ཨམ་སྐད་ཀྱི་སྔ་དྲོའི་ལས་རིམ། ༢༠༢༥ལོའི་ཟླ ༣ པའི་ཚེས ༤ཉིན། | ཨམ་སྐད་ལས་རིམ།

1 year ago

༢༠༢༥ ལོའི་ཟླ ༣ པའི་ཚེས ༤འི་ཨམ་སྐད་ཀྱི་སྔ་དྲོའི་གསར་འགྱུར་ཁག ༡༽ བོད་ལྗོངས་དིང་རི་ས་ཁུལ་དུ་ས་འགུལ་གྱི་གོད་ཆག་བྱུང་རྐྱེན་རྒྱ་ནག་གཞུང་གིས་ཡུལ་མི ༡༢༠༠༠༠ ལ་སྡོད་ཁང་གསར་རྒྱག་བྱེད་རྒྱུ་ཡིན་པ་བསྒྲགས་ཡོད་པ་ལྟར། ཉམས་ཞིབ་པས་སྡོད་ཁང་གི་སྤུས་ཚད་སྐྱོ་པོ་མིན་པ་དང་ལྐོག་ཟ་རུལ་སུངས་ ཀྱི་གནད་དོན་མི་ཡོང་བ་བྱ་རྒྱུ་གལ་ཆེ་ཞེས་འབོད་སྐུལ་གནང་འདུག ༢༽བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་རྒྱ་གར་ལྷོ་ཕྱོགས་སྦེ་ལ་ཀོ་པི་ལུགས་བདེ་གཞིས་ཁུངས་གཉིས་དང་ཧོན་སུར་བཅས་སུ་ཉིན ༢༠འི་རིང་གི་འཚམས་གཟིགས་ཁག་ལེགས་གྲུབ་བྱུང་ཏེ་ཕྱིར་བཞུགས་སྒར་དུ་ཕེབས་ཐོན་ཡོད་པ་རེད། w/s. ༣༽ གནས་མཆོག་རྡོ་རྗེ་གདན་གྱི་བྱང་ཆུབ་མཆོད་རྟེན་གྱི་འཛིན་སྐྱོང་བདག་དབང་ནང་པ་རང་ལ་དགོས་ཞེས་ལ་དྭགས་སུ་ཉིན་གཅིག་གི་ཟས་བཅད་ངོ་རྒོལ་གནང་འདུག w/s. ༤༽ཐའེ་ལནྡི་ཡིས་ཁམ་བྷོ་ཌི་ཡ་དང་ཐའེ་ལནྡིའི་ས་མཚམས་སུ་རྩིག་པ་བརྒྱབ་ནས་ཁ་བསླུས་རྒྱག་འི་ནག་ཚོགས་རིགས་འགོག་ཐབས་བྱེད་འཆར་ཡོད་པ་རེད། Hosted on Acast. See acast.com/privacy (https://acast.com/privacy) for more information. Episode link: https://play.headliner.app/episode/25890881?utm_source=youtube
Watch on YouTube