Tibetan
འདས་ལོར་བོད་པའི་སློབ་མ་ཁྲི་གཅིག་ལྷག་རྒྱ་ནག་ཏུ་སློབ་སྦྱོང་བྱེད་པར་བཏང་འདུག
འདས་ལོར་རྒྱ་ནག་གི་སློབ་གྲྭ་ཁག་ཏུ་སློབ་སྦྱོང་བྱེད་མཁན་གྱི་བོད་པའི་སློབ་མ་ཁྲི་གཅིག་ལྷག་བྱུང་བ་དང་དེ་ནི་ད་སྔ་བར་གྱི་གྲངས་འབོར་མང་ཤོས་ཤིག་ཡིན་སྐོར་རྗོད་ཀྱིན་འདུག་ལ། རྒྱ་ནག་ཏུ་སློབ་སྦྱོང་བྱེད་པར་འགྲོ་བ་ནི་རྒྱ་བསྒྱུར་གྱི་ལམ་ཁར་ཞུགས་ཀྱི་ཡོད་པ་ཉམས་ཞིབ་པས་བརྗོད་བྱུང་། The post འདས་ལོར་བོད་པའི་སློབ་མ་ཁྲི་གཅིག་ལྷག་རྒྱ་ནག་ཏུ་སློབ་སྦྱོང་བྱེད་པར་བཏང་འདུག appeared first on བོད་ཀྱི་དུས་བབ།.
ལོན་ཌོན་དུ་རྒྱ་ནག་གཞུང་ཚབ་གསར་རྒྱག་གི་ལས་གཞིར་ངོ་རྒོལ་ཤུགས་ཆེ་གནང་འདུག
དབྱིན་ཡུལ་གྱི་སྲིད་བློན་ Keir Starmer མཆོག་ཟླ་བ་འདིའི་ཟླ་མཇུག་ཏུ་རྒྱ་ནག་ལ་རྒྱལ་དོན་འཚམས་གཟིགས་ལ་ཕེབས་རྒྱུ་དང་བསྟུན། དེ་རིང་ངམ་སང་ཉིན་གྱི་དུས་ཚོད་གང་རུང་ཞིག་སྲིད་བློན་ངོས་ནས་ཕྱི་ལོ་ ༢༠༡༨ ནས་འགོག་རྐྱེན་སྣ་ཚོགས་འོག་འགག་ནས་བསྡད་པའི་རྒྱ་ནག་གི་གཞུང་ཚབ་གསར་རྒྱག་གི་ལས་གཞིར་ཆོག་མཆན་གནང་རྒྱུའི་ཚོད་དཔག་གནང་བཞིན་པ་ལྟར། ཁ་ཉིན་རེས་གཟའ་སྤེན་པའི་ཉིན་རྒྱབ་དབྱིན་ཡུལ་གྱི་རྒྱལ་ས་ལོན་ཌོན་དུ་བོད་མི་དང་ཡུ་གུར་བ། དེ་བཞིན་ཧོང་ཀོང་གི་མང་གཙོ་དོན་གཉེར་བ་སོགས་བརྒྱ་ཕྲག་འདུ་འཛོམས་ཀྱིས་ལས་གཞི་དེར་ངོ་རྒོལ་མཐའ་གཅིག་ཏུ་གནང་འདུག དེ་ཡང་ཁ་ཉིན་ཕྱི་ཚེས་ ༡༧ ཉིན་རྒྱབ་ཚོུད་ ༢ པའི་ཐོག་དབྱིན་ཡུལ་གྱི་རྒྱལ་ས་ལོན་ཌོན་གྱི་ Royal Mint Court གྱི་མདུན་ཐང་དུ། Inter-Parliamentary Alliance on China (IPAC) ཞེས་རྒྱ་ནག་ལ་གདོང་ལེན་གནང་མཁན་གྱི་གྲོས་ཚོགས་འཐུས་མིའི་མཐུན་ཚོགས་ཀྱི་གོ་སྒྲིག་འོག་བོད་དང་གཉའ་གནོན་འོག་ཚུད་པའི་གྲངས་ཉུང་མི་རིགས་ཀྱི་མཐུན་ཚོགས་ (GATPM) དང་། རྒྱལ་སྤྱིའི་གྲོས་ཚོགས་འཐུས་མིའི་རྒྱ་ནག་ལྟ་ཞིབ་ཚོགས་པའི་ཚོགས་མི། བོད་མི་དང་ཡུ་གུར་བ། ཧོང་ཀོང་གི་མང་གཙོ་དོན་གཉེར་བ་སོགས་ལས་འགུལ་བ་བརྒྱ་ཕྲག་འདུ་འཛོམས་ཀྱིས་རྒྱ་ཆེ་བའི་ངོ་རྒོལ་གྱི་ལས་འགུལ་ཞིག་སྤེལ་འདུག་པ་མ་ཟད། ངོ་རྒོལ་བ་རྣམས་ཀྱིས་སྐབས་དེར་ལག་ཏུ་སྦྱར་ཡིག་སོགས་བསྣམས་པའི་སྟེང་དུ་ནམ་ཡང་རྒྱ་ནག་གཞུང་ཚབ་གསར་རྒྱག་གི་ལས་གཞི་ལ་རྒྱབ་སྐྱོར་མེད་ཅེས་དང་། རྒྱ་ནག་གི་རྒྱལ་མཚམས་ལས་བརྒལ་བའི་དྲག་སྤྱོད་དེ་དག་ཕྲལ་དུ་མཚམས་འཇོག་བྱ་དགོས་ཞེས་སོགས་བྲིས་འདུག རྩ་བའི་རྒྱ་ནག་གཞུང་གིས་ཕྱི་ལོ་ ༢༠༡༨ ལོར་དབྱིན་ཡུལ་གྱི་རྒྱལ་ས་ལོན་ཌོན་དུ་རྟེན་གཞི་བྱས་པའི་ Royal Mint ཞེས་པའི་ས་ཚིགས་གྲགས་ཅན་དེ་ཉོས་ཏེ། དེར་གཞུང་ཚབ་ཁང་ཆེན་པོ་ཞིག་གསར་འཛུགས་བྱེད་རྒྱུའི་འཆར་གཞི་བཏིང་ཡང་། ལས་གཞི་དེའི་ཐད་མི་མང་ཁྲོད་གླེང་སློང་ཆེན་པོ་ཆགས་པ་དང་འབྲེལ།...
བོད་མིའི་སྒྲིག་འཛུགས་ཀྱི་དཔལ་ལྡན་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་གཞུང་འབྲེལ་ཕྱོགས་ཕེབས་གནང་གཏན་འཁེལ་བ།
༄༅། །བོད་མིའི་སྒྲིག་འཛུགས་ཀྱི་དཔལ་ལྡན་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་ཕྱི་ལོ་ ༢༠༢༦ ཟླ་བ་ ༡ ཚེས་ ༢༠ ནས་ཕྱི་ཟླ་ ༢ ཚེས་ ༡༦ བར་རྒྱ་གར་གྱི་རྒྱལ་ས་ལྡི་ལི་དང་། སྦེལ་ཀོབ། ཨ་རི་དང་ཡུ་རོབ་ཀྱི་ས་གནས་ཁག་གཅིག་ལ་ཚོགས་འདུ་གལ་ཆེའི་ནང་མཉམ་ཞུགས་དང་། གཞུང་འབྲེལ་མི་སྣ་ཁག་གཅིག་དང་མཇལ་འཕྲད་སླད་གཞུང་འབྲེལ་ཕྱོགས་ཕེབས་གནང་གཏན་འཁེལ་ཡོད་པ་བཅས།།
༧གོང་ས་མཆོག་སྐབས་ ༣༥ པའི་འཇང་དགུན་ཆོས་ཀྱི་མཐའ་མའི་རྣམ་འགྲེལ་མཚན་ཕུད་དམ་བཅའ་ཆེན་མོའི་ཚོགས་མགོན་དུ་དབུ་བཞུགས་མཛད་པ།
དེ་རིང་ཕྱི་ཚེས་ ༡༨ ཉིན་གྱི་ཉིན་རྒྱབ་བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་རྒྱ་གར་ལྷོ་ཕྱོགས་ཀར་ན་ཊ་ཀ་མངའ་སྡེའི་མོན་གྷོ་རུ་རྟེན་གཞི་བྱས་པའི་བྱེས་ཀྱི་ཆོས་སྡེ་ཆེན་པོ་དཔལ་ལྡན་འབྲས་སྤུངས་བློ་གསལ་གླིང་གྲྭ་ཚང་གི་ཆོས་གྲྭར་ཆིབས་བསྒྱུར་གྱིས་རྣམ་འགྲེལ་མཚན་ཕུད་དམ་བཅའ་ཆེན་མོའི་ཚོགས་མགོན་དུ་དབུ་བཞུགས་མཛད་ཡོད་པ་རེད། དེ་ཡང་དེ་རིང་ཉིན་རྒྱབ་ཕྱག་ཚོད་ ༢།༣༠ ཡས་མས་སུ་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་འབྲས་སྤུངས་སྒོ་མང་ཆོས་གྲྭ་གསར་པའི་གཟིམ་ཆུང་ནས་བློ་གླིང་དབུ་ཆོས་རྣམ་གསུམ་གྱིས་སྤོས་སྣེས་སྤྱན་འདྲེན་དང་བཅས་བློ་གསལ་གླིང་གི་ཆོས་གྲྭར་རྣམ་འགྲེལ་མཚན་ཕུད་དམ་བཅའ་ཆེན་མོའི་ཚོགས་མགོན་དུ་གདན་ཞུ་ལྟར་ཆིབས་བསྒྱུར་བཀའ་དྲིན་མཛད་ཡོད་པ་དང་། ཆོས་གྲྭར་༸ཞབས་སོར་འཁོད་མཚམས་ World Community for Christian Meditation (WCCM) འཛམ་གླིང་ཡེ་ཤུའི་སྒོམ་སྒྲུབ་ཚོགས་པའི་འགོ་འཛིན་དང་ཆོས་ཀྱི་ལམ་སྟོན་པ་ཡི་ཤུ་ཆོས་དཔོན་ཧྥ་རྡིར་ལོ་རེན་སི་ཕི་རི་མན་ Father Laurence Freeman ལགས་སུ་མཇལ་ཁ་སྩལ་ཏེ། བཞུགས་ཁྲིར་ཞབས་སོར་བདེ་བར་འཁོད་རྗེས་བློ་གླིང་མཁན་རིན་པོ་ཆེ་ཡེ་ཤེས་ལྷུན་གྲུབ་ལགས་ནས་མཎྜལ་རྟེན་གསུམ་འདེགས་འབུལ་ཞུས་མཚམས་ཚད་མ་རྣམ་འགྲེལ་གྱི་དམ་བཅའ་དབུ་འཛུགས་གནང་ཡོད་པ་རེད། ད་རེས་འཇང་དགུན་ཆོས་ཀྱི་མཐའ་མའི་རྣམ་འགྲེལ་མཚན་ཕུད་དམ་བཅའ་ཆེན་མོར་དཔལ་ལྡན་འབྲས་སྤུངས་སྒོ་མང་གྲྭ་ཚང་དང་། དགའ་ལྡན་བྱང་རྩེ་གྲྭ་ཚང་། སེར་བྱེས་གྲྭ་ཚང་བཅས་དམ་བཅའ་གནང་ཞིང་། དཔལ་ལྡན་འབྲས་སྤུངས་བློ་གསལ་གླིང་གྲྭ་ཚང་དང་། དགའ་ལྡན་ཤར་རྩེ་གྲྭ་ཚང་། སེར་སྨད་གྲྭ་ཚང་བཅས་ནས་རྟགས་བསལ་གཏོང་གི་ཡོད་ཅིང་། དེ་རིང་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ཆུ་ཚོད་གཉིས་མ་ཟིན་ཙམ་གྱི་་རིང་དམ་བཅའ་ཆེན་མོའི་ཚོགས་མགོན་དུ་དབུ་བཞུགས་ཀྱིས་ཐུགས་དགྱེས་གཟིགས་ཆེན་པོ་མཛད་འདུག འདི་ལོའི་འཇང་དགུན་ཆོས་འདི་བཞིན་ཕྱི་ལོ་ ༢༠༢༥ ཟླ་ ༡༢ ཚེས་ ༢༠ ནས་འགོ་འཛུགས་གནང་ཡོད་པ་དང་། དེ་རིང་ཕྱི་ལོ་ ༢༠༢༦ ཟླ་ ༡ ཚེས་ ༡༨...
སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་བློ་གསལ་གླིང་གྲྭ་ཚང་དུ་རྣམ་འགྲེལ་མཚན་ཕུད་དམ་བཅའ་ཆེན་མོར་དབུ་བཞུགས་གནང་བ།
༄༅། །ཕྱི་ལོ་ ༢༠༢༦ ཟླ་བ་ ༡ ཚེས་ ༡༨ ཉིན་གྱི་ཕྱི་དྲོ་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་རྒྱ་གར་ལྷོ་ཕྱོགས་ཀརནཱ་ཊཀ་མངའ་སྡེའི་མོན་གྷོ་ཌི་རུ་རྟེན་གཞི་བྱས་པའི་བྱེས་ཀྱི་ཆོས་སྡེ་ཆེན་པོ་དཔལ་ལྡན་འབྲས་སྤུངས་བློ་གསལ་གླིང་གྲྭ་ཚང་གི་ཆོས་གྲྭར་ཆིབས་བསྒྱུར་གྱིས་རྣམ་འགྲེལ་མཚན་ཕུད་དམ་བཅའ་ཆེན་མོའི་ཚོགས་མགོན་དུ་དབུ་བཞུགས་གནང་ཡོད།དེ་ཡང་གོང་ཚེས་ཉིན་གྱི་ཕྱི་དྲོ་ཆུ་ཚོད་ ༢།༣༠ ཙམ་ལ་སྒོ་མང་ཆོས་གྲྭ་གསར་པའི་གཟིམ་ཆུང་ནས་བློ་གླིང་དབུ་ཆོས་རྣམ་གསུམ་གྱིས་སྤོས་སྣེས་མདུན་བསུ་དང་བཅས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་བློ་གསལ་གླིང་གི་ཆོས་གྲྭ་རུ་རྣམ་འགྲེལ་མཚན་ཕུད་དམ་བཅའ་ཆེན་མོའི་ཚོགས་མགོན་དུ་གདན་ཞུ་དང་། ཆོས་གྲྭར་༸ཞབས་སོར་འཁོད་སྐབས་སྡིངས་ཆའི་ཐོག་འཛམ་གླིང་ཡེ་ཤུའི་སྒོམ་སྒྲུབ་ཚོགས་པའི་འགོ་འཛིན་དང་ཆོས་ཀྱི་ལམ་སྟོན་པ་ཡི་ཤུ་ཆོས་དཔོན་ཧྥ་རྡར་ལོ་རེན་སི་ཕི་རི་མན་ (laurence freeman) ལགས་ལ་མཇལ་ཁ་སྩལ་ཞིང་། བཞུགས་ཁྲིར་འཁོད་རྗེས་བློ་གླིང་མཁན་རིན་པོ་ཆེས་མཎྜལ་རྟེན་གསུམ་འདེགས་འབུལ་ཞུས་མཚམས་ཚད་མ་རྣམ་འགྲེལ་གྱི་དམ་བཅའ་དབུ་འཛུགས་ཞུས།འཇང་དགུན་ཆོས་ཆེན་མོ་ལོ་རེ་བཞིན་གདན་གསུམ་རེས་མོས་ཀྱིས་འཚོགས་སྲོལ་ཡོད་པ་ལྟར། འདི་ལོ་ཕྱི་ལོ་ ༢༠༢༥ ཟླ་བ་ ༡༢ ཚེས་ ༢༠ ནས་ཕྱི་ལོ་ ༢༠༢༦ ཟླ་བ་ ༡ ཚེས་ ༡༨ བར་འཇང་དགུན་ཆོས་དམ་བཅའ་ཆེན་མོ་ཚུགས་ཀྱི་ཡོད་པ་དང་། དེ་རིང་འཇང་དགུན་ཆོས་ཆེན་མོའི་མཐའ་མའི་མཛད་རིམ་ལས་རྣམ་འགྲེལ་མཚན་ཕུད་དམ་བཅའ་ཆེན་མོར་གདན་ས་གསུམ་དང་རྒྱུད་གྲྭ་སྨད་སྟོད། བཀྲ་ཤིས་ལྷུན་པོ། འོན་མངའ་རིས་གྲྭ་ཚང་། རྫོང་དཀར་ཆོས་སྡེ། བཀྲ་ཤིས་འཁྱིལ། རྣམ་རྒྱལ་གྲྭ་ཚང་། མཚན་ཉིད་གྲྭ་ཚང་། གཞན་ཡང་ལ་དྭགས་དང་མོན་ཡུལ་སོགས་ཀྱི་དགོན་སྡེ་ ༢༡ ནས་ཕེབས་པའི་རྟགས་རིགས་འཛིན་གྲྭ་ནས་འདུལ་བ་འཛིན་གྲྭ་བར་གྱི་མཚན་ཉིད་པ་ ༢༧༠༠...
བྱམས་ཆོས་དང་རིགས་ཚོགས་དགུན་ཆོས་ཆེན་མོ་སྐབས་ ༡༠ པ་མཇུག་སྒྲིལ།
བྱམས་ཆོས་དང་རིགས་ཚོགས་དགུན་ཆོས་ཆེན་མོ་སྐབས་བཅུ་པའི་མཇུག་སྡོམ་མཛད་སྒོ་འདི་བཞིན་དགའ་ལྡན་ཤར་རྩེ་ཆོས་རྭ་ལེགས་བཤད་ཀུན་སྒྲོག་གླིང་དུ་ཚོགས་འདུག དེ་ཡང་དེ་རིང་ཕྱི་ཚེས་ ༡༨ ཉིན་གྱི་སྔ་དྲོ་བྱམས་ཆོས་དང་རིགས་ཚོགས་ཆོས་ཐོག་སྐབས་ ༡༠ པའི་མཇུག་སྡོམ་མཛད་སྒོའི་ཚོགས་མགོན་དུ་དགའ་ལྡན་ཤར་རྩེ་མཁན་རིན་པོ་ཆེ་བྱང་ཆུབ་སངས་རྒྱས་དང་བྱང་རྩེ་མཁན་རིན་པོ་ཆེ་འཇིགས་མེད་ལམ་བཟང་རྣམ་གཉིས། འབྲས་སྤུངས་སྒོ་མང་མཁན་ཟུར་རྒྱལ་སྤྱིའི་དགེ་ལྡན་ལྷན་ཚོགས་ཀྱི་ངེས་སྟོན་པ་བློ་བཟང་རྒྱལ་མཚན་གཙོས་པའི་དགའ་ལྡན་ཚོགས་ཆེན་ཞལ་ངོ་རྣམ་གཉིས། བྱམས་ཆོས་དང་རིགས་ཚོགས་དགུན་ཆོས་ཆེན་མོའི་རྒྱུན་ལས་དང་། ཆོས་ཐོག་རྒན་པ་རྣམ་པ། གདན་ས་ཆེན་པོ་སེ་འབྲས་དགའ་གསུམ་དང་། བཀྲ་ཤིས་ལྷུན་པོ། ར་སྟོད་གྲྭ་ཚང་བཅས་ཀྱི་དགེ་ལུགས་རྒྱུགས་སྤྲོད་ཆེན་མོར་འགྲིམ་བཞིན་པའི་བཀའ་རམས་ལོ་རིམ་གཉིས་དང་། སློབ་དཔོན་ལོ་རིམ་གཉིས་ཀྱི་སློབ་གཉེར་བ་ཞལ་གྲངས་ ༨༣༨ བཅས་ལྷན་ཞུགས་གནང་འདུག རྩ་བའི་བྱམས་ཆོས་དང་རིགས་ཚོགས་ཆོས་ཐོག་འདི་བཞིན་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་བཀའ་དགོངས་ལམ་སྟོན་འོག་ཕྱི་ལོ་ ༢༠༡༧ ནས་འགོ་འཛུགས་གནང་བ་ཞིག་ཡིན་པ་དང་། ད་རེས་ཆོས་ཐོག་དགའ་ལྡན་བླ་སྤྱི་དང་རྒྱལ་སྤྱིའི་དགེ་ལྡན་ལྷན་ཚོགས་ཐུན་མོང་གི་གོ་སྒྲིག་འོག་གདན་ས་ཆེན་པོ་དགའ་ལྡན་དུ་ཕྱི་ལོ་ ༢༠༢༥ ཟླ་ ༡༢ ཚེས་ ༢༠ ཉིན་ནས་དབུ་འཛུགས་གནང་ཡོད་པ་རེད། མཛད་སྒོ་གྲུབ་མཚམས་བློ་བཟང་རྒྱལ་བསྟན་མ་དང་། ལམ་རིམ་སྨོན་ལམ། བསྟན་འབར་མ་སོགས་གསུངས་ཏེ། གཙོ་བོ་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་སྐུ་ཚེ་ཞབས་པད་ཡུན་དུ་བརྟན་པ་དང་། བསྟན་པ་རྒྱས་ཤིང་འགྲོ་ཀུན་བདེ་བ། འཛམ་གླིང་ནང་དམག་འཁྲུག་སོགས་ཞི་བ། བོད་དོན་བདེན་མཐའ་མྱུར་དུ་གསལ་བ། འགྲོ་ཀུན་བླ་མེད་རྫོགས་བྱང་འཐོབ་པའི་སྔོ་སྨོན་རྒྱ་ཆེར་ཞུས་འདུག ལྷག་པར་འདི་ཚེས་ ༡༤ ཉིན་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་ལ་ཆོས་ཐོག་གི་ལས་སྡོམ་དང་དམ་བཅའ་ཁག་གཟིགས་འབུལ་ཞུས་པར་མགོན་པོ་༸གང་ཉིད་མཆོག་ཐུགས་དགྱེས་དང་སྦྲགས། ཐུགས་སྨོན་མཚམས་སྦྱོར་རྒྱ་ཆེར་མཛད་ཡོད་པ་རེད། གཞི་རྩའི་འདི་ཚེས་ ༡༦...
རྩ་དོན་བོར་བའི་འོས་བསྡུ།
སྤྱིའི་འདོན་ཐེངས་༡༠༨༣ ། ཕྱི་ལོ་༢༠༢༦ ལོའི་བཙན་བྱོལ་བོད་མིའི་སྲིད་སྤྱི་གཉིས་ཀྱི་འོས་བསྡུ་ཆེན་མོ་འགོ་འཛུགས་བྱས་ཟིན་པ་དང་། ད་ལྟའི་ཆར་འོས་བསྡུའི་དྲིལ་བསྒྲགས་ཀྱི་ལས་དོན་མང་པོ་ཞིག་འགྲོ་བཞིན་པའི་སྐབས་རེད། ལོ་འདིར་སྲིད་སྐྱོང་གི་འོས་བསྡུ་དང་འབྲེལ་བའི་འོས་མི་ཕན་ཚུན་བར་བགྲོ་གླེང་གི་ལས་རིམ་དེ་འདྲ་ཡོད་ཚོད་མི་འདུག་ལ། སྲིད་སྐྱོང་སྤེན་པ་ཚེ་རིང་གིས་འོས་བསྡུ་དང་འབྲེལ་བའི་བགྲོ་གླེང་བྱ་རྒྱུ་མིན་པའི་གསལ་བཤད་གནང་ཟིན་པས། སྲིད་སྐྱོང་གི་འོས་མི་གཙོ་བོ་དང་ལས་ཐོག་སྲིད་སྐྱོང་འོས་བསྡུ་དང་འབྲེལ་བའི་བགྲོ་གླེང་དུ་མ་ཞུགས་ན་འོས་མི་གཞན་དག་ཁོ་ནའི་བགྲོ་གླེང་གནང་ཡང་རྒྱུ་མཚན་གང་ཡང་མེད། སྤྱི་འཐུས་འོས་མི་ཕན་ཚུན་བགྲོ་གླེང་རེ་ཟུང་ཙམ་བྱེད་ཀྱི་ཡོད་འདུག་ཀྱང་། The post རྩ་དོན་བོར་བའི་འོས་བསྡུ། appeared first on བོད་ཀྱི་བང་ཆེན།.
བདེ་སྲུང་བཀའ་བློན་རྒྱ་རི་སྒྲོལ་མ་མཆོག་གི་སྐུ་སྲུང་ཟུར་པ་ཀུན་དགའ་འཕྲིན་ལས་ལགས་ཀྱི་ནང་མི་ལྷན་རྒྱས་ལ་ཐུགས་གསོ་ཞུས་གནང་བ།
༄༅། །ཕྱི་ལོ་ ༢༠༢༦ ཟླ་བ་ ༠༡ ཚེས་ ༡༦ ཉིན་བོད་མིའི་སྒྲིག་འཛུགས་ཀྱི་བདེ་སྲུང་བཀའ་བློན་རྒྱ་རི་སྒྲོལ་མ་མཆོག་གི་གཞུང་འབྲེལ་ཕྱོགས་སྐྱོད་ལེགས་གྲུབ་བྱུང་རྗེས་སྐུ་སྲུང་ཟུར་པ་ཀུན་དགའ་འཕྲིན་ལས་ལགས་ཉེ་ཆར་ཕྱི་ཟླ་ ༠༡ ཚེས་ ༠༨ ཉིན་སྐུ་ཚེའི་འཕེན་པ་རྫོགས་པའི་གནས་ཚུལ་ཐོན་པར་དམ་པ་ཁོང་གི་ནང་མི་ལྷན་རྒྱས་ལ་ཐུགས་གསོ་ཞུས་གནང་ཡོད། དེ་ཡང་ཀུན་དགའ་འཕྲིན་ལས་ལགས་སམ་སྐུ་སྲུང་ཀུན་དགའ་ལགས་ནི། བཙན་བྱོལ་བོད་མིའི་སྤྱི་ཚོགས་ནང་སྤྱི་ནོེར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་སྐུ་སྲུང་སྙན་གྲགས་ཅན་ཞིག་ཡིན་པ་དང་། ཁོང་ནི་ཕྱི་ལོ་ ༡༩༣༩ ལོར་བོད་ཁམས་དགའ་བ་རུ་གེ་ཐོག་ཚང་ཁྱིམ་ཚང་དུ་སྐུ་འཁྲུངས། རྒྱ་ནག་གིས་བོད་ལ་བཙན་འཛུལ་བྱས་པའི་སྐབས་དགུང་ལོ་ ༡༧ སོན་པའི་ཀུན་དགའ་འཕྲིན་ལས་ལགས་ཀྱིས་ཁོང་གི་ཡབ་འབྱོར་ལྡན་ལགས་དང་ལྷན་དུ་རང་ཡུལ་སྲུང་སྐྱོབ་ལ་ཞུགས། གཞོན་ནུའི་དུས་དཔའ་རྩལ་ཆེན་པོས་ཁོང་གི་ཡབ་དང་གཅུང་པོ། དེ་བཞིན་བོད་མི་རྣམས་བཙན་བྱོལ་དུ་ཕེབས་སྐབས་ལམ་དུ་རྒྱ་དམག་དང་འཐབ་རྒོལ་ལ་ཞུགས། ཕྱི་ལོ་ ༡༩༦༠ ནས་ ༡༩༦༡ བར་ལྷག་བསམ་རྣམ་དག་གིས་གྲའུ་དཔོན་རིན་ཆེན་ཚེ་རིང་ལགས་ལ་རོགས་རམ་གནང་། གཉན་འཕྲང་ཅན་གྱི་དུས་སྐབས་དེར་ཁོང་གིས་བཙན་བྱོལ་བ་གསར་པ་རྣམས་ལ་༸གོང་ས་མཆོག་དང་མཇལ་འཕྲད་སྒྲིག་འཆར་སོགས་བདེ་སྲུང་ལས་ཁུངས་ལ་རོགས་སྐྱོར་གནང་། ཕྱི་ལོ་ ༡༩༦༢ ལོེར་ཁོང་ནང་མི་དང་ལྷན་དུ་རྡོ་རྗེ་གླིང་དུ་བཞུགས་སྐབས་གློག་འཕྲིན་བརྒྱུད་ནས་ཕྱིར་ཕེབས་དགོས་པའི་ཡིག་ལན་བྱུང་། ཕྱི་ལོ་ ༡༩༦༣ ལོར་ཀུན་དགའ་འཕྲིན་ལས་ལགས་བཙན་བྱོལ་དུ་སྐུ་སྲུང་ཐོག་མར་བདམས་པ་དང་། ཕྱི་ལོ་ ༡༩༦༤ ཟླ་ ༤ གཞུང་ཞབས་སུ་དངོས་སུ་ཕྱག་ལས་གནང་འགོ་ཚུགས།...
ནོ་སྦེལ་ཞི་བདེའི་གཟེངས་རྟགས་དེ་ཨ་རིའི་སྲིད་འཛིན་ཊོམ་ལ་ཐུགས་རྗེ་ལེགས་འབུལ་ཆེད་ཕུལ་འདུག
ཝེ་ནེ་ཛུ་ལའི་སྲིད་འཛིན་ཉེ་ཆར་ཨ་རིའི་གཞུང་གིས་འཛིན་བཟུང་བྱས་ནས་ད་ལྟ་ཨ་རིའི་ནང་ཡོད་པ་དང་། ཝེ་ནེ་ཛུ་ལའི་ཕྱོགས་འགལ་ཚོགས་པའི་འགོ་ཁྲིད་མཱ་རི་ཡ་(María Corina Machado)ཡིས་ཁ་སང་ཨ་རིའི་ཕོ་བྲང་དཀར་པོར་ཕྱིན་ནས་སྲིད་འཛིན་ཊོམ་ལ་དེ་སྔོན་མོ་རང་ལ་ཐོབ་པའི་ཞི་བདེའི་གཟེངས་རྟགས་དེ་ཕུལ་ཡོད་འདུག ཕྱི་ལོ་༢༠༢༦ ཟླ་༡ ཚེས་༡༦ ཉིན་བྷི་བྷི་སི་(BBC)གསར་ཁང་གིས་གནས་ཚུལ་སྤེལ་དོན་ལ། ཁ་སང་གཟའ་ཕུར་བུའི་ཉིན་ཝེ་ནེ་ཛུ་ལའི་ཕྱོགས་འགལ་ཚོགས་པའི་འགོ་ཁྲིད་དང་འདི་ལོ་ཕྱི་ལོ་༢༠༢༦ The post ནོ་སྦེལ་ཞི་བདེའི་གཟེངས་རྟགས་དེ་ཨ་རིའི་སྲིད་འཛིན་ཊོམ་ལ་ཐུགས་རྗེ་ལེགས་འབུལ་ཆེད་ཕུལ་འདུག appeared first on བོད་ཀྱི་བང་ཆེན།.
བཙན་བྱོལ་སྤྱི་ཚོགས་ལ་རྒྱ་ནག་འཐོར་ཞིག་ཏུ་འགྲོ་བར་གྲ་སྒྲིག་དགོས།
བོད་པར་གྲ་སྒྲིག་མེད་ཚེ་རྒྱ་ནག་འཐོར་ཞིག་གམ་ཡང་ན་དམངས་གཙོའི་ལམ་ལུགས་སུ་བསྐྱོད་པ་ཡིན་ནའང་རག་རྒྱུ་ཅི་གང་མེད་པས་ད་ལྟ་ནས་གྲ་སྒྲིག་དགོས་ཀྱི་ཡོད། The post བཙན་བྱོལ་སྤྱི་ཚོགས་ལ་རྒྱ་ནག་འཐོར་ཞིག་ཏུ་འགྲོ་བར་གྲ་སྒྲིག་དགོས། appeared first on བོད་ཀྱི་དུས་བབ།.
སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ལྷག་མཐོང་ཆེན་མོའི་ཟབ་སྦྱོང་འཛིན་གྲྭ་ལ་ཕེབས་པའི་སློབ་གཉེར་བ་རྣམས་ལ་བཀའ་སློབ་སྩལ་བ།
༄༅། །ཕྱི་ལོ་ ༢༠༢༦ ཟླ་ ༡ ཚེས་ ༡༦ ཉིན་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་དཔལ་ལྡན་འབྲས་སྤུངས་སྒོ་མང་གྲྭ་ཚང་གི་ཆོས་གྲྭའི་ནང་ལྡི་ལི་བོད་ཁང་གི་ལམ་རིམ་ལྷག་མཐོང་ཆེན་མོའི་ཟབ་སྦྱོང་འཛིན་གྲྭ་ལ་ཕེབས་པའི་རྒྱལ་ཁབ་ ༢༦ གི་སློབ་གཉེར་བ་ ༢༣༧ གྱིས་གཙོས་དད་ལྡན་བཞི་བརྒྱ་ལྷག་ལ་མཇལ་ཁ་སྩལ་ཡོད་པ་རེད།དེ་ཡང་སྔ་དྲོ་ཆུ་ཚོད་དགུ་པ་ཙམ་ལ་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་བྱེས་ཀྱི་ཆོས་སྡེ་ཆེན་པོ་དཔལ་ལྡན་འབྲས་དཀར་སྤུངས་པའི་སྒོ་མང་གྲྭ་ཚང་གི་ཆོས་གྲྭའི་ནང་དུ་སྒོ་མང་གྲྭ་ཚང་གི་དཔེ་ཁྲིད་དགེ་རྒན་རྣམ་པ་དང་། སོག་རིགས། ལ་དྭགས་པ། བོད་རིགས་སོགས་བརྒྱ་ཕྲག་བརྒལ་བར་མཇལ་ཁ་སྩལ་རྗེས། དགེ་བཤེས་རྡོ་རྗེ་དགྲ་འདུལ་ལགས་ཀྱིས་སྣེ་ཁྲིད་གནང་བའི་ལྡི་ལི་བོད་ཁང་གི་ལམ་རིམ་ལྷག་མཐོང་ཆེན་མོའི་ཟབ་སྦྱོང་འཛིན་གྲྭ་ལ་ཕེབས་པའི་སློབ་གཉེར་བ་རྣམས་ལ་མཇལ་ཁ་དང་། སྐུ་པར་ལྷན་སྒྲོན་མཛད་རྗེས་བཀའ་སློབ་སྩལ་དོན། བོད་གངས་ཅན་གྱི་ལྗོངས་ལ་སངས་རྒྱས་ཀྱི་བསྟན་པ་འདི་ཧ་ཅང་དར་ཁྱབ་ཆེན་པོ་རེད། ངོས་རང་ཡང་གངས་ལྗོངས་མདོ་སྨད་ཁོངས་ནས་སྐྱེས་པའི་མི་ཞིག་ཆགས་ཡོད། ཆུང་ཆུང་སྐབས་ནས་ལྷ་སའི་ཇོ་བོ་མཇལ་རྒྱུ་དང་། སེམས་གཏིང་ནས་སངས་རྒྱས་ལ་དད་པ་རྩེ་གཅིག་ཏུ་ཡོད། ངོས་ཀྱིས་དཔེ་ཆར་བལྟས་ཏེ་སློབ་སྦྱོང་བྱེད་པའི་སྐབས་སུ་ཚད་མ་རྣམ་འགྲེལ་ལ་དགའ་རབ་བལྟས་ཏེ་དགག་གཞག་སྤང་གསུམ་ལ་དོ་སྣང་ཆེན་པོ་བྱས་པ་ཡིན།དེང་སང་འཛམ་གླིང་འདིར་ཆོས་ལུགས་འདྲ་མིན་སྣ་ཚོགས་དང་། ཆོས་ལུགས་མེད་མཁན། ཆོས་ལུགས་ལ་སྐྱོན་བརྗོད་བྱེད་མཁན་སོགས་ཡོད་པའི་ནང་བོད་ཀྱི་ཚད་མ་རྣམ་འགྲེལ་ལས་བརྟག་དཔྱད་བྱ་ཐབས་གསུང་པ་འདི་ནི་ཧ་ཅང་ཕན་ཐོགས་ཆེན་པོ་རེད། ནང་ཆོས་ཀྱི་གཞུང་དུ་ལམ་སེང་རྨོངས་དད་མ་ཡིན་པར་བརྟག་དཔྱད་བྱས་ཏེ་འགྲོ་རྒྱུ་ཞིག་གསུངས་ཡོད། དེ་ཧ་ཅང་གལ་ཆེན་པོ་རེད། ཚད་མའི་གཞུང་ནས་གསུངས་པ་རྣམས་ལ་བསམ་བློ་གཏོང་རྒྱུ་ནི་ཧ་ཅང་ཕན་ཐོགས་ཆེན་པོ་ཡོད་པ་ཞིག་རེད། ཚད་མའི་གཞུང་ནས་རང་ལུགས་གཞག་པ་དང་། གཞན་ལུགས་དགག་པ་ཞིབ་ཚགས་པོར་གསུངས་ཡོད་པ་དེས་སེམས་ལ་ངེས་པ་རྙེད་པ་ཞིག་འདུག ཡིན་ལུགས་མིན་ལུགས་གོ་བསྡུར་བྱས་ཏེ་གཏན་ལ་ཕབ་ཏེ། མདོ་དོན་སྙིང་པོ་སེམས་ཞི་བདེ་བཟོ་བཞིན་ཡོད།ངོས་རང་པེ་ཅིང་དུ་ཡོད་པའི་སྐབས་སུ་མའོ་ཙེ་ཏུང་ལ་ཐུག་ནས་ཧ་ཅང་དགའ་བོ་བྱེད་ཀྱི་འདུག ངོས་ཀྱིས་སེམས་ཞི་ལྷོད་གནས་རྒྱུ་གལ་ཆེན་པོར་མཐོང་ནས་མའོ་ཙེ་ཏུང་ལ་སེམས་ཞི་ལྷོད་བྱེད་པའི་རྣམ་འགྱུར་བསྟན་པ་ཡིན། ཁོས་ཧ་ཅང་དགའ་བོ་བྱེད་ཀྱི་འདུག རྗེས་ལ་མའོ་ཙེ་ཏུང་གིས་ཆོས་ཟེར་བ་ནི་དུག་རེད་ཅེས་ཟེར་ཡང་ངོས་ཀྱིས་གང་ཡང་བརྗོད་མེད། གང་ལྟར་སེམས་ལ་གུང་ཁྲན་ལུགས་ཞེས་ཤུགས་ཆེན་པོ་བཤད་སྡོད་པ་དེ་དུག་རེད་དྲན་སོང་།རིགས་པས་དཔྱད་དེ་འགྲོ་དགོས་པའི་ནང་པ་སངས་རྒྱས་པའི་གཞུང་ནི་ཧ་ཅང་རྩ་ཆེན་པོ་རེད། ངོས་རང་ལ་མཚོན་ན་ཆོས་རབ་ཏུ་རྣམ་འབྱེད་ཀྱི་དཔྱད་པ་ཧ་ཅང་ཤུགས་ཆེན་པོ་བྱེད་དུས་ཚན་རིག་པ་དང་མཉམ་དུའང་འབྲེལ་བ་ཡག་པོ་ཡོང་གི་འདུག ངོས་རང་རྒྱ་གར་དུ་སླེབས་ནས་དུས་དང་དུས་སུ་ས་གནས་ཁག་མང་པོར་སླེབས་ཡོད། ནང་ཆོས་ལྟ་གྲུབ་ཀྱི་སྐོར་བཤད་སྐབས་དོ་སྣང་བྱེད་མཁན་མང་པོ་འདུག གལ་ཆེ་ཤོས་ནི་སེམས་ཀྱི་ཞི་བདེ་རེད།...
