ལ་དྭགས་བརྟན་བཞུགས་བསྟར་འབུལ་སྐབས་སྩལ་བའི་བཀའ་སློབ།
ལ་དྭགས་སུ་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་བརྟན་བཞུགས་བསྟར་འབུལ།
Ladakh Buddhists Offer Long Life Prayer for His Holiness the Dalai Lama
བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་དེ་རིང་ཕྱི་ལོ་ ༢༠༢༥ ཟླ་ ༨ ཚེས་ ༡༧ ཉིན་ལ་དྭགས་ནང་ཚོགས་དང་དགོན་ཚོགས་ཐུན་མོང་ནས་ལ་དྭགས་གླེ་ཞི་བའི་ཚལ་དུས་དབང་གསུང་ཆོས་ར་བར་བརྟན་བཞུགས་བསྟར་འབུལ་སྐབས། བོད་རྒྱའི་དཀའ་རྙོག་སེལ་ཐུབ་པའི་ཐུགས་རེ་གནང་བཞིན་ཡོད་པ་བཀའ་སྩལ་གནང་སོང་ལ། མགོན་པ་གང་ཉིད་སྐུ་ཚེ་ཡུན་རིང་བཞུགས་རྒྱུའི་བཀའ་བཞེས་བཟང་པོ་ཡང་སྩལ་གནང་སོང་། །
On August 17, the Ladakh Buddhist Association and the Ladakh Gonpa Association offered a Long Life Prayer to His Holiness the Dalai Lama at the Kalachakra Ground in Leh. In his remarks, His Holiness reaffirmed his commitment to live a long life.





