ཉེ་ཆར་གོ་མིན་ཏང་སྲིད་དོན་ཚོགས་པའི་འགོ་ཁྲིད་རྒྱ་ནག་ལ་ཕྱིན་རྗེས་རྒྱ་ནག་གཞུང་གིས་སྐུལ་ལྕག་དོན་ཚན་བཅུ་ཞེས་པ་ཞིག་བཏོན་ཡོད་འདུག་པ་དང་། དོན་ཚན་དེ་དག་ལ་ཁ་སང་ཐའེ་ཝན་ཚོང་དོན་སྤྱི་ཁྱབ་ལྷན་ཚོགས་ནས་བགྲོ་གླེང་འཚོགས་གནང་འདུག་པས། སྐབས་དེ་དུས་གོ་མིན་ཏང་སྲིད་དོན་ཚོགས་པས་བོད་དང་ཧོང་ཀོང་གཉིས་ལ་འཕྲད་པའི་བཟོད་དཀའ་བའི་ཉམས་མྱོང་དག་ལ་སྣང་མེད་བཏང་ནས་ཐའེ་ཝན་གྱི་བདེ་དོན་ལ་དོ་སྣང་བྱས་མེད་པ་སྐྱོན་བརྗོད་བྱས་འདུག
TaipelTimes
ཕྱི་ལོ་༢༠༢༦ ཟླ་༤ ཚེས་༢༠ ཉིན་(TaipelTimes)ཡིས་གནས་ཚུལ་སྤེལ་དོན་ལ། ཁ་སང་ཐའེ་ཝན་གྱི་དཔོན་རིགས་ཤིག་གིས་ཉེ་ཆར་ཐའེ་ཝན་གྱི་གོ་མིན་ཏང་གི་འགོ་ཁྲིད་(Cheng Li-wu)ཞེས་པའི་བུད་མེད་དེ་རྒྱ་ནག་ལ་ཕྱིན་རྗེས། རྒྱ་ནག་གི་སྐུལ་ལྕག་དོན་ཚན་བཅུ་ཞེས་པ་ཞིག་བཏོན་ཡོད་པ་དང་། དོན་ཚན་དེ་དག་ནི་ཕྱི་ལ་བྱེ་མ་ཀ་ར་བྱུགས་པའི་དུག་ཅིག་རེད་ཅེས་དང་། དོན་ཚན་བཅུ་པོ་དེ་དག་ཐའེ་ཝན་དང་རྒྱ་ནག་གཉིས་བར་ཚོང་འབྲེལ་བྱེད་ཕྱོགས་སྐོར་རྐྱང་རྐྱང་ཡིན་འདུག ཐའེ་ཝན་གྱི་ཚོང་ལས་ཁག་གིས་དངོས་ཡོད་གནས་ཚུལ་གསལ་པོར་མཐོང་གི་ཡོད་ནའང་། པེ་ཅིང་གིས་དེར་རྒྱབ་སྐྱོར་འཚོལ་ཐབས་བྱེད་ཆེད་ཡིན་པ་གཏན་འཁེལ་བ་ཞིག་རེད་ཅེས་བརྗོད་འདུགདཔོན་རིགས་དེས་རང་ཉིད་ཀྱི་མིང་འདོན་མ་བྱས་པའི་ཐོག་ནས། དེ་རིང་ཐའེ་ཝན་གྱི་ཚོང་དོན་སྤྱི་ཁྱབ་ལྷན་ཚོགས་ཀྱིས་གསར་འགོད་གསལ་བསྒྲགས་ཤིག་སྤེལ་བའི་སྔོན་ལ་གཏམ་བཤད་དེ་བྱས་ཡོད་འདུག“རྒྱ་ནག་གི་ཐའེ་ཝན་ལ་ཕན་པའི་ཉེ་བའི་སྲིད་བྱུས་ཁྲོད་ཀྱི་ལས་རིགས་ཁག་ལ་ལྟ་ཚུལ།” ཞེས་པའི་བརྗོད་གཞི་ཐོག་ཏུ་ཚོགས་འདུ་ཞིག་འཚོགས་ནས། ཚོགས་འདུའི་ནང་ཡུལ་སྐོར་སྤྲོ་འཆམ། མགྲོན་ཁང་། བཟའ་བཏུང་། སོ་ནམ་ཞིང་ལས་བཅས་ཀྱི་ཚོགས་པ་ཁག་གི་སྐུ་ཚབ་ཚོ་མཉམ་ཞུགས་བྱས་ཏེ། རྒྱ་ནག་དམར་ཤོག་ཚོགས་པས་ཁོ་ཚོའི་སྐུལ་ལྕག་གི་དོན་ཚན་དག་ལ་རྒྱབ་སྐྱོར་བྱེད་མཁན་ས་གནས་དང་མཉམ་འབྲེལ་བ་འཚོལ་ཐབས་བྱེད་ཀྱི་ཡོད་ཀྱང་། ཐའེ་ཝན་གྱི་ཚོང་པ་དང་ཞིང་པ་རྣམས་ཀྱིས་སྲིད་བྱུས་དེ་དག་ནི་བྱེ་མ་ཀ་ར་བྱུགས་པའི་དུག་ཡིན་པ་ཤེས་ཀྱི་ཡོད་ཅེས་དང་། གཡོ་སྒྱུ་རྙིང་པ་དེ་འདྲ་ལག་བསྟར་བྱས་ནས་ལོ་༢༠ སོང་བ་རེད་ཅེས་གཞུང་གི་འབྲེལ་མི་སྣ་དེ་ཡིས་བཤད་འདུགཧོང་ཀོང་དུ་རྟེན་གཞི་བྱས་པའི་རྒྱ་ནག་གི་(China Review News Agency) གསར་འགྱུར་ཁང་གིས་གནས་ཚུལ་སྤེལ་བ་ལྟར་ན། ཚོང་ལས་ལྷན་ཚོགས་དང་ཚོགས་པ་བདུན་གྱིས་དོན་ཚན་དེ་དག་ལ་རྒྱབ་སྐྱོར་བྱེད་ཀྱི་ཡོད་པར་བཤད་ཡོད་འདུགསྐུལ་ལྕག་གི་དོན་ཚན་དེ་དག་ནི་ཕྱི་ཟླ་༤ ཚེས་༡༢ ཉིན་གོ་མིན་ཏང་སྲིད་དོན་ཚོགས་པའི་ཚོགས་གཙོ་ཀྲེང་ལི་ཝུན་(Cheng Li-wun)གྱིས་རྒྱ་ནག་ལ་ལྟ་སྐོར་ཕྱིན་པའི་ཉིན་མཐའ་མར་ཕྱི་བསྒྲགས་བྱས་པ་ཞིག་རེད་འདུག སྐབས་དེར་གོ་མིན་ཏང་གི་འགོ་ཁྲིད་ཁོང་གིས་རྒྱ་ནག་གི་སྲིད་འཛིན་ཞི་ཅིན་ཕིང་དང་ཐུག་འཕྲད་བྱས་ཤིང་། ད་དུང་གོ་མིན་ཏང་སྲིད་དོན་ཚོགས་པའི་འདས་པའི་ལོ་རྒྱུས་ཀྱི་བསླབ་བྱ་དང་། བོད་པ་དང་ཧོང་ཀོང་གཉིས་ལ་འཕྲད་པའི་བཟོད་དཀའ་བའི་ཉམས་མྱོང་། དེ་བཞིན་སྔོན་ཆད་གོ་མིན་ཏང་དང་དམར་ཤོག་ཚོགས་པ་མཉམ་འབྲེལ་བྱས་པའི་སྐྱོ་གར་བཅས་ལ་སྣང་ཆུང་བྱས་ཡོད་པ་རེད་ཅེས་སྐྱོན་བརྗོད་བྱས་འདུགདེ་སྔོན་ཡང་རྒྱ་ནག་གིས་དམིགས་བསལ་གྱི་ཁེ་ཕན་ལྡན་པའི་སྲིད་བྱུས་ཞེས་བསྒྲགས་པ་རྣམས་དོན་དངོས་ཐོག་ཁ་དན་དོན་ལ་མ་གནས་པའི་སྟོང་པ་ཆགས་པ་མང་པོ་རེད། བཟོ་ལས་ཚོགས་པ་ཁག་གི་རྒྱབ་སྐྱོར་འཚོལ་བ་ཕུད། གོ་མིན་ཏང་ཚོགས་པས་ཁྲིམས་བཟོ་ལྷན་ཁང་ནང་དུ་རྒྱ་ནག་དམར་ཤོག་དང་མཉམ་འབྲེལ་བྱེད་རྒྱུར་སྐུལ་འདེད་གཏོང་སྲིད་པ་དང་། དེར་ཐེ་ཝན་མི་མང་གིས་ངོ་རྒོལ་བྱེད་ངེས་རེད། མི་མང་གིས་རྒྱལ་ཁབ་ཀྱི་རང་དབང་དང་མང་གཙོ་སྲུང་སྐྱོབ་བྱེད་དགོས་པ་དང་། ཐེ་ཝན་རྒྱ་ནག་དང་གཅིག་གྱུར་གྱི་སྒྲོམ་གཞིའི་ནང་དུ་ཚུད་དུ་འཇུག་མི་རུང་བའི་འབོད་སྐུལ་བྱས་ཡོད་འདུགདཔལ་འབྱོར་མང་གཙོ་མཐུན་ཚོགས་ཀྱི་འབྲེལ་མཐུད་པ་(Lai