ཞོགས་པ་ཡར་ལངས་པ་དང་སེམས་ཅན་ཚང་མར་ཕན་ཐོགས་བྱེད་ཐུབ་པ་ཞིག་བྱུང་ན་བསམས་ཚེ་སེམས་ཀྱི་ཞི་བདེ་སླེབས་ཡོང་གི་འདུག་ཅེས་གསུངས།
༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ནས་དེང་གི་འཛམ་གླིང་གི་ཆོས་ལུགས་འདྲ་མིན་གྱི་ཁྲོད་བོད་ཀྱི་ཚད་མ་རྣམ་འགྲེལ་གྱི་གཞུང་ལུགས་དེ་ཕན་ཐོགས་པོ་ཞེ་དྲགས་འདུག་ཅེས་གསུངས་འདུག དེ་རིང་ཕྱི་ཚེས་ ༡༦ ཉིན་གྱི་སྔ་དྲོར་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ནས་དཔལ་ལྡན་འབྲས་སྤུངས་སྒོ་མང་གྲྭ་ཚང་གི་ཆོས་རྭའི་ནང་། ལྡི་ལི་བོད་ཁང་གི་ལམ་རིང་ལྷག་མཐོང་ཆེན་མོའི་ཟབ་སྦྱོང་འཛིན་གྲྭར་ཕེབས་པའི་རྒྱལ་ཁབ་ ༢༦ གི་སློབ་གཉེར་བ་མི་གྲངས་༢༣༧ གཙོས་དད་ལྡན་དོན་དོན་གཉེར་ཅན་ ༤༠༠ ལྷག་ལ་མཇལ་ཁ་བསྩལ་ཡོད་པ་དང་། སྐབས་དེར་༧མགོན་པོ་གང་ཉིད་ནས་རྒྱ་གར་གྱི་ས་གནས་གང་སར་ཕེབས་སྐབས། རྒྱ་གར་བ་རྣམས་ཀྱིས་ནང་ཆོས་ཀྱི་ལྟ་གྲུབ་སྐོར་འཆད་དུས་དོ་སྣང་གནང་མཁན་ཞེ་དྲགས་མང་པོ་ཡོད་སྐོར་སོགས་གསུངས་འདུག སྐབས་དེར་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ནས། བོད་གངས་ཅན་གྱི་ལྗོངས་ལ་སངས་རྒྱས་ཀྱི་བསྟན་པ་དེ་ཞེ་དྲགས་དར་ཁྱབ་ཕྱིན་པ་རེད། ངོས་རང་གངས་ལྗོངས་མདོ་སྨད་ཁོངས་ནས་སྐྱེས་པའི་མི་ཞིག་ཆགས་ཡོད་རེད། ལྷ་སའི་ཇོ་བོ་མཇལ་རྒྱུ་བྱུང་བ་སོགས། ཆུང་དུས་ནས་སེམས་གཏིང་ནས་སངས་རྒྱས་ལ་དད་པ་རྩེ་གཅིག་ཡོད། ངོས་རང་གིས་དཔེ་ཆར་བལྟས་ནས་སློབ་སྦྱོང་བྱེད་པའི་སྐབས་སུ་ཚད་མ་རྣམ་འགྲེལ་གང་ཙམ་བལྟས་ཡོད་རེད། དགག་བཞག་སྤོང་གསུམ་ལ་ངོས་རང་ནས་དོ་སྣང་ཞེ་དྲགས་བྱས་པ་ཡིན། དེང་སང་འཛམ་གླིང་འདིའི་སྒང་ལ་ཆོས་ལུགས་མེད་པ་དང་། ཆོས་ལུགས་འདྲ་མི་འདྲ་ལ་སྐྱོན་བརྗོད་བྱེད་མཁན། དེ་བཞིན་ཆོས་ལུགས་འདྲ་མིན་ཡོད་པའི་དཀྱིལ་ལ་བོད་ཀྱི་ཚད་མ་རྣམ་འགྲེལ་གྱི་བརྟག་དཔྱད་བྱ་རྒྱུ་ཡོད་པའི་གཞུང་དེ་ཕན་ཐོགས་པོ་ཞེ་དྲགས་འདུག གང་ལྟར། ནང་ཆོས་ཀྱི་གཞུང་གི་ནང་ལོགས་ནས་ལམ་སེང་རྨོངས་དད་བྱས་པ་མིན་པར། བརྟག་དཔྱད་བྱས་ནས་འགྲོ་རྒྱུ་ཞིག་གསུངས་ཡོད་རེད། དེ་གལ་ཆེན་པོ་རེད་འདུག ངོས་རང་ནས་ཚད་མའི་གཞུང་ནས་གསུངས་པ་དང་དེ་དག་གི་གྲས་མར་བསམ་བློ་གཏོང་དུས་ཕན་ཐོགས་ཆེན་པོ་ཞེ་དྲགས་འདུག ཅེས་གསུངས་འདུག ཡང་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ནས། ཚད་མའི་གཞུང་དེ་དག་ནས་རང་ལུགས་བཞག་པ་དང་གཞན་ལུགས་དགག་པ་སོགས་ཞིབ་ཚགས་པོར་གསུངས་བཞག་པ་དེ་དག་སེམས་ལ་ངེས་པ་རྙེད་ཡ་ཞིག་འདུག་གཱ། ཡིན་ལུགས་མིན་ལུགས་སོགས་གོ་བསྡུར་བྱས་ནས་གཏན་ལ་ཕབ་ནས་མདོར་དོན་སྙིང་པོ་ནི་སེམས་ཞི་བདེ་བཟོ་ཡི་ཡོད་པ་རེད། ངོས་རང་སྔོན་མ་པེ་ཅིན་ལ་ཡོད་པའི་སྐབས་ལ་མའོ་ཙི་ཏུང་ཐུག་དུས། མའོ་ཙི་ཏུང་གིས་ངོས་རང་ལ་དགའ་པོ་ཞེ་དྲགས་བྱེད་ཀྱི་ཡོད། ངོས་རང་ནས་སེམས་ཞི་ལྷོད་བཞུགས་ཡ་དེ་གལ་ཆེན་པོ་ཞིག་མཐོང་ནས། ངོས་རང་ནས་མའོ་ཙི་ཏུང་ལ་སེམས་ཞི་ལྷོད་ཀྱི་རྣམ་འགྱུར་ཞིག་བསྟན་པ་རེད། མའོ་ཙི་ཏུང་གིས་ངོས་རང་ལ་དགའ་པོ་ཞེ་དྲགས་བྱེད་ཀྱི་འདུག མཇུག་ཏུ་མའོ་ཙི་ཏུང་གིས་ཆོས་ཞེས་པ་དེ་དུག་རེད་ཅེས་ལབ་རེད། ནང་པ་སངས་རྒྱས་པའི་གཞུང་དེ་དག་རིག་པས་དཔྱད་པ་བྱས་ནས་འགྲོ་ཡ་ཡོད་པ་དེ་རྩ་ཆེན་པོ་ཞེ་དྲགས་རེད་འདུག ངོས་རང་ལ་ཆ་བཞག་ན། ཆོས་རབ་ཏུ་རྣམ་འབྱེད་ཀྱི་ཤེས་རབ་ཀྱིས་དཔྱད་པ་ཤུགས་ཆེན་པོ་བྱེད་ཡོང་དུས། ཚན་རིག་པ་མཉམ་དུའང་འབྲེལ་བ་ཡག་པོ་ཞེ་དྲགས་བྱུང་། ངོས་རང་རྒྱ་གར་ལ་སླེབས་ནས་རྒྱ་གར་གྱི་ས་གནས་དེ་འདྲར་སླེབས་བསྡད་ཀྱི་ཡོད་རེད། ནང་ཆོས་ལྟ་གྲུབ་ཀྱི་སྐོར་འཆད་དུས་དོ་སྣང་བྱེད་མཁན་ཞེ་དྲགས་འདུག གལ་ཆེ་ཤོས་དེ་སེམས་ཀྱི་ཞི་བདེ་རེད། ངོས་རང་ལ་ཆ་བཞག་ན། ཞོགས་པ་ཡར་ལངས་པ་དང་སེམས་ཅན་ཚང་མར་ཕན་ཐོགས་བྱེད་ཐུབ་པ་ཞིག་བྱུང་ན་བསམས་ན་སེམས་ཀྱི་ཞི་བདེ་སླེབས་ཡོང་གི་འདུག ཅེས་གསུངས་འདུག ད་ལྟ་དགའ་ལྡན་ཕོ་བྲང་ཡིག་ཚང་གི་དྲ་རྒྱར་གསལ་བའི་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་གི་མཛད་འཆར་ལྟར་ན། ཟླ་འདིའི་ཕྱི་ཚེས་ ༢༡ ཉིན་བྱེས་ཀྱི་ཆོས་སྡེ་ཆེན་པོ་དགའ་ལྡན་རྣམ་པར་རྒྱལ་བའི་གླིང་དང་མོན་གྷོ་འདོད་རྒུ་གླིང་བོད་མིའི་གཞིས་ཆགས་ཐུན་མོང་གིས་ཇི་ལྟར་གསོལ་བ་བཏབ་པ་ལྟར། དགའ་ལྡན་བླ་སྤྱིའི་ཚོགས་ཆེན་འདུ་ཁང་ཆེན་མོ་རུ་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ལ་བརྟན་བཞུགས་བསྟར་འབུལ་དང་། ཕྱི་ཟླ་ ༢ ཚེས་ ༢༣ ཉིན་བཞུགས་སྒར་དྷ་སར་རྒྱལ་སྤྱིའི་བོད་ཀྱི་ཆབ་སྲིད་བཙོན་ཟུར་ཚོགས་པ་དང་། སུད་སི་ལྷ་ས་བུའི་མཐུན་གྲོགས་ཚོགས་པ་གཉིས་ཀྱིས་སྒྲོལ་དཀར་ཡིད་བཞིན་འཁོར་ལོའི་ཆོ་གའི་སྒོ་ནས་བརྟན་བཞུགས་བསྟར་འབུལ་ཞུ་རྒྱུ་ཡིན་འདུག གསར་འགོད་པ། དཔལ་ལྡན། རྩོམ་སྒྲིག་བྱེད་མཁན། པདྨ་མཚོ། The post ཞོགས་པ་ཡར་ལངས་པ་དང་སེམས་ཅན་ཚང་མར་ཕན་ཐོགས་བྱེད་ཐུབ་པ་ཞིག་བྱུང་ན་བསམས་ཚེ་སེམས་ཀྱི་ཞི་བདེ་སླེབས་ཡོང་གི་འདུག་ཅེས་གསུངས། appeared first on བོད་ཀྱི་དུས་བབ།.
ཚད་མ་རྣམ་འགྲེལ་གྱི་གཞུང་ནས་བསྟན་པའི་རིག་པའི་ལམ་དེ་དག་ཕན་ཐོགས་ཆེན་པོ་ཡོད་པ་བཀའ་སྩལ།
དེ་རིང་ཕྱི་ཟླ་ ༡ ཚེས་ ༡༦ ཉིན་བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་དཔལ་ལྡན་འབྲས་སྤུངས་སྒོ་མང་གྲྭ་ཚང་གི་ཆོས་གྲྭའི་ནང་། ལྡི་ལི་བོད་ཁང་གི་ལམ་རིམ་ལྷག་མཐོང་ཆེན་མོའི་ཟབ་སྦྱོང་འཛིན་གྲྭ་ལ་ཕེབས་པའི་རྒྱལ་ཁབ་ ༢༦ གི་སློབ་གཉེར་བ་ ༢༣༧ གཙོས་པའི་དད་ལྡན་ ༤༠༠ ལྷག་ལ་མཇལ་ཁ་སྩལ་བ་དང་འབྲེལ། སྐབས་དེར་མགོན་པོ་༸གང་ཉིད་མཆོག་གིས་ཚད་མ་རྣམ་འགྲེལ་གྱི་གཞུང་ནས་བསྟན་པའི་རིག་པའི་ལམ་དེ་དག་ཕན་ཐོགས་ཆེན་པོ་ཡོད་པ་བཀའ་སྩལ་འདུག དེ་ཡང་མཇལ་ཁའི་སྐབས། ༸གོང་ས་མཆོག་གིས་བོད་གངས་ཅན་གྱི་ལྗོངས་ལ་སངས་རྒྱས་ཀྱི་བསྟན་པ་དར་ཁྱབ་ཆེན་པོ་ཡོད་པ་དང་འབྲེལ། མགོན་པོ་༸གང་ཉིད་མཆོག་སྐུ་ན་ཆུང་དུས་ལྷ་སའི་ཇོ་བོ་མཇལ་རྒྱུ་སོགས་སངས་རྒྱས་ལ་དད་པ་རྩེ་གཅིག་ཏུ་ཡོད་པ་མ་ཟད། ཕྱག་དཔེ་གཟིགས་ཏེ་སློབ་གཉེར་མཛད་པའི་སྐབས་ཚད་མ་རྣམ་འགྲེལ་གང་འཚམ་གཟིགས་ཡོད་ཅིང་། འགག་བཞག་སྤོང་གསུམ་ལ་ཐུགས་སྣང་ཆེན་པོ་མཛད་ཡོད་ཅེས་བཀའ་སྩལ་འདུག དེ་བཞིན་དེང་སང་འཛམ་གླིང་ནང་ཆོས་ལུགས་འདྲ་མིན་དང་། ཆོས་ཁས་མི་ལེན་མཁན། ཆོས་ལུགས་ལ་སྐྱོན་བརྗོད་བྱེད་མཁན་ཁྲོད། ཚད་མ་རྣམ་འགྲེལ་གྱི་གཞུང་ནས་བརྟག་དཔྱད་བྱ་རྒྱུའི་ཐབས་ལམ་བསྟན་པ་དེ་ཕན་ཐོགས་ཆེན་པོ་ཡོད་པ་གང་ལྟར་ནང་ཆོས་ཀྱི་གཞུང་ནས་རྨོངས་དད་མིན་པར་བརྟག་དཔྱད་བྱས་ནས་འགྲོ་རྒྱུའི་ལམ་སྟོན་དེ་དག་ཧ་ཅང་གལ་ཆེན་པོ་ཡིན་པ་བཀའ་སྩལ་འདུག མ་ཟད་རང་ལུགས་བཞག་པ་དང་གཞན་ལུགས་འགག་པ་ཞེས་པ་དེ་སེམས་ལ་ངེས་པ་རྙེད་རྒྱུ་ཡོད་ཅིང་། ཡིན་ལུགས་མིན་ལུགས་གོ་བསྡུར་བྱས་ནས་གཏན་ལ་ཕབ་པ་དེ་མདོར་དོན་སྙིང་པོ་སེམས་ལ་ཞི་བདེ་བཟོ་གི་ཡོད་ཅེས་བཀའ་ནན་སྩལ་འདུག ལྷག་པར་འདས་པའི་ལོ་རྒྱུས་ཐུགས་དྲན་གསོ་དང་འབྲེལ། མགོན་པོ་༸གང་ཉིད་མཆོག་ནས་སེམས་ཞི་ལྷོད་ཡོང་རྒྱུ་དེ་གལ་ཆེན་པོ་ཞིག་ལ་གཟིགས་ཏེ། མའོ་ཙེ་ཏུང་ལའང་སེམས་ཞི་ལྷོད་བྱ་རྒྱུ་རྣམ་འགྱུར་བསྟན་ནས་མའོ་ཙེ་ཏུང་དགའ་པོ་ཞེ་དྲགས་བྱས་ཀྱི་འདུག་ཅེས་བཀའ་སྩལ་འདུག སྐབས་དེར་མའོ་ཙེ་ཏུང་གི་ཆོས་དེ་དུག་རེད་ཅེས་བརྗོད་པར། མགོན་པོ་༸གང་ཉིད་མཆོག་ནས་གང་ཡང་གསུངས་མེད་ཅེས་བཀའ་སྩལ་འདུག ནང་པ་སངས་རྒྱས་པའི་གཞུང་འདི་བཞིན་རིག་པའི་ཐོག་ནས་དཔྱད་པ་བྱས་ནས་འགྲོ་རྒྱུ་ཡོད་པ་དེ་ཧ་ཅང་རྩ་ཆེན་པོ་ཡིན་པ་དང་། མགོན་པོ་༸གང་ཉིད་མཆོག་ནས་ཆོས་རབ་ཏུ་རྣམ་པ་འབྱེད་པའི་ཤེས་རབ་ཀྱི་ཐོག་ནས་དཔྱད་པ་ཤུགས་ཆེན་པོ་མཛད་དུས་ཚན་རིག་པ་དང་ལྷན་དུ་འབྲེལ་བ་ཡག་པོ་ཡོང་གི་ཡོད་པ་མ་ཟད། རྒྱ་གར་གྱི་ས་གནས་ཁག་ཏུ་ཕེབས་སྐབས་ནང་པའི་ལྟ་གྲུབ་སྐོར་གསུང་དུས་དོ་སྣང་བྱེད་མཁན་ཞེ་དྲགས་འདུག་ཅེས་བཀའ་སྩལ་འདུག ད་དུང་གལ་ཆེ་ཤོས་ནི་སེམས་ཀྱི་ཞི་བདེ་ཡིན་པ་དང་། མགོན་པ་༸གང་ཉིད་ཞོགས་པ་ཡར་བཞེངས་སྐབས་སེམས་ཅན་ཐམས་ཅད་ལ་ཕན་ཐོགས་མཛད་ཐུབ་པ་ཞིག་བྱུང་ན་སྙམ་པའི་སེམས་བསྐྱེད་དེའི་ཐོག་ནས་ཞི་བདེ་ཡོང་གི་འདུག་ཅེས་བཀའ་སྩལ་འདུག The post ཚད་མ་རྣམ་འགྲེལ་གྱི་གཞུང་ནས་བསྟན་པའི་རིག་པའི་ལམ་དེ་དག་ཕན་ཐོགས་ཆེན་པོ་ཡོད་པ་བཀའ་སྩལ། appeared first...
