སྨིན་ཐང་དགོན་གྱི་དགོན་བདག་མཆོག་སྤྲུལ་རྡོ་རྗེ་བརྟན་མཆོག་འཛིན་བཟུང་བྱེད་དོན་གང་ཡིན་ནམ།
སྨིན་ཐང་དགོན་གྱི་དགོན་བདག་མཆོག་སྤྲུལ་རྡོ་རྗེ་བརྟན་མཆོག་འཛིན་བཟུང་བྱེད་དོན་གང་ཡིན་ནམ།
Minthang Monastery Abbot and Vocational School Principal Arrested; School Closed and Students Sent Home.
བོད་མཚོ་སྔོན་ཞིང་ཆེན་མགོ་ལོག་ཁུལ། གཅིག་སྒྲིལ་རྫོང་སྨིན་ཐང་དགོན་འོད་གསལ་ཐེག་མཆོག་གླིང་གི་དགོན་བདག་དང་། རྡོ་རྗེ་བརྟན་ མི་རིགས་ལས་རིགས་ལག་རྩལ་སློབ་གྲྭའི་སློབ་གཙོ་ སྤྲུལ་སྐུ་རྡོ་རྗེ་བརྟན་མཆོག་རྒྱུ་རྐྱེན་ཁ་གསལ་གང་ཡང་མེད་པར་ཉེ་ལམ་ཟླ་བ་འདིའི་ཚེས་ ༤ ཉིན་རྒྱ་ནག་གཞུང་གིས་འཛིན་བཟུང་བྱས་ཏེ་གང་དུ་འཕྲིད་པ་དང་ད་ལྟ་གང་དུ་ཡོད་པ་འབྲེལ་ཡོད་སུས་ཀྱང་ཤེས་རྟོགས་མེད་པའི་གནས་ཚུལ་ཐོན་འདུག །





