ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་བརྙན་འཕྲིན། ༢༠༢༥།༠༢།༠༨ RFA Tibetan TV Program- February 8, 2025
ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་བརྙན་འཕྲིན། ༢༠༢༥།༠༢།༠༨
ཐེངས་འདིའི་བརྙན་འཕྲིན་ནང་།
སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས་རྒྱ་གར་ལྷོ་ཕྱོགས་ཀར་ན་ཊ་ཀ་མངའ་སྡེའི་སོ་ནམ་སྡེ་ཚན་གྱི་སྤྱི་ཁྱབ་འགན་འཛིན་དང་སྦེལ་ཀོབ་བདེ་སྐྱིད་སླར་གསོ་གཞིས་ཁོངས་ཀྱི་བགྲེས་སོང་བཅས་ལ་མཇལ་ཁ་སྩལ་གནང་མཛད་འདུག
བོད་ནང་གི་ས་ཁུལ་ཁག་བཞིའི་ནང་མེ་སྐྱོན་ཤུགས་ཆེ་བྱུང་ཡོད་ཀྱང་རྒྱ་ནག་གཞུང་འབྲེལ་ངོས་ནས་ཞིབ་ཕྲའི་གནས་ཚུལ་ཁ་གསལ་ཕྱིར་བསྒྲགས་བྱས་མེད་ཅིང་། བོད་མི་ཚོས་མེ་སྐྱོན་དང་འབྲེལ་བའི་གནས་ཚུལ་ཕྱིར་སྤྲོད་མི་ཆོག་པའི་དོ་དམ་བྱས་འདུག
བོད་ནང་སྨྲ་བརྗོད་རང་དབང་ལ་ཚོད་འཛིན་བཀག་སྡོམ་དང་རྒྱ་ནག་གཞུང་དང་བསམ་ཚུལ་མི་མཐུན་པའི་མི་སྣ་ཚོར་དྲག་གནོན་བྱེད་བཞིན་ཡོད་པའི་སྐོར་འགྲོ་བ་མིའི་ཐོབ་ཐང་དང་འབྲེལ་བའི་དམིགས་བསལ་སྙན་ཐོ་འདོན་སྤེལ་བྱས་འདུག
ཤེས་ཡོན་སློབ་གསོ་བ་སྐལ་བཟང་དབང་འདུས་ལགས་དང་ལྷན་བྱིས་པ་གསོ་སྐྱོང་བྱེད་ཕྱོགས་དང་ཤེས་ཡོན་སློབ་གསོའི་སྐོར་གླེང་མོལ་ཞུས་པ་བཅས་རྒྱང་སྲིང་ཞུ་རྒྱུ་ཡོད།
RFA Tibetan TV Program- February 8, 2025
Anchor: Tashi Wangchuk
Producer: Passang Dhonden
___________________________________________________
བོད་སྐད་སྡེ་ཚན། Service web: http://www.rfa.org/tibetan/
Subscribe: http://bit.ly/29XoS4k
Youtube: https://www.youtube.com/user/RFATibetan
facebook: https://www.facebook.com/rfa.tibetan
twitter: https://twitter.com/rfatibet
soundcloud: https://soundcloud.com/rfatibetan
podcast: http://www.rfa.org/tibetan/podcasts/





