ཤྲཱི་དགའ་ལྡན་དར་རྒྱས་གླིང་གྲྭ་ཚང་གིས་བརྟན་བཞུགས་བསྟར་འབུལ།
༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་ལ་བལ་ཡུལ་སྤོག་ར་བཀྲ་ཤིས་གླིང་གཞིས་ཁོངས། ཤྲཱི་དགའ་ལྡན་དར་རྒྱས་གླིང་གྲྭ་ཚང་གིས་བརྟན་བཞུགས་བསྟར་འབུལ།
བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གི་སྐུ་ཚེའི་བརྟན་ཆེད་དེ་རིང་ཕྱི་ཟླ་ ༡༠ ཚེས་ ༡༦ ཉིན་བལ་ཡུལ་སྤོག་ར་བཀྲ་ཤིས་གླིང་གཞིས་ཁོངས། ཤྲཱི་དགའ་ལྡན་དར་རྒྱས་གླིང་གྲྭ་ཚང་གིས་བཞུགས་སྒར་རྒྱལ་བའི་ཕོ་བྲང་དུ་གྲྭ་ཚང་དེ་གའི་མཁན་པོ་མཆོག་སྤྲུལ་བློ་བཟང་འཇམ་དབྱངས་དབུས་པའི་གྲྭ་ཚང་གི་དགེ་འདུན་པ་རྣམ་པས་གཟིམ་ཆུང་བརྟན་བཞུགས་སྟབས་བདེ་ཞིག་བསྟར་འབུལ་ཞུས་གནང་སོང་། །





