སྐབས་ ༡༧ པའི་བོད་མི་མང་སྤྱི་འཐུས་གྲོས་ཚོགས་ཚོགས་དུས་བཅུ་གཅིག་པ་དབུ་འཛུགས།

1 month ago

ཕྱི་ལོ་ ༢༠༢༦ ཟླ་ ༣ ཚེས་ ༡༦ ཉིན་སྐབས་བཅུ་བདུན་པའི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གྲོས་ཚོགས་ཚོགས་དུས་བཅུ་གཅིག་པ་ སྔོན་རྩིས་གྲོས་ཚོགས་དབུ་འཛུགས་གནང་ཞིང་། ཕྱི་ཟླ་ ༣ ཚེས་ ༣༠ བར་གྱི་ལས་ཉིན་བཅུ་གསུམ་རིང་། གཙོ་བོ་བོད་མིའི་སྒྲིག་འཛུགས་ཀྱི་ ༢༠༢༦་༢༧ ལོའི་ལོ་འཁོར་སྔོན་རྩིས་བགྲོ་གླེང་དང་གཏན་འབེབས་གནང་རྒྱུ་མ་ཟད། བོད་ནང་གི་ཛ་དྲག་གནས་སྟངས་ཐོག་གཞུང་འབྲེལ་གདུང་སེམས་མཉམ་བསྐྱེད་ཀྱི་གྲོས་ཆོད། ཁྲིམས་བཟོའི་ལས་དོན། མྱ་ངན་གུས་འདུད། སྤྱི་འཐུས་སྒེར་གྱི་གྲོས་ཆོད་སོགས་གལ་ཆེའི་ལས་དོན་ཁག་ལ་བགྲོ་གླེང་དང་གཏན་འབེབས་གནང་རྒྱུ་ཡིན་པ་རེད་འདུག །
Watch on YouTube