བོད་རང་དབང་འཐབ་རྩོད་པའི་ལྷན་འཛོམས་སྐོར་བཅར་འདྲི།

2 weeks ago

༧གོང་ས་མཆོག་གི་༸སྐུའི་གོ་སྟོན་དང་བྱམས་བརྩེའི་ལོ་སྲུང་བརྩིའི་ལས་རིམ་ཆ་ཤས་སུ་བོད་མིའི་སྒྲིག་འཛུགས་ཀྱི་བདེ་སྲུང་ལས་ཁུངས་ཀྱི་གོ་སྒྲིག་འོག ཕྱི་ལོ་༢༠༢༦ ཟླ་༤ ཚེས་༢༤ དང་ ༢༥ བཅས་ཉིན་གྲངས་གཉིས་རིང་། དྷ་སའི་ཉེ་འདབས་སུ་ཆགས་པའི་འཛིན་སྐྱོང་སྦྱོར་བརྡར་བསྟི་གནས་ཁང་དུ་བོད་རང་དབང་འཐབ་རྩོད་པའི་ལྷན་འཛོམས་ཤིག་བསྐོང་ཚོགས་ཡོད་པ་དང་། ཚོགས་བཅར་བའི་ཁོངས་སུ་ཆབ་སྲིད་བཙོན་ཟུར་དང་འབྲེལ་ཆགས། བོད་དམག་ཟུར་པ། ཆུ་སྒང་བསྟན་སྲུང་དྭང་བླངས་ དམག་ཟུར། བློ་སྒྲིག་དམག་ཟུར། དམག་སྒར་ཨང་༢༢ དམག་ཟུར་སྐུ་ཚབ། ྋརྒྱལ་བའི་སྐུ་སྲུང་ཟུར་པའི་སྐུ་ཚབ། བདེ་སྲུང་ལས་ཁུངས་ཀྱི་འབྲེལ་ཡོད་སྐུ་ཚབ་བཅས་ཁྱོན་ཚོགས་བཅར་བ་༨༩ དངོས་སུ་ཕེབས་ཡོད་འདུག དེ་རིང་ཕྱི་ཚེས་༢༧ ཉིན་གྱི་སྔ་དྲོ། ༧གོང་ས་མཆོག་གིས་བཞུགས་སྒར་རྒྱལ་བའི་ཕོ་བྲང་དུ་ཚོགས་བཅར་བ་རྣམས་ལ་མཇལ་ཁ་བསྩལ་བའི་རྗེས། གཙུག་ལག་ཁང་གི་གསུང་ཆོས་ར་བའི་ནང་། བདེ་སྲུང་བཀའ་བློན་རྒྱ་རི་སྒྲོལ་མ་དབུ་བཞུགས་ཐོག་བོད་རང་དབང་འཐབ་རྩོད་པའི་ལྷན་འཛོམས་ཀྱི་མཇུག་བསྡོམས་མཛད་སྒོ་ཚོགས་སོང་།
Watch on YouTube