རྒྱལ་སྤྱིའི་ཚོགས་སྡེ་སུམ་ཅུ་ལྷག་གིས་ཨི་རན་གཞུང་གིས་འགྲོ་བ་མིའི་ཐོབ་ཐང་ལ་བརྩི་འཇོག་དགོས་པའི་བསྒྲགས་གཏམ་སྤེལ།
རྒྱལ་སྤྱིའི་པེན་རྩོམ་པ་པོ་མཐུན་ཚོགས་ཀྱིས་སྣེ་འཁྲིད་ནས་ཚོགས་སྡེ་ཁག་སུམ་ཅུ་ལྷག་གིས་ཨི་རན་གཞུང་གིས་འགྲོ་བ་མིའི་ཐོབ་ཐང་སྲུང་སྐྱོབ་དང་གང་བྱུང་འཛིན་བཟུང་བཀག་ཉར་བྱས་པ་རྣམས་ཀློད་གྲོལ་གཏང་དགོས་པའི་རེ་སྐུལ་གནང་འདུག ཁ་སང་ཕྱི་ཚེས་ ༡༥ ཉིན་རྒྱལ་སྤྱིའི་པེན་རྩོམ་པ་པོའི་མཐུན་ཚོགས་དང་ཡན་ལག་ཁག་ཅིག་གཙོས་འགྲོ་བ་མིའི་ཐོབ་ཐང་སྲུང་སྐྱོབ་ཀྱི་རྒྱལ་སྤྱིའི་ཚོགས་སྡེ་ཁག་སུམ་ཅུ་ལྷག་གིས། འདི་ལོར་ཨི་རན་ནང་ངོ་རྒོལ་དང་ཕྱོགས་འགལ་གྱི་ལྟ་བ་འཛིན་མཁན་ལ་གདུག་རྩུབ་ཆེན་པོས་དྲག་གནོན་དང་། འབྲེལ་མཐུད་ཡོངས་སུ་ཆད་ལ་ཉེ་བའི་ཛ་དྲག་གི་དུས་སྐབས་འདིར། ཨི་རན་གཞུང་གིས་འགྲོ་བ་མིའི་ཐོབ་ཐང་སྲུང་སྐྱོབ་དང་། གསར་འགོད་པ་དང་རང་དབང་གི་རྩོམ་པ་པོ་རྣམས་བཙོན་འཇུག་བྱ་རྒྱུ་མཚམས་འཇོག རྒྱལ་ཡོངས་སུ་སྨྲ་བརྗོད་དང་འདུ་འཛོམས་རང་དབང་སྤྲད་དགོས་པའི་རེ་སྐུལ་གྱི་མཉམ་འབྲེལ་བསྒྲགས་གཏམ་ཞིག་སྤེལ་འདུག བསྒྲགས་གཏམ་དེའི་ཁྲོད། ཨི་རག་ནང་བཀག་ཉར་ཁང་སོགས་སུ་བཙོན་པ་རྣམས་ལ་མནར་གཅོད་དང་རྡུང་རྡེག་སོགས་ཚབས་ཆེན་གཏོང་གིན་ཡོད་པའི་རྐྱེན་གྱིས་ཡུལ་དེར་ཟིང་འཁྲུག་དང་གཏོར་རྒོལ་ཡོང་གི་ཡོད་ཅིང་། ལྷག་པར་དུ་ཚོགས་པ་ཁག་ཅིག་གིས། ཁྲིམས་མཐུན་མིན་པའི་ཐོག་ནས་དམར་གསོད་དང་། རྨས་སྐྱོན་བཟོས་པ། བཙོན་འོག་ནས་གར་སོང་ཆ་མེད་དུ་བཏང་བ། བཙོན་པ་རྣམས་ཀྱིས་ཚད་ལས་འདས་པའི་སྡུག་བསྔལ་མྱོང་གིན་ཡོད་པ་མ་ཟད། མི་མང་པོ་ཡུན་རིང་ནས་ཕྱི་ཕྱོགས་ལ་འབྲེལ་འདྲིས་མེད་པར་བཀག་སྡོམ་འོག་བཅུག་ཡོད་པ། སྲིད་གཞུང་གི་ཕྱོགས་འགལ་བ་ཚོར་འབུར་འཇོམས་དང་། གང་བྱུང་འཛིན་བཟུང་བཀག་ཉར་སོགས་ཀྱིས་མཚོན་པའི་ཕྱོགས་ཡོངས་ནས་དྲག་གནོན་བྱེད་ཀྱིན་ཡོད་སྐོར་གསལ་འདུག ཡང་བསྒྲགས་གཏམ་ཁྲོད། ཉེ་ལམ་ཨི་རན་གཞུང་གིས་འཛིན་བཟུང་བཀག་ཉར་བྱས་པའི་ཁྲོད། སྤྱི་ཚོགས་སུ་ཆེ་མཐོང་ཡོད་པའི་མི་སྣ་མང་པོ་ཞིག་ཡོད་ཅིང་། དེའི་ནང་དུ་ནོ་བྷེལ་ཞི་བདེའི་གཟེངས་རྟགས་ཐོབ་མཁན་ནཱར་གྷེས་མོ་ཧཱ་མཱ་ཌི་(Narges Mohammadi)དང་། སེ་པི་ཌེ་གྷོལ་ཡཱན་(Sepideh Gholian) ། ཨ་ལི་ཡེ་མོ་ཊ་ལེབ་ཛ་དྷེ་ (Alieh Motalebzadeh) ། ཇཱ་ཝཱཌ་ཨ་ལི་ཀོར་ཌི་(Javad Alikord) ། ཧཱ་སི་ཊི་ཨ་མི་རི་(Hasti Amiri)། པུར་ཨཱན་ནཱ་ཛེ་མི་(Pooran Nazemi) ། དེ་བཞིན་འགྲོ་བ་མིའི་ཐོབ་ཐང་སྲུང་སྐྱོབ་པ་དང་གསར་འགོད་པ་གཞན་ཁག་ཅིག་ཀྱང་ཚུད་ཡོད་ཅིང་། ཁོང་ཚོ་ཕྱི་ཚེས་ ༡༢ ཉིན་ཁྲིམས་རྩོད་པ་ཁོ་སི་རོའུ་ཨ་ལི་ཀོར་ཌིའི་(Khosrow Alikordi) དྲན་གསོའི་མཛད་སྒོ་མཱ་ཤ་ཧཱཌ་(Mashhad) གྲོང་ཁྱེར་དུ་འཚོགས་རྗེས་དྲག་པོའི་ཐོག་ནས་འཛིན་བཟུང་བྱས་ཡོད་པ་དང་།...
བོད་པ་དང་འབྲེལ་བ་ཡོད་ཚུལ་གྱི་རྩོད་རྙོག་ཁྲོད་བལ་ཡུལ་ RSP ཆབ་སྲིད་ཚོགས་པས་བཀྲ་ཤིས་ལྷ་འཛོམས་ལགས་འོས་མིའི་ཐོ་གཞུང་ནས་ཕྱིར་འཐེན།
རིང་མིན་ཕྱི་ཟླ་ ༣ པའི་ནང་བལ་ཡུལ་གྱི་འོས་བསྡུ་ཆེན་མོ་སླེབས་ལ་ཉེ་བ་དང་འབྲེལ། ད་ལྟའི་ཆར་ཡུལ་དེའི་ནང་དུ་ཆབ་སྲིད་ཚོགས་པ་སོ་སོའི་འོས་མི་འདེམས་སྒྲུག་སོགས་ཀྱི་ཁྲོད། RSP འམ་ Rastriya Swatantra Party ཆབ་སྲིད་ཚོགས་པའི་ངོས་ནས་བོད་པ་དང་འབྲེལ་བ་ཡོད་ཚུལ་གྱི་རྩོད་རྙོག་ཁྲོད་བུད་མེད་བཀྲ་ཤིས་ལྷ་འཛོམས་ལགས་འོས་མིའི་མིང་གཞུང་ནས་ཕྱིར་འཐེན་བྱས་འདུག རྩ་བའི་སྔ་ལོ་བལ་ཡུལ་ནང་དུ་ Gen Z གཞོན་སྐྱེས་སྒེར་ལངས་རྗེས་ལྕམ་སྐུ་ Shushila Karki མཆོག་གི་སྣེ་འཁྲིད་པའི་འཕྲལ་སེལ་གཞུང་གི་ངོས་ནས་བལ་ཡུལ་ Karnali མངའ་ཁུལ་ Humla རྫོང་ Limi ས་ཁུལ་ནས་ཡིན་པའི་བུད་མེད་བཀྲ་ཤིས་ལྷ་འཛོམས་ལགས་༼བུད་མེད་དང་བྱིས་པ་དེ་བཞིན་རྒན་གྲས་ལྟ་སྐྱོང་བློན་ཆེན་༽དུ་བསྐོ་བཞག་བྱེད་རྩིས་གནང་ཡང་། སྔ་ལོའི་གཞོན་སྐྱེས་ངོ་རྒོལ་གྱི་གཏོར་སྐྱོན་ནང་དུ་ཕྱིའི་སྟོབས་ཤུགས་ཀྱི་ཤུགས་རྐྱེན་ཡོད་ཚུལ་དང་། དེའི་ཁོངས་ནས་ཤུགས་རྐྱེན་སྤྲད་མཁན་གཅིག་བོད་དོན་ལས་འགུལ་བ་ཡིན་པའི་དོགས་གཞི་སླེབས་བཞིན་པའི་ཁྲོད། Karnali མངའ་ཁུལ་གཞོན་སྐྱེས་ལས་འགུལ་བ་རྣམས་ནས་བཀྲ་ཤིས་ལྷ་འཛོམས་ལགས་ཀྱི་བལ་ཡུལ་མི་སེར་ལག་འཁྱེར་ལ་རྟོག་ཞིབ་བྱ་དགོས་པ་དང་། ཁོང་ནས་དེ་སྔ་བོད་དོན་ལས་འགུལ་ནང་དུ་མཉམ་ཞུགས་བྱས་མྱོང་ཡོད་པ་སོགས་ཀྱི་དོགས་གཞི་བསླངས་ཏེ་ཁོང་མོའི་བསྐོ་བཞག་ལ་དགག་པ་རྒྱག་སྟེ་བཀག་ཡོད་པ་རེད། ད་ལན་བཀྲ་ཤིས་ལྷ་འཛོམས་ལགས་ RSP ཚོགས་པའི་འོས་དམིགས་ནས་ཕྱིར་འཐེན་བྱས་པ་དེ་ཁོང་མོའི་ཆབ་སྲིད་ཀྱི་འདུན་ལམ་ནང་དུ་ཕམ་ཁ་ཆེན་པོ་ཐེངས་གཉིས་པ་ཆགས་ཀྱི་ཡོད་པ་རེད། ཁ་སང་དེ་རིང་བལ་ཡུལ་བརྒྱུད་ལམ་ཁག་གིས་གནས་ཚུལ་སྤེལ་བར་གཞིགས་ན། ཡུལ་དེའི་ RSP ཆབ་སྲིད་ཚོགས་པས་ཉེ་སྔོན་ཕྱི་ཟླ་ ༡༢ ཀྱི་ཟླ་མཇུག་ཏུ་ཕྱི་ལོ་ ༢༠༢༦ ལོའི་བལ་ཡུལ་འོས་བསྡུ་ཆེན་མོའི་ནང་དུ་ཚོགས་པའི་འོས་དམིགས་ཐོ་གཞུང་གསལ་བསྒྲགས་བྱས་པའི་ནང་དུ་ཚོགས་པའི་གདོད་མའི་མི་རིགས་ཀྱི་སྐུ་ཚབ་གཙོ་བོའི་ནང་དུ་བཀྲ་ཤིས་ལྷ་འཛོམས་ལགས་ཀྱི་མཚན་འཁོད་ཡོད་ཀྱང་།...
