ལྷག་མཐོང་ཆེན་མོའི་ཟབ་སྦྱོང་འཛིན་གྲྭ་ལ་ཕེབས་པའི་སློབ་གཉེར་བ་སོགས་ལ་མཇལ་ཁ་སྩལ་བ།

3 months ago

བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ནས་དེ་རིང་ཕྱི་ལོ་ ༢༠༢༦ ཟླ་བ་ ༡ ཚེས་ ༡༦ ཉིན་དཔལ་ལྡན་འབྲས་སྤུངས་སྒོ་མང་གྲྭ་ཚང་གི་ཆོས་གྲྭའི་ནང་ལྡི་ལི་བོད་ཁང་གི་ལམ་རིམ་ལྷག་མཐོང་ཆེན་མོའི་ཟབ་སྦྱོང་འཛིན་གྲྭ་ལ་ཕེབས་པའི་རྒྱལ་ཁབ་ ༢༦ གི་སློབ་གཉེར་བས་གཙོས་དད་ལྡན་བཞི་བརྒྱ་ལྷག་ལ་མཇལ་ཁ་སྩལ་གནང་མཛད་ཡོད་ཅིང་། སྐབས་དེར་མགོན་པོ་མཆོག་ནས་གང་ཉིད་ཀྱིས་སྐུ་ན་གཞོན་དུས་ནས་སློབ་གཉེར་སྐྱོན་སྟངས་ལ་ཕྱིར་དྲན་དང་འབྲེལ། དེང་སང་གི་དུས་ཚོད་ནང་ཆོས་ལུགས་འདྲ་མིན་སྣ་ཚོགས་པ་ཡོད་པ་དང་། དེ་བཞིན་ཆོས་དད་ཡོད་དང་མེད་ཅི་རིགས་པའི་གནས་སྐབས་སུ་ནང་པ་སངས་རྒྱས་པའི་ཆོས་འདི་ཕན་ཐོགས་ཆེན་པོ་ཡོད་པ། མ་ཟད་སངས་རྒྱས་པའི་ཆོས་ཀྱི་སློབ་གཉེར་རྒྱག་སྟངས་དེ་རིག་པའི་ལམ་ནས་གཙོ་བོར་འགྲོ་དགོས་པ་སོགས་ཀྱི་བཀའ་སྩལ་གནང་མཛད་འདུག །
Watch on YouTube