མཆོད་དབྱངས་གངས་རི་ར་བས་ཞེས་པ་ཞིག་འདོན་སྤེལ་གནང་འཆར།
ཨོ་་སི་ཊོ་ལི་ཡར་གནས་གཞུགས་བོད་རིགས་རྒྱུ་རྩལ་བ་གྲགས་ཅན་བསྟན་འཛིན་ཆོས་རྒྱལ་ལགས་དང་གླུ་གཞས་སྒྲིག་སྦྱོར་བ་གྲགས་ཅན་སྐུ་ཞབས་ཧྥི་ལེབ་གྷི་ལ་སི་གཉིས་ཀྱིས་མཉམ་འབྲེལ་ཐོག་འཆར་ལ་ཉེ་བའི་བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་དགུང་གྲངས་དགུ་བཅུར་ཕེབས་པའི་༸སྐུའི་འཁྲུངས་སྐར་དང་སྟབས་བསྟུན་ནས་གླུ་གཞས་ ༼གངས་རི་ར་བས་༽ཞེས་པ་ཞིག་ཕྱི་ཟླ་ ༧ཚེས་ ༥ ཉིན་འདོན་སྤེལ་གནང་འཆར་ཡོད་པ་རེད་འདུག གླུ་གཞས་དེ་ནི་ཁོང་གི་ཆེད་སྒྲིག་གསར་ཤོས། ནམ་མཁའ་རང་གི་ངང་དུ་ཞོག་ཅེས་པའི་ཆ་ཤས་ཤིག་ཡིན་པ་རེད་འདུག