མཁན་ཆེན་འཇིགས་མེད་ཕུན་ཚོགས་འབྱུང་གནས་མཆོག་གི་འདས་མཆོད་སྨོན་ལམ་ཆེན་མོ་སྐབས་ ༢༢ པ་དེ་འཚོགས།
གསེར་རྟ་བླ་རུང་སྒར་ཕྱག་འདེབས་མཁན་མཁན་ཆེན་འཇིགས་མེད་ཕུན་ཚོགས་འབྱུང་གནས་མཆོག་གི་བཀའ་དྲིན་རྗེས་དྲན་དང་བོད་མིའི་རྐྱེན་ངན་བར་ཆད་སེལ་སླད་གདན་མཆོག་རྡོ་རྗེ་གདན་དུ་ཆོས་རྗེ་དམ་པ་ཡིད་བཞིན་ནོར་བུ་མཆོག་གི་འདས་མཆོད་སྨོན་ལམ་ཆེན་མོ་སྐབས་ ༢༢ པ་དེ་འཚོགས་འདུག ཟླ་འདིའི་ཕྱི་ཚེས་ ༡༣ ནས་ ༡༥ བར་ཉིན་གྲངས་གསུམ་རིང་གནས་མཆོག་རྡོ་རྗེ་གདན་དུ། མཁན་ཆེན་འཇིགས་མེད་ཕུན་ཚོགས་འབྱུང་གནས་ཀྱི་འདས་མཆོད་གོ་སྒྲིག་ཚོགས་ཆུང་གི་གོ་སྒྲིག་འོག ཆོས་རྗེ་དམ་པ་ཡིད་བཞིན་ནོར་བུ་འཇིགས་མེད་ཕུན་ཚོགས་འབྱུང་གནས་མཆོག་གི་འདས་མཆོད་སྨོན་ལམ་ཆེན་མོ་སྐབས་ ༢༢ པ་དེ་འཚོགས་ཡོད་ཅིང་། འདས་མཆོད་སྨོན་ལམ་དེའི་ཐོག་ཆོས་རྗེ་དམ་པ་ཁོང་གི་སློབ་མ་དང་། གདན་ས་ཆེན་མོ་ཐེག་མཆོག་རྣམ་གྲོལ་བཤད་སྒྲུབ་དར་རྒྱས་གླིང་གི་དགེ་འདུན་པ་རྣམས། དེ་བཞིན་རྒྱལ་ཁབ་ཕྱི་ནང་གི་དད་ལྡན་དོན་གཉེར་ཅན་མང་པོ་ཞིག་འཛོམས་ཡོད་འདུག དེའི་ཐད་འདས་མཆོད་སྨོན་ལམ་གོ་སྒྲིག་ཚོགས་ཆུང་གི་རྒྱུན་ལས་མཁན་པོ་ཨོ་རྒྱན་རིག་འཛིན་ལགས་ཀྱིས་འདི་ག་བོད་ཀྱི་དུས་བབ་གསར་ཁང་གི་གསར་འགོད་པར་ཁ་པར་བརྒྱུད། ད་ལོ་མཁན་ཆེན་འཇིགས་མེད་ཕུན་ཚོགས་འབྱུང་གནས་མཆོག་གི་འདས་མཆོད་སྐབས་ ༢༢ པ་དེ་གནས་མཆོག་རྡོ་རྗེ་གདན་དུ་འཚོགས་ཡོད་ཅིང་། འདས་མཆོད་སྨོན་ལམ་དེ་ལོ་ལྟར་འཆར་ཅན་བཞིན་འཚོགས་ཡོད་པ་རེད། གཙོ་བ་དེ་ཆོས་རྗེ་དམ་པ་འཇིགས་མེད་ཕུན་ཚོགས་འབྱུང་གནས་མཆོག་གི་བཀའ་དྲིན་རྗེས་དྲན་དང་། བོད་ཕྱི་ནང་གཉིས་ཀྱི་བོད་མི་རྣམས་ལ་རྐྱེན་བར་ཆད་སེལ་སླད་འཚོགས་པ་ཞིག་རེད། འདི་ལོའི་འདས་མཆོད་ཐོག་ལོ་ལྟར་བཞིན། སྔ་འགྱུར་རྙིང་མའི་སྨོན་ལམ་ལ་ཕེབས་མཁན་གྱི་རྣམ་གྲོལ་གླིང་གི་དགེ་འདུན་པ་གཙོ་བོར་བྱས་ཏེ། འདས་མཆོད་སྨོན་ལམ་གྱི་ཉིན་དང་པོ་དགེ་འདུན་པ་ཞལ་གྲངས་ ༡༥༠༠ དང་ཉིན་གཉིས་པར་ ༡༧༠༠ ཡས་མས། ཉིན་གྲངས་གསུམ་པར་ཞལ་གྲངས་ ༢༠༠༠ ལྷག་ཅིག་གིས་སྨོན་ལམ་འཚོགས་པ་དང་། དེ་བཞིན་དགོན་སྡེ་ཁག་ནས་ཕེབས་མཁན་གྱི་དགེ་འདུན་པ་རྣམས་ལ་བཞུགས་གནས་དང་། ཞལ་ལག་སོགས་གོ་སྒྲིག་ཞུས་ཡོད། ཅེས་བརྗོད་བྱུང་། གོ་སྒྲིག་ཚོགས་ཆུང་གིས་འདས་ལོའི་ཕྱི་ཟླ ༡༡ ཚེས་ ༡༥ ཉིན་ཡོངས་ཁྱབ་གསལ་བསྒྲགས་ཤིག་སྤེལ་བའི་ཁྲོད། ཀུན་གྱིས་མཁྱེན་མངའ་བཞིན་བོད་གངས་རིའི་ལྗོངས་སུ་སངས་རྒྱས་ཀྱི་བསྟན་པ་རིན་པོ་ཆེ་ཡང་དར་གྱི་སྐབས་སུ། བསྟན་སྤྱི་བྱེ་བྲག་དང་ལུགས་གཉིས་གང་ཐད་ནས་རིས་སུ་མ་མཆིས་པའི་བཀའ་དྲིན་གཞལ་མཐའ་བྲལ་བ། ༧ཆོས་རྗེ་དམ་པ་ཡིད་བཞིན་ནོར་བུ་ ༧མཁན་ཆེན་འཇིགས་མེད་ཕུན་ཚོགས་འབྱུང་གནས་དཔལ་བཟང་པོ་མཆོག་གི་བཀའ་དྲིན་རྗེས་དྲན་མཚོན་བྱེད་དུ། གང་གི་གདན་ས་དཔལ་བླ་རུང་ཆོས་སྒར་ཆེན་མོའི་སློབ་མ་སློབ་རྒྱུད་དང་བཅས་པའི་གཙོས། ཕྱོགས་དང་རིས་སུ་མ་ཆད་པའི་བསྟན་འཛིན་གྱི་སྐྱེས་བུ་རྣམས་མ་བགྲོས་བསམ་པ་གཅིག་མཐུན་གྱིས། འདས་མཆོད་སྨོན་ལམ་ཆེན་མོ་ལོ་ལྟར་གནས་མཆོག་རྡོ་རྗེ་གདན་དུ་དཔལ་སྔ་འགྱུར་རྙིང་མའི་སྨོན་ལམ་ཚོགས་པའི་དབུས། འབྲེལ་ཡོད་རྣམས་ཀྱི་མཐུན་འགྱུར་བླ་མེད་འོག་འཚོགས་དང་འཚོག་མུས། ཞེས་གསལ་བ་བཞིན་ད་བར་འདས་མཆོད་སྨོན་ལམ་ཐཻངས་ ༢༢ འཚོགས་ཡོད་སྐོར་བཀོད་འདུག སྨོན་ལམ་ཚིག་མཛོད་ཆེན་པོ་ལྟར་ན། མཁན་ཆེན་དམ་པ་འཇིགས་མེད་ཕུན་ཚོགས་འབྱུང་གནས་མཆོག་ནི་ཕྱི་ལོ་ ༡༩༣༣ ལ་མདོ་ཁམས་རྡོ་ཁོག་རྫུ་མེད་ཆོས་ལྷས་སུ། ཡབ་ལྕགས་ཁུངས་པད་ཏེ་དང་། ཡུམ་གནུབ་བཟའ་གཡུ་མཚོ་གཉིས་ཀྱི་སྲས་སུ་འཁྲུངས། སྐུ་ན་གཞོན་དུས་ནས་ངོ་མཚར་བའི་རྟགས་མཚན་མང་དུ་མངའ། གཏེར་ཁ་གསར་རྙིང་མང་པོ་ནས་གཏེར་ཆེན་ལས་རབ་གླིང་པའི་སྤྲུལ་བར་ལུང་གིས་ཟིན། དགུང་གྲངས་བཅུ་བཞི་ལ་བྲག་རྫོང་མཁན་པོ་བསོད་ནམས་རིན་ཆེན་ལས་རབ་ཏུ་བྱུང་། མཚན་ཐུབ་བསྟན་ལེགས་བཤད་བཟང་པོ་གསོལ། སྐུ་ན་ཕྲ་བའི་དུས་ནས་གསུང་རྩོམ་དུ་མ་མཛད། ཀུན་མཁྱེན་མི་ཕམ་པ་ལ་ཐུན་མིན་གྱིས་དད་པ་བརྟན་པས་ཡེ་ཤེས་སྒྱུ་མའི་སྐུས་རྗེས་སུ་བཟུང་། རྫ་སྟོད་ལྕང་མ་སྒར་དུ་ཕེབས་ནས་མཁན་པོ་ཐུབ་བསྟན་ཆོས་འཕེལ་མཉེས་པ་གསུམ་གྱིས་བསྟེན་ཏེ་ཐུགས་ཀྱི་སྲས་གཅིག་པུར་གྱུར། སླར་ཡང་རང་ཡུལ་དུ་ཕེབས་ནས་གནུབ་ཟུར་དགོན་པའི་བཤད་གྲྭའི་མཁན་པོ་གནང་སྟེ། མདོ་སྔགས་འཆད་ཉན་གྱིས་བསྟན་པ་སྤེལ། དུས་འགྱུར་སྐབས་ཀྱང་གསང་སྟབས་ཀྱིས་འཆད་ཉན་རྒྱུན་མ་ཆད་པར་གནང་། བསྟན་པ་ཡང་དར་སྐབས་གསེར་ལྗོངས་བླ་མ་རུང་གི་ཆོས་གྲྭ་གསར་འཛུགས་གནང་སྟེ། མདོ་སྔགས་གཞུང་ཆེན་ཁག་དང་རྒྱུད་སྡེ་ཟབ་མོའི་དབང་ཁྲིད་མན་ངག་སྩལ་ཏེ། དགེ་འདུན་པ་ཁྲི་ཕྲག་ཙམ་འདུས་པས་གངས་ལྗོངས་ཙམ་དུ་མ་ཟད་འཛམ་གླིང་ན་ཆེ་བའི་ཆོས་སྡེ་ཆེན་པོར་གྱུར། མཁན་ཆེན་དམ་པའི་བཀའ་དགོངས་འོག ཕྱི་ལོ་ ༡༩༨༩ ལོ་ནས་བཙུན་མ་རྣམས་ལ་མཁན་མོའི་ལག་འཁྱེར་གནང་བའི་བོད་ཀྱི་ལོ་རྒྱུས་ནང་ལེའུ་གསར་པ་བསྐྲུན། རབ་བྱུང་བདུན་པའི་མེ་ཡོས་ལོར་བོད་རིགས་ཁྲི་ཕྲག་དང་མཉམ་དུ་རྒྱ་ནག་རི་བོ་རྩེ་ལྔར་ཕེབས་ནས་རྒྱལ་བསྟན་དར་བའི་ཐུགས་སྨོན་གནང་། ༧པཎ་ཆེན་སྐུ་ཕྲེང་བཅུ་པས་པེ་ཅིང་ནང་བསྟན་སློབ་གླིང་གི་སློབ་དཔོན་དུ་གདན་དྲངས་བ་མ་ཟད། ༧པཎ་ཆེན་མཆོག་ནས་ཀྱང་ལམ་གཙོ་རྣམ་གསུམ་གྱི་ཁྲིད་ལུང་གསན། ལྕགས་རྟ་ལོར་༧རྒྱལ་དབང་སྐུ་ཕྲེང་བཅུ་བཞི་པ་མཆོག་གི་བཀའ་ལྟར་རྒྱ་གར་དུ་ཕེབས་ནས་རྒྱལ་དབང་མཆོག་ལ་དབང་ཁྲིད་མན་ངག་གི་སྐྱེས་བཟང་ཕུལ། འཛམ་གླིང་ཤར་ནུབ་ཀྱི་རྒྱལ་ཁབ་མང་པོར་ཕེབས་ནས་དམ་ཆོས་སྤེལ། མདོར་ན་སྐུ་ཚེ་གང་བོར་རྒྱལ་བསྟན་སྤེལ་བའི་ཕྲིན་ལས་འབའ་ཞིག་བསྐྱངས། མཐར་ཕྱི་ལོ་ ༢༠༠༤ ལོའི་ཟླ་ ༡ ཚེས་ ༧ ལ་སྐུ་གཤེགས་ཡོད་པ་རེད། གསར་འགོད་པ། དཔལ་ལྡན། རྩོམ་སྒྲིག་བྱེད་མཁན། པདྨ་མཚོ། The post མཁན་ཆེན་འཇིགས་མེད་ཕུན་ཚོགས་འབྱུང་གནས་མཆོག་གི་འདས་མཆོད་སྨོན་ལམ་ཆེན་མོ་སྐབས་ ༢༢ པ་དེ་འཚོགས། appeared first on བོད་ཀྱི་དུས་བབ།.
རྒྱལ་ཞེན་གྱི་རིན་ཐང་།
ང་ནི་རྒྱལ་ཞེན་གྱིས་འོས་མི་ལ་བསླངས་སོང་། ངོ་མཚར་ཆེ་བའི་རྒྱལ་ཞེན་ལགས། ང་ཁྱེད་ལ་དགའ་ཞིང་ཁྱེད་ལ་དུང་། མ་ཟད་ངས་ཁྱེད་ལ་ཡིད་སྨོན་ཡང་ཤོར་སོང་། ཁྱེད་ནི་ང་ཚོ་ལ་ཧ་ཅང་གི་དགོས་མཁོ་ཆེ་ཡ། ད་ཁྱེད་ཕེབས་ཤོགཁྱེད་མེད་པས་ཆོལ་ཞེན་ལ་འབད་བརྩོན་དང་མི་དམངས་ལ་མགོ་སྐོར་ཡང་བཏང་སོང་ལ། གྲོང་རོགས་ཁྱིམ་མཚེས་ལ་འཁྲུག་རྩོད་དང་བཟའ་མི་བུ་ཕྲུག་ཀྱང་ཁ་འཐོར་ཡ་འཐོར་དུ་བཏང་སོང་། རྒྱལ་ཞེན་ལགས། ཁྱེད་མེད་པས་རང་གཞུང་ངོ་ལོག་དང་ནང་ཁུལ་ལ་འཁྲུག་རྩོད་ཀྱང་བསླངས་སོང་ལ། The post རྒྱལ་ཞེན་གྱི་རིན་ཐང་། appeared first on བོད་ཀྱི་བང་ཆེན།.
