རིས་མེད་མཁས་པའི་བགྲོ་གླེང་གི་དགེ་མཚན།

4 months ago

རིས་མེད་མཁས་པའི་བགྲོ་གླེང་གི་དགེ་མཚན། བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་ལ་འབྲས་སྤུངས་བློ་གསལ་གླིང་གྲྭ་ཚང་གིས་གོ་སྒྲིག་ཞུས་པའི་རིས་མེད་མཁས་པའི་བགྲོ་གླེང་གི་ཚོགས་བཅར་བ་རྣམས་ཀྱིས་ཇི་ལྟར་གསོལ་འདེབས་ཞུས་པ་བཞིན་དེ་རིང་ཕྱི་ལོ་ ༢༠༢༦ ཕྱི་ཟླ་ ༡ ཚེས་ ༢ ཉིན་མགོན་པོ་མཆོག་ནས་ཁོང་རྣམས་ལ་མཇལ་ཁ་སྩལ་གནང་ཡོད་ཅིང་། མཇལ་ཁ་གྲུབ་པའི་རྗེས་སུ་འདི་གའི་རྒྱ་གར་ལྷོ་ཕྱོགས་ཆེད་གཉེར་གསར་འགོད་པས་བགྲོ་གླེང་གོ་སྒྲིག་ཚོགས་ཆུང་དང་ཚོགས་བཅར་བ་ཁག་ཅིག་ལ་རིས་མེད་མཁས་པའི་བགྲོ་གླེང་ཇི་ལྟར་བྱུང་ཡོད་མེད་དང་། བགྲོ་གླེང་དེའི་ཐོག་ནས་མྱོང་ཚོར་ཇི་བྱུང་སོགས་ཀྱི་ཐད་ལ་བཅར་འདྲི་ཞུས་ཡོད། གཞི་རྩའི་རིས་མེད་མཁས་པའི་བགྲོ་གླེང་དེ་བཞིན་འབྲས་སྤུངས་བློ་གསལ་གླིང་གྲྭ་ཚང་གིས་གོ་སྒྲིག་འོག ཕྱི་ཟླ་ ༡༢ ཚེས་ ༢༩ ནས་འགོ་འཛུགས་གནང་སྟེ། ཕྱི་ལོ་ ༢༠༢༦ ཚེས་ ༡ ཚེས་ ༡ ཉིན་མཇུག་སྒྲིལ་གནང་ཡོད་པ་དང་། ཉིན་གྲངས་དེ་དག་གི་ནང་གཡུང་དྲུང་བོན་དང་། རྙིང་མ། བཀའ་བརྒྱུད། ས་སྐྱ། དགེ་ལུགས། ཇོ་ནང་དང་བཅས་ནས་མཁས་པ་ ༢༤ ལྷག་བློ་གསལ་གླིང་འདུ་ཁང་ནང་ལྷན་འཛོམས་ཐོག་༸རྒྱལ་བའི་མཛད་རྣམ་དང་སྤྱོད་འཇུག་ཆེན་མོ་ཞེས་པའི་བརྗོད་གཞི་གཉིས་དང་འབྲེལ་ནས། མཁས་པ་སོ་སོས་བྲིས་པའི་སྤྱོད་འཇུག་ལེའུ་དགུ་པ་བར་གྱི་དཔྱད་རྩོམ་ཐོག་གསུང་བཤད་དང་དྲི་བ་དྲིས་ལན་སོགས་གནང་ཡོད་པ་རེད་འདུག །
Watch on YouTube