའེ་ཝན་གྲོས་ཚོགས་འཐུས་མིའི་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་གཙོ་ལྕམ་སྐུ་ Wu Pei Yi མཆོག་གིས་སྣེ་ཁྲིད་པའི་གྲོས་ཚོགས་ཀྱི་སྐུ་ཚབ་ཚོགས་ཆུང་ནས་བོད་མིའི་སྒྲིག་འཛུགས་ཀྱི་འགོ་ཁྲིད་དང་ལྷན་དུ་མཇལ་འཕྲད་གནང་བ། ◆ དཔལ་ལྡན་ཤེས་རིག་བཀའ་བློན་ལྕང་ར་ཐར་ལམ་སྒྲོལ་མ་མཆོག་དབུ་བཞུགས་ཐོག་བོད་ཕྲུག་གི་ཤེས་ཡོན་དང་བདེ་དོན་མ་དངུལ་ཚོགས་པའི་འགན་འཛིན་ལྷན་ཚོགས་ཐེངས་ ༥༧ པ་བསྐོང་ཚོགས་གནང་བ། ◆ བཀའ་སྤྱི་གཉིས་ལས་གྲུབ་པའི་ཚོགས་ཆུང་ནས་བོད་ཀྱི་རྒྱལ་དར་དང་རྒྱལ་རྟགས་ཀྱི་བཟོ་དབྱིབས་དང་མཚོན་མདོག རྒྱལ་གླུའི་གདངས་རོལ་བཅས་ཚད་ལྡན་གཅིག་གྱུར་ཡོངས་ཐབས་ཀྱི་ལས་དོན་མཇུག་སྒྲིལ་བ། ◆ སྦར་སིལ་སྐུ་ཚབ་དོན་ཁང་ནས་ཁྱབ་ཁོངས་བོད་པའི་གཞོན་སྐྱེས་རྣམས་ལ་བོད་དོན་གོ་རྟོགས་ཀྱི་འདུ་འཛོམས་ཐེངས་གསུམ་པ་དེ་གོ་སྒྲིག་གནང་བ། https://youtube.com/playlist?list=PLCuAfgwBJqs1UnOfTOgTnHnrTrt_o84Xv&si=7jXE9RkMZVjBFCjH https://ghoton.net https://hhthedalailama90.net #dalailama #yearofcompassion #90thbirthday #compassionrevolution #ghoton #TibetansforTibet #centraltibetanadministration #dailynews #tibettv
Watch on YouTube