ཨ་རིས་རྒྱལ་ཁབ་༧༥ ཡི་མི་སེར་ལ་གཞིས་སྤོས་མཐོང་མཆན་མཚམས་འཇོག་བྱས།
ཕྱི་ལོ་༢༠༢༦ ཟླ་༡ ཚེས་༡༥ ཉིན། རྒྱལ་སྤྱིའི་གསར་འགྱུར་བརྒྱུད་ལམ་ཁག་ཏུ་གནས་ཚུལ་སྤེལ་གསལ་ལྟར་ན། ཕྱི་ཟླ་༡ ཚེས་༡༤ རེས་གཟའ་ལྷག་པའི་ཉིན། ཨ་རིའི་ཕྱི་སྲིད་ལྷན་ཁང་གིས་ཨི་རན་དང་ར་ཤི་ཡ། The post ཨ་རིས་རྒྱལ་ཁབ་༧༥ ཡི་མི་སེར་ལ་གཞིས་སྤོས་མཐོང་མཆན་མཚམས་འཇོག་བྱས། appeared first on བོད་ཀྱི་བང་ཆེན།.
མཁན་པོ་ཉི་མ་ཀུན་ཁྱབ་མཆོག་བལ་གཞུང་གི་ནང་ཆོས་དར་སྤེལ་དང་དགོན་པ་ཡར་རྒྱས་ལྷན་ཚོགས་ཀྱི་ཚོགས་གཙོར་བསྐོས།
བལ་ཡུལ་དོལ་པོ་སྨད་ཀྱི་བར་གླེ་གཡུང་དྲུང་ཤུག་ཚལ་དགོན་གྱི་མཁན་པོ་ཉི་མ་ཀུན་ཁྱབ་མཆོག་བལ་གཞུང་ནང་ཆོས་དར་སྤེལ་དང་དགོན་པ་འཕེལ་རྒྱས་ལྷན་ཚོགས་ཀྱི་ཚོགས་གཙོར་བསྐོ་བཞག་གནང་འདུག བལ་གཞུང་བློན་ཆེན་ལྷན་ཚོགས་ཀྱི་ཐག་གཅོད་གནང་བ་ལྟར། ཁ་སང་ཕྱི་ཚེས་ ༡༤ ཉིན་བལ་ཡུལ་རིག་གཞུང་དང་ཡུལ་སྐོར། དེ་བཞིན་མི་འབོར་འགྲིམ་འགྲུལ་བློན་ཆེན་ཨ་ནིལ་ཀུ་མར་སིང་ཧཱ་(Anil Kumar Sinha)མཆོག་གིས། སྨན་རིའི་མཁན་པོ་ཉི་མ་ཀུན་ཁྱབ་མཆོག་བལ་གཞུང་ནང་ཆོས་དར་སྤེལ་དང་དགོན་པ་འཕེལ་རྒྱས་ལྷན་ཚོགས་(the Buddhist Philosophy Promotion and Monastery Development Committee)ཀྱི་ཚོགས་གཙོར་བསྐོ་བཞག་བྱུང་བའི་ཕྱག་ཡིག་གནང་ཡོད་འདུག་ལ། ཁོང་གིས་མ་འོངས་ལོ་ལྔའི་རིང་ཚོགས་གཙོའི་ཐུགས་འགན་བཞེས་དགོས་ཀྱི་ཡོད་འདུག མཁན་པོ་ཉི་མ་ཀུན་ཁྱབ་མཆོག་ནི་བལ་ཡུལ་དོལ་པོ་སྨད་དུ་སྐུ་འཁྲུངས་པ་དང་། ཆུང་དུས་ནས་ཆོས་ཞུགས་གནང་སྟེ་ཕྱི་ལོ་ ༡༩༨༢ ནས་ ༡༩༩༤ བར་དུ་རྒྱ་གར་ཧི་མ་ཅལ་མངའ་སྡེའི་སྨན་རིའི་གླིང་དུ་སློབ་གཉེར་གནང་ཡོད་པ་དང་། དེ་ནས་ཕྱི་ལོ་ ༡༩༩༤ ནས་ ༢༠༠༧ བར་ལོ་ ༡༣ རིང་ཝ་ཎ་མཐོ་སློབ་ཏུ་བོན་གཞུང་དགེ་རྒན་གནང་། དེ་བཞིན་ཕྱི་ལོ་ ༢༠༠༧ ནས་ ༢༠༡༤ བར་དུ་བལ་ཡུལ་བོན་གྱི་ཆེས་མཐོའི་ལྷན་ཚོགས་ཀྱི་ཚོགས་གཞོན་དང་། ༢༠༡༥ ནས་ ༢༠༢༦།༡།༡༤ བར་དུ་ལྷན་ཚོགས་དེའི་ཚོགས་གཙོའི་འགན་བཞེས།...
༸གོང་ས་མགོན་མཆོག་བྱམས་ཆོས་དང་རིགས་ཚོགས་དགུན་ཆོས་ཆེན་མོའི་ཚོགས་མགོན་དུ་ཆིབས་བསྒྱུར།
སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་བྱེས་ཀྱི་ཆོས་སྡེ་ཆེན་པོ་འབྲས་སྤུངས་བཀྲ་ཤིས་སྒོ་མང་གྲྭ་ཚང་གི་ཆོས་གྲྭའི་ནང་དུ་བྱམས་ཆོས་དང་རིགས་ཚོགས་དགུན་ཆོས་ཆེན་མོའི་ཚོགས་མགོན་དུ་ཆིབས་བསྒྱུར་བསྐྱངས་ཡོད་འདུག ཕྱི་ལོ་༢༠༢༦ ཟླ་༡ ཚེས་༡༤ ཉིན་བོད་མིའི་སྒྲིག་འཛུགས་ཀྱི་དྲྭ་རྒྱའི་་ཐོག་ཏུ་གནས་ཚུལ་གསལ་ལྟར་ན། ཕྱི་ཚེས་༡༤ ཉིན་གྱི་ཕྱི་དྲོ་ཆུ་ཚོད་གཉིས་པ་ཡོལ་ཙམ་ལ་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་སྒོ་མང་ཆོས་གྲྭ་ཆེན་མོའི་ཡང་ཐོག་གི་གཟིམ་ཆུང་ནས་ཆོས་གྲྭར་ཆིབས་བསྒྱུར་སྐབས་དགའ་ལྡན་ཁྲི་རིན་པོ་ཆེ་༧རྗེ་བཙུན་བློ་བཟང་རྡོ་རྗེ་དཔལ་བཟང་པོ་མཆོག་དང་། འབྲས་སྤུངས་ཁྲི་ཟུར་དཀོན་མཆོག་པ་སངས་མཆོག ཁྲི་ཟུར་བློ་བཟང་བསྟན་པ་མཆོག The post ༸གོང་ས་མགོན་མཆོག་བྱམས་ཆོས་དང་རིགས་ཚོགས་དགུན་ཆོས་ཆེན་མོའི་ཚོགས་མགོན་དུ་ཆིབས་བསྒྱུར། appeared first on བོད་ཀྱི་བང་ཆེན།.
མོན་རྟ་དབང་གི་ཁིན་མེ་དགོན་པར་རྐུན་མ་ཤོར།
མོན་རྟ་དབང་གི་སངས་རྒྱས་ཆོས་འཁོར་གླིང་ངམ་ཡོངས་གྲགས་སུ་ཁིན་མེ་དགོན་པའི་འདུ་ཁང་ནང་རྐུན་མ་ཡོང་ནས་སྐུ་རྟེན་དང་། སྒོར་མོ། དེ་བཞིན་རིན་ཐང་བྲལ་བའི་ཅ་དངོས་ཁག་ཅིག་རྐུ་ཁྱེར་བྱས་པའི་གནས་ཚུལ་བྱུང་ནའང་ཅ་དངོས་ལག་སོན་བྱུང་ཡོད་མེད་ཐད་གསལ་ཁ་མི་འདུག ཟླ་འདིའི་ཕྱི་ཚེས་ ༡༡ ཉིན་རྒྱ་གར་བྱང་ཤར་མོན་རྟ་དབང་ཁོངས་ཀྱི་ཁིན་མེ་དགོན་པའི་འདུ་ཁང་དུ་ངོ་ཐག་མི་ཆོད་པའི་མི་ཞིག་འཛུལ་ནས་དགོན་པའི་སྐུ་རྟེན་དང་། སྒོར་མོ། དེ་བཞིན་རིན་ཐང་བྲལ་བའི་ཅ་དངོས་ཁག་ཅིག་བཅས་རྐུ་འཁྱེར་བྱས་པའི་གནས་ཚུལ་ཐོན་ཡོད་ཀྱང་། ད་ལྟ་རྐུན་མ་སུ་ཡིན་མིན་དང་ཞིབ་ཕྲའི་གནས་ཚུལ་ཐད་གསལ་ཁ་གང་ཡང་མེད་པ་རེད། གནས་ཚུལ་འདི་བྱུང་རྗེས། ས་གནས་མི་མང་དང་སྤྱི་ཚོགས་ཀྱི་མགོ་ཁྲིད་ཚོར་སེམས་འཚབ་ཆེན་པོ་བྱུང་ཡོད་ཅིང་། ལྷག་པར་དུ་རྫོང་ཁོངས་སུ་སྔོན་མ་ཡང་རྐུ་འཕྲོག་དང་འབྲེལ་བའི་གནས་ཚུལ་བྱུང་མྱོང་ཡོད་སྟབས། ས་གནས་མི་མང་གིས་སྔོན་མའི་དོན་རྐྱེན་ཁྲོད་ཀྱི་ཉེས་ཅན་པ་ཚོ་ནི་ཕྱི་ནས་ཡོང་བ་ཡིན་པར་རྗོད་ཀྱིན་ཡོད་པས། བདེ་འཇགས་དང་ལྟ་སྲུང་གི་ཐད་ནས་དོགས་གཟོན་ནན་མོ་བྱེད་མུས་ཡིན་འདུག་ལ། ས་གནས་མི་མང་གིས་ཕྱི་མི་སུ་ཞིག་ས་གནས་སུ་གནས་སྡོད་བྱེད་སྐབས་ཞིབ་བཤེར་བྱེད་ཀྱི་མེད་སྟབས། རྐུ་ཁྱེར་གནས་ཚུལ་མང་དག་ཅིག་འབྱུང་གིན་ཡོད་པའི་གླེང་སློང་དང་། ས་གནས་མགོ་ཁྲིད་རྣམས་ཀྱིས་ཕྱོགས་ཡོངས་ནས་དོགས་གཟོན་ཇེ་ཆེར་གཏང་རྒྱུ་ཡིན་པའི་མུར། རྐུ་མ་སུ་ཡིན་ཡང་སྙིང་རྗེ་སོགས་གང་ཡང་མེད་པར་ཁྲིམས་ཐོག་ནས་ལག་བསྟར་དང་ཉེས་ཆད་དགལ་རྒྱུ་ཡིན་པའི་ནན་བརྗོད་བྱས་འདུག ད་ལན་རྐུ་ཁྱེར་གྱི་གནས་དོན་ཞིག་བྱུང་རྗེས། ས་གནས་སྲིད་གཞུང་གིས་རྫོང་སྲིད་གཞུང་ནས་ས་ཁོངས་སུ་ཤར་སྐྱོད་ཆོག་པའི་ལག་ཁྱེར་ ( Inner Line Permit) གྱི་ལམ་ལུགས་ཇེ་དམ་དུ་བཏང་ནས། བྱང་ཞེས་པའི་ས་གནས་ནས་རྟ་དབང་ཕྱོགས་སུ་བགྲོད་སྐབས། ཞིབ་བཤེར་བྱ་དགོས་པའི་རེ་སྐུལ་ཞུས་འདུག་ལ། དེ་བཞིན་གྲོང་གསེབ་ཁག་གི་མགོ་དཔོན་རྣམས་ཀྱིས་ཀྱང་ས་ཁོངས་སུ་ཤར་སྐྱོད་ཆོག་པའི་ལག་ཁྱེར་ལ་ཞིབ་བཤེར་བྱ་དགོས་པའི་འབོད་སྐུལ་ཞུས་འདུག་ལ། མི་མང་གིས་ལྟ་ཞིབ་ལ་སྣང་མེད་དང་ལམ་ལུགས་ལ་ཤར་སྐྱོད་མ་བྱས་ཚེ། ཁྲིམས་ཐོག་ནས་ཉེས་ཆད་གཅད་རྒྱུ་ཡིན་པའི་ཉེས་བརྡའང་བཏང་འདུག ཕྱི་ལོ ༢༠༡༧ ལོའི་ཟླ་ ༥ ཚེས་ ༣༡ ཉིན་རྟ་དབང་གི་སངས་རྒྱས་གླིང་དགོན་པའི་དབུ་འཛིན་གྱི་ཁང་པ་ནས་ལོ་ ༩༠༠ ལྷག་གི་ལོ་རྒྱུས་ལྡན་པའི་སངས་རྒྱས་ཀྱི་སྐུ་བརྙན་ཞིག་བརྐུས་རྗེས། རྐུན་མ་ངག་དབང་བརྩོན་འགྲུས་དང་ཁོའི་རོགས་པ་བློ་བཟང་དགའ་སྐྱིད་ཤར་པ་ཟེར་བ་གཉིས་ཀྱིས་བཙོང་གྲབས་བྱེད་སྐབས།...
རྒྱ་ནག་གཞུང་ཚབ་གསར་རྒྱག་གི་ལས་གཞིར་གཞི་རྒྱ་ཆེ་བའི་ངོ་རྒོལ་ལས་འགུལ་སྤེལ་འཆར་འདུག
ཟླ་འདིའི་ཕྱི་ཚེས་ ༡༧ ཉིན་དབྱིན་ཇིའི་རྒྱལ་ས་ལོ་ཌོན་དུ་བོད་མི་དང་ཡུ་གུར་བ། ཧོང་ཀོང་གི་དམངས་གཙོ་དོན་གཉེར་བ་སོགས་ཀྱིས་དབྱིན་ཡུལ་དུ་རྒྱ་ནག་གི་གཞུང་ཚབ་གསར་རྒྱག་ལ་གཞི་རྒྱ་ཆེ་བའི་ངོ་རྒོལ་ལས་འགུལ་སྤེལ་འཆར་འདུག The post རྒྱ་ནག་གཞུང་ཚབ་གསར་རྒྱག་གི་ལས་གཞིར་གཞི་རྒྱ་ཆེ་བའི་ངོ་རྒོལ་ལས་འགུལ་སྤེལ་འཆར་འདུག appeared first on བོད་ཀྱི་དུས་བབ།.
