ཕྱི་ལོ་ ༢༠༢༥ ཕྱི་ཟླ་ ༡༠ པའི་ནང་ཨ་རིའི་ཕྱི་སྲིད་ལས་ཁུངས་ཀྱི་ཁྱབ་ཁོངས་དམངས་གཙོ་དང་འགྲོ་བ་མིའི་ཐོབ་ཐང་། ངལ་རྩོལ་སྡེ་ཚན་གྱི་དྲུང་ཆེའི་ཕྱག་རོགས་ཏུ་བསྐོ་བཞག་བྱུང་བའི་སྐུ་ཞབས་ Riley M. Barnes ལགས་ཨ་རིའི་བོད་དོན་དམིགས་བསལ་འབྲེལ་མཐུད་པར་བསྐོ་བཞག་གནང་ཡོད་པ་རེད་འདུག འོན་ཀྱང་ད་ལྟའི་ཆར་ཨ་རི་གཞུང་གི་ངོས་ནས་དེ་འབྲེལ་གཞུང་འབྲེལ་གྱི་གསལ་བསྒྲགས་གང་ཡང་གནང་མིན་འདུག རྩ་བའི་སྐུ་ཞབས་ Riley Barnes ལགས་ནི་ Texas མངའ་ཁོངས་ཀྱི་ Uvalde ས་ཁུལ་ནས་ཡིན་པ་དང་། ཁོང་ནས་ Washington and Lee གཙུག་ལག་སློབ་གཉེར་ཁང་ནས་ཆབ་སྲིད་ཐོག་ཉེ་བའི་བཙུག་ལག་རབ་བྱམས་པ་དང་། Texas A&M གཙུག་ལག་སློབ་གཉེར་ཁང་གི་ Bush གཞུང་ཞབས་སྦྱོང་བརྡར་ཁང་ནས་རྒྱལ་སྤྱིའི་འབྲེལ་བའི་ཐོག་གཙུག་ལག་རབ་བྱམས་པའི་སློབ་ཐོན་གནང་རྗེས། གྲོས་ཚོགས་གོང་མའི་ Texas འཐུས་མི་ John Cornyn ལགས་ཀྱི་གཏམ་བཤད་རྩོམ་སྒྲིག་པ་རྒན་པའི་ཕྱག་ལས་གནང་འདུག དེ་རྗེས་ཁོང་ནས་ཨ་རིའི་ཕྱི་སྲིད་ལས་ཁུངས་ཀྱི་ནང་དུ་ཕྱག་ལས་གནང་འགོ་བཙུགས་པའི་ཁྲོད། ཕྱི་སྲིད་ལས་ཁུངས་ཀྱི་སྲིད་བྱུས་འཆར་འགོད་དྲུང་ཆེའི་གཏམ་བཤད་རྩོམ་སྒྲིག་པ་དང་། ཨ་རིའི་རྒྱལ་སྤྱིའི་ཆོས་དད་རང་དབང་ལྷན་ཚོགས་ཀྱི་འགྲིན་ཚབ་པའི་སློབ་སྟོན་པ། ཨ་རིའི་དམངས་གཙོ་དང་འགྲོ་བ་མིའི་ཐོབ་ཐང་། ངལ་རྩོལ་སྡེ་ཚན་གྱི་དྲུང་ལས་གཞོན་པ་སོགས་ལས་གནས་འདྲ་མིན་ལྔའི་ཐོག་ཕྱག་ལས་གནང་མྱོང་ཡོད་པའི་ཁར། སྔ་ལོའི་ཕྱི་ཟླ་ ༡༠ པའི་ནང་སྐུ་ཞབས་ Riley ཁོང་ཨ་རིའི་ཕྱི་སྲིད་ལས་ཁུངས་ཀྱི་དམངས་གཙོ་དང་འགྲོ་བ་མིའི་ཐོབ་ཐང་། ངལ་རྩོལ་སྡེ་ཚན་གྱི་དྲུང་ཆེའི་ཕྱག་རོགས་ཏུ་བསྐོ་བཞག་བྱུང་ཡོད་འདུག རྩ་བའི་ཨ་རི་གཞུང་གིས་ད་ལྟའི་ཆར་སྐུ་ཞབས་ Riley Barnes ལགས་བོད་དོན་དམིགས་བསལ་འབྲེལ་མཐུད་པར་བསྐོ་བཞག་བྱས་ཡོད་པའི་གནས་ཚུལ་གཞུང་འབྲེལ་ཐོག་གསལ་བསྒྲགས་གནང་མེད་པ་རེད། ཡིན་ནའང་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་གིས་ཁ་ཉིན་ཨ་རིའི་རྒྱལ་ས་ Washington DC ནང་དུ་རྟེན་གཞི་བྱས་པའི་ Atlantic […]
The post སྐུ་ཞབས་ Riley M. Barnes ལགས་ཨ་རིའི་བོད་དོན་དམིགས་བསལ་འབྲེལ་མཐུད་པར་བསྐོ་བཞག་གནང་ཡོད་འདུག appeared first on vot.