Chung-chiang) གིས་ཀྱང་ཐབས་བྱུས་དེ་དག་དུག་དང་འདྲ་བར་ཡིན་པ་དང་། པེ་ཅིང་གིས་ཡུལ་སྐོར་སྤྲོ་འཆམ་དང་ཚོང་ལས་དེ་དག་ལག་ཆར་བཀོལ་ནས་གནོན་ཤུགས་སྤྲོད་ཀྱི་ཡོད་པར་དང་། བཟོ་ལས་ཚོགས་པ་ཁག་གིས་རྒྱ་ནག་དམར་ཤོག་གི་ཆབ་སྲིད་ཀྱི་དམིགས་ཡུལ་དེ་དག་རྒྱ་ཁྱབ་ཏུ་གཏོང་བའི་ལས་ཀ་བྱེད་མི་རུང་ཞེས་ཁོང་གིས་བཤད་འདུགགལ་ཏེ་ཐའེ་ཝན་གྱི་མགྲོན་ཁང་དང་ཚོང་ལས་ཁག་གིས་གནས་སྐབས་ཀྱི་ཁེ་ཕན་ལ་བལྟས་ནས་མཐུན་རྐྱེན་སྦྱོར་བའི་མ་རྩ་བཙུགས་ན། རྗེས་སུ་པེ་ཅིང་གིས་སྲིད་བྱུས་འགྱུར་བ་གཏོང་དུས་གྱོང་གུད་ཆེན་པོ་ཕོག་རྒྱུའི་ཉེན་ཁ་ཡོད་པ་དང་། ཞིང་ལས་དང་ཉ་ལས་ཐོན་རྫས་རྒྱ་ནག་ལ་ཕྱིར་འདྲེན་བྱེད་རྒྱུའི་ཐད་ནས་ཀྱང་། པེ་ཅིང་གིས་ཚོང་ལས་བརྟག་དཔྱད་དེ་ཆབ་སྲིད་དང་མ་འབྲེལ་བ་ཞིག་མ་བཟོས་བར་དུ། ཐེ་ཝན་གྱི་ཐོན་རྫས་རྣམས་ལ་ཆབ་སྲིད་ཀྱི་ཉེན་ཁ་ཆེན་པོ་ཡོད་ཅེས་བཤདའདུགཁོང་གིས་ཐའེ་ཝན་གྱི་ཞིང་ལས་དང་ཉ་ལས་སྡེ་ཚན་རྣམས་ལ་སྔོན་གྱི་ལོ་རྒྱུས་ལ་བལྟས་ནས་བསླབ་བྱ་ལེན་དགོས་པ་དང་། ནོར་འཁྲུལ་བསྐྱར་ཟློས་མི་བྱེད་པའི་འབོད་སྐུལ་བྱས་འདུག དེ་མིན་ན། རྒྱ་ནག་དམར་ཤོག་ཚོགས་པས་དཔལ་འབྱོར་གྱི་བཙན་ཤེད་ཆེ་རུ་གཏོང་བྱེད་ཀྱི་གཡོ་སྒྱུ་རྙིང་པའི་ནང་དུ་ཡང་བསྐྱར་འཚུད་རྒྱུའི་ཉེན་ཁ་ཡོད་པ་དང་། བཟོ་ལས་ཚོགས་པ་ཁག་གིས་རྒྱ་ནག་གི་ཆབ་སྲིད་ཀྱི་གཡོ་བྱུས་འོག་གཏན་ནས་འགྲོ་མི་རུང་བར། ཐེ་ཝན་གྱི་ཁྲོམ་རྭ་དེ་སྣ་མང་དང་བརྟན་པོ་བཟོ་རྒྱུར་རྒྱབ་སྐྱོར་བྱེད་དགོས་པའི་འབོད་སྐུལ་བྱས་ཡོད་འདུགགསར་འགོད་པ། བསོད་ནམས་ཕུན་ཚོགས།