དྷ་རམ་ས་ལར་ནང་བསྟན་རིག་པའི་གཙུག་ལག་སློབ་གཉེར་ཁང་གསར་འཛུགས་ཀྱི་གྲོས་གཞི་གྲོས་འཆར་གདོན་རྒྱུ་ཡིན་འདུག
ཧི་མ་ཅལ་མངའ་སྡེ་ནས་ཡིན་པའི་གྲོས་ཚོགས་འོག་མའི་འཐུས་མི་སྐུ་ཞབས་ར་ཇིབ་བྷར་ཌ་ཝ་ཇི་ལགས་ཀྱིས་འདི་ལོའི་རྒྱ་གར་གྲོས་ཚོགས་ཀྱི་དགུན་ཁའི་ཚོགས་དུས་ཐོག་བཞུགས་སྒར་དྷ་རམ་ས་ལ་ཁུལ་དུ་ཞི་བདེ་དང་སྙིང་རྗེ་སོགས་དར་སྤེལ་སླད་ནང་བསྟན་རིག་པའི་གཙུག་ལག་སློབ་གཉེར་ཁང་ཞིག་གསར་འཛུགས་གནང་བའི་གྲོས་གཞི་གྲོས་འཆར་གདོན་རྒྱུ་ཡིན་འདུག ཟླ་འདིའི་ཕྱི་ཚེས་ ༡༢ ཉིན་གྱི་ཉིན་རྒྱབ་ཏུརྒྱ་གར་གྲོས་ཚོགས་འོག་མའི་འཐུས་མི་སྐུ་ཞབས་ར་ཇིབ་བྷར་ཌ་ཝ་ཇི་ (Dr. Rajeev Bhardwaj) ལགས་ཀྱིས་གཙོས་ས་གནས་བྷི་ཇེ་པི་སྲིད་དོན་ཚོགས་པའི་ཚོགས་མི་ཁག་ཅིག བོད་མི་མང་སྤྱི་འཐུས་ལྷན་ཁང་དུ་ཆེད་ཕེབས་ཀྱིས་ཚོགས་གཙོ་སྦྲེལ་པོ་དང་རྒྱུན་ལས་རྣམ་པར་མཇལ་ཕྲད་གནང་ཡོད་པ་དང་། སྐབས་དེར་ར་ཇིབ་བྷར་ཌ་ཝ་ཇི་ལགས་ཀྱིས་རྒྱ་གར་གྱི་གྲོས་ཚོགས་འོག་མའི་ནང་བཞུགས་སྒར་དྷ་སར་ནང་བསྟན་རིག་པའི་གཙུག་ལག་སློབ་གཉེར་ཁང་ཞིག་གསར་འཛུགས་གནང་དགོས་པའི་གྲོས་གཞི་གྲོས་འཆར་གདོན་རྒྱུ་ཡིན་ལ། ནང་བསྟན་རིག་པའི་གཙུག་ལག་སློབ་གཉེར་ཁང་དེས་ནང་ཆོས་ཀྱི་ལྟ་གྲུབ་དང་ཞི་བདེ། སྙིང་རྗེ་བཅས་ངོ་སྤྲོད་དར་སྤེལ་ཡོང་སྐོར་གསུངས་འདུག དེ་བཞིན་སྐུ་ཞབས་ར་ཇིབ་བྷར་ཌ་ཝ་ཇི་ (Rajeev Bhardwaj) ལགས་ཀྱིས། ཁོང་ཀང་ར་རྫོང་ཁོངས་ཀྱི་རྒྱ་གར་གྱི་གྲོས་ཚོགས་འཐུས་མི་ཞིག་ཡིན་སྟབས། རྫོང་དེའི་ཁོངས་སུ་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་གི་བཞུགས་སྒར་དང་། དབུས་བོད་མིའི་སྒྲིག་འཛུགས་སོགས་ཆགས་ཡོད་པ་ནི་བསོད་ནམས་ཆེན་པོར་ངོས་འཛིན་གནང་གི་ཡོད་སྐོར་དང་། རྒྱ་གར་གྲོས་ཚོགས་འོག་མའི་ནང་ཀང་ར་རྫོང་ཁོངས་ཀྱི་གནད་དོན་གླེང་སློང་གནང་སྐབས། ༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་གི་ཐུགས་རྗེ་བཀའ་དྲིན་ལ་བརྟེན་ནས་དྷ་རམ་ས་ལ་ནི་ཡུལ་སྐོར་བའི་ལྟེ་གནས་ཤིག་ཏུ་གྱུར་ཡོད་པས། དེས་མངའ་སྡེར་ཕན་ཐོགས་བསྐྲུན་ཡོད་པའི་གླེང་སློང་གནང་ཡོད་སྐོར་དང་། རྗེས་ཕྱོགས་མུ་མཐུད་དུ་བོད་དོན་ལ་རྒྱབ་སྐྱོར་གནང་རྒྱུ་ཡིན་སྐོར་སོགས་གསུངས་ཡོད་འདུག རྒྱ་གར་གྱི་སྲིད་བློན་སྐུ་ཞབས་མུ་དྷི་མཆོག་གི་སྲིད་གཞུང་ནས་ནང་པའི་གནས་ཆེན་ཁག་བསྐྱར་གསོ་འཛུགས་སྐྲུན་གནང་རྒྱུ་ཡིན་སྐོར་གསུངས་པ་ལྟར། ནང་པའི་གནས་ཆེད་ལུམ་བི་ནི་དང་། རྡོ་རྗེ་གདན། ཝ་ར་ན་སི། རྩྭ་མཆོག་གྲོང་སོགས་སུ་གནས་མཇལ་གྱི་ལམ་བུ་གསར་སྐྲུན་གནང་གི་ཡོད་པ་དཔེར་ན། གནས་ཆེན་རྩྭ་མཆོག་གྲོང་གི་གནམ་ཐང་རྒྱལ་སྤྱིའི་གནམ་ཐང་ཞིག་ཏུ་བསྐྲུན་པ་དང་། ནལེནྜ་གཙུག་ལག་སློབ་གཉེར་ཁང་བསྐྱར་བཞེང་གནང་སྟེ། འཛམ་གླིང་གི་ནང་བསྟན་གཙོ་བོར་གྱུར་བའི་སློབ་གཉེར་གྱི་ལྟེ་གནས་ཆེ་ཤོས་ཤིག་ཏུ་བསྒྱུར་བའི་འབད་བརྩོན་གནང་བཞིན་ཡོད་ལ། ནལེནྜ་སློབ་གཉེར་ཁང་(Nalanda mahavihara)ནི་འཛམ་གླིང་གི་གཏན་འཇགས་སློབ་གཉེར་ཁང་དང་པོ་རུ་ངོས་འཛིན་གནང་བཞིན་ཡོད་པ་རེད། ཝེ་ཀེ་རིག་མཛོད་ལྟར་ན། རྒྱ་གར་གྱི་ཧི་མ་ཅལ་མངའ་སྡེ་དང་ལ་དྭགས། འབྲས་ལྗོངས། ཨུ་རུ་ན་ཅལ་མངའ་སྡེ། མ་ཧ་ར་ཤི་ཊ་མངའ་སྡེ་གཙོ་བོར་གྱུར་བའི་རྒྱ་གར་ནང་ཉུང་མཐར་ནང་པ་ས་ཡ་ ༨།༤ ནས་ ༩།༥ ཙམ་ཡོད་ཅིང་། ཕྱི་ལོ་སྔོན་གྱི་དུས་རབས་གསུམ་པར་རྒྱལ་པོ་ཨ་ཤོ་ཀའི་སྐབས་རྒྱ་གར་དུ་རྒྱ་གར་ནང་ཆོས་ཐོག་མར་བྱུང་ནས། རྒྱལ་པོ་ཨ་ཤོ་ཀ་དང་ཁོང་གི་སྲས་ཀྱིས་དབང་བསྒྱུར་སྐབས་རྒྱ་གར་དུ་ནང་ཆོས་དར་རྒྱས་ཆེ་ཤོས་བྱུང་བར་ཡིད་ཆེས་བྱེད་ཀྱི་ཡོད་ཀྱང་། ཕྱི་ལོ་རྗེས་ཀྱི་དུས་རབས་བཅུ་གཉིས་པ་ནས་བཟུང་ནང་ཆོས་ཉམས་རྒུད་དུ་ཕྱིན་ཏེ་ཧིན་དྷུ་དང་ཁ་ཆེའི་ཆོས་ལུགས་ཤུགས་ཆེར་དར་བ་མ་ཟད།...
སུད་སི་སྐུ་ཚབ་དོན་གཅོད་འཕྲིན་ལས་ཆོས་སྐྱིད་ལགས་ལྷོ་ཊི་རོལ་གྱི་སྲིད་འཛིན་མཆོག་དང་མཇལ་འཕྲད་གནང་།
༄༅། །ཕྱི་ལོ་ ༢༠༢༦ ཟླ་བ་ ༡ ཚེས་ ༡༤ ཉིན་གྱི་ཕྱེད་ཡོལ་ཆུ་ཚོད་ ༡།༣༠ ཙམ་ལ་སུད་སི་སྐུ་ཚབ་དོན་གཅོད་འཕྲིན་ལས་ཆོས་སྐྱིད་ལགས་ཨི་ཊ་ལཱི་བོལ་ཛ་ནོའམ་ལྷོ་ཊི་རོལ་རང་སྐྱོང་མངའ་ཁུལ་གྱི་སྲིད་འཛིན་སྐུ་ཞབས་ཨར་ནོ་ཀོམ་པ་ཆར་ (Arno Kompatscher) མཆོག་དང་མཇལ་འཕྲད་གནང་ཡོད་པ་དང་། སྐབས་དེར་བོད་དོན་དང་འབྲེལ་བའི་ལས་དོན་སྐོར་བཀའ་མོལ་གནང་ཡོད། དེ་ཡང་སུད་སི་སྐུ་ཚབ་དོན་གཅོད་འཕྲིན་ལས་ཆོས་སྐྱིད་ལགས་དང་སྲིད་འཛིན་སྐུ་ཞབས་ཨར་ནོ་ཀོམ་པ་ཆར་མཆོག་ཆུ་ཚོད་གཅིག་ཙམ་རིང་མཇལ་འཕྲད་སྐབས། སྐུ་ཚབ་དོན་གཅོད་ནས་སྲིད་འཛིན་མཆོག་ལ་བོད་ནང་གི་གནས་ཚུལ་ངོ་སྤྲོད་དང་སྦྲགས་སྲིད་འཛིན་མཆོག་དང་ལྷོ་ཊི་རོལ་གཞུང་མང་གཉིས་ནས་མུ་མཐུད་བོད་དོན་ཐོག་རྒྱབ་སྐྱོར་གནང་སྐྱོང་ཡོང་བའི་འབོད་སྐུལ་ཞུས་པར་སྲིད་འཛིན་མཆོག་ནས་བོད་དོན་ཐོག་རྒྱུན་མཐུད་རྒྱབ་སྐྱོར་གནང་རྒྱུའི་ཞལ་བཞེས་གནང་ཡོད། དེ་བཞིན་སྐབས་དེར་ལས་དོན་གཞན་ཁག་གཅིག་གི་ཐོག་ལའང་བཀའ་མོལ་ཞིབ་ཕྲ་གནང་ཡོད། མཇལ་འཕྲད་རིང་ལྷོ་ཊི་རོལ་རང་སྐྱོང་མངའ་ཁུལ་སྲིད་གཞུང་གི་འབྲེལ་ཡོད་ལས་བྱེད་ལྷན་བཅར་ཞུས་ཡོད་པ་མ་ཟད། འབྲེལ་ཡོད་ལས་དོན་ཐོག་དོན་གཅོད་དང་བཀའ་མོལ་ཞིབ་རྒྱས་གནང་ཡོད། མཐར་སྲིད་འཛིན་སྐུ་ཞབས་ཨར་ནོ་ཀོམ་པ་ཆར་མཆོག་གིས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་དང་། དཔལ་ལྡན་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་ལ་འཚམས་འདྲི་ཞུས་གནང་ཡོད། སྐབས་དེར་སུད་སི་སྐུ་ཚབ་དོན་གཅོད་ཁང་གི་ཡུ་རོབ་རྒྱ་རིགས་འབྲེལ་མཐུད་པ་སངས་རྒྱས་སྐྱབས་ལགས་ལྷན་བཅར་ཞུས་ཡོད། །
ཨི་རན་གྱི་ཞིང་ཆེན་༣༡ ནང་མི་མང་གི་ངོ་རྒོལ་ལས་འགུལ།
ཟླ་འདིའི་ཚེས་༡༣ ཉིན། རྒྱལ་སྤྱིའི་གསར་འགྱུར་བརྒྱུད་ལམ་ཁག་ཏུ་གནས་ཚུལ་སྤེལ་གསལ་ལྟར་ན། ད་ལྟའི་ཆར་ཨི་རན་གྱི་ཞིང་ཆེན་༣༡ ཡོངས་རྫོགས་ཀྱི་ནང་། གྲོང་ཁྱེར་༡༨༠ ལྷག་གི་ནང་དུ་མི་མང་གིས་སྲིད་གཞུང་ལ་ངོ་རྒོལ་གྱི་ལས་འགུལ་སྤེལ་བཞིན་པར་བརྟེན། ངོ་རྒོལ་གྱི་ལས་འགུལ་དེ་ནི་སྲིད་གཞུང་གིས་གདོང་ལེན་བྱེད་དགོས་པའི་དཀའ་ངལ་ཆེ་ཤོས་སུ་གྱུར་ཡོད་འདུག ངོ་རྒོལ་གྱི་ལས་འགུལ་དེ་ཐོག་མར་ཕྱི་ལོ་༢༠༢༥ The post ཨི་རན་གྱི་ཞིང་ཆེན་༣༡ ནང་མི་མང་གི་ངོ་རྒོལ་ལས་འགུལ། appeared first on བོད་ཀྱི་བང་ཆེན།.























