Tibetan
བོད་རང་བཙན་འཐབ་རྩོད་པ་རྒན་ལྷ་བཟང་ཚེ་རིང་ལགས་སྐུ་ཚེ་མ་ཟིན་པའི་ཡིད་སྐྱོའི་གནས་ཚུལ་ཐོན་འདུག
ཁ་སང་ཕྱི་ཟླ་ ༦ ཚེས་ ༡༡ ཉིན་གྱི་ཉིན་རྒྱབ་ཆུ་ཚོད་ ༢།༢༢ སྟེང་བོད་རང་བཙན་འཐབ་རྩོད་པ་དང་ལས་འགུལ་བ། རྩོམ་པ་པོ། སྙན་ངག་པ་རྒན་ལྷ་བཟང་ཚེ་རིང་ལགས་དགུང་ལོ་ ༧༤ སྟེང་བཞུགས་སྒར་དྷརྨ་སཱ་ལཱའི་བྱམས་པ་གླིང་རྒན་གསོ་ཁང་དུ་སྐུ་ཚེ་མ་ཟིན་པའི་ཡིད་སྐྱོའི་གནས་ཚུལ་ཐོན་ཡོད་པ་དང་། ད་ལྟའི་ཆར་དམ་པ་ཁོང་གི་སྐུ་ཕུང་རང་ཁྱིམ་དུ་ཡོད་པ་རེད་འདུག ཁོང་ཕྱི་ལོ་ ༡༩༥༢ ལོར་བོད་དུ་སྐྱེས་ཤིང་། བོད་རྒྱ་ནག་གི་བཙན་བཟུང་བྱས་པའི་རྗེས་ཕ་མ་དང་ཁོང་གི་གཅེན་པོ་གཉིས་དང་ལྷན་དུ་རྒྱ་གར་ནང་བྲོས་བྱོལ་དུ་ཕེབས་ཡོད་པ་དང་། ཕྱི་ལོ་ ༡༩༦༢ ལོར་མ་སུ་རི་གཏན་སློབ་ཏུ་སློབ་ཞུགས་གནང་། དེའི་རྗེས་མ་སུ་རིའི་ Wynberg Allen School སློབ་གྲྭར་སློབ་སྦྱོང་གནང་། ཕྱི་ལོ་ ༡༩༧༢ ལོར་ཨ་རིར་རྟེན་གཞིས་པའི་ Johns Hopkins University ཇོན་སི་ཧོབ་ཀིན་སི་གཙུག་ལག་སློབ་གཉེར་ཁང་དུ་སྨན་གྱི་སློབ་སྦྱོང་གནང་རྒྱུའི་གོ་སྐབས་ཐོབ་ཀྱང་། གོ་སྐབས་དེ་བློས་གཏོང་གནང་རྗེས་བལ་ཡུལ་གློ་སྒྲིག་འཛུགས་ཀྱི་དམག་སྒར་ནང་བཞུགས་རྒྱུའི་ཐུགས་ཐག་བཅད། འོན་ཀྱང་ཕྱི་ལོ་ ༡༩༧༤ ལོར་གློ་སྒྲིག་འཛུགས་ཀྱི་དམག་སྒར་མཚམས་འཇོག་བྱས་པའི་རྗེས་སུ་ཁོང་རྡ་རམ་ས་ལར་ཕྱིར་ལོག་གནང་། དེ་ནས་བོད་འབྲེལ་ཉམས་ཞིབ་ལྟེ་གནས་ཁང་གསར་འཛུགས་གནང་མཁན་ཁོངས་སུ་ཡོད་པ་རེད་འདུག དེ་བཞིན་ཕྱི་ལོ་ ༡༩༧༦ ནས་...
ཆོས་རིག་ལས་ཁུངས་ནས་བོད་ཀྱི་བཟོ་རིག་སྒྱུ་རྩལ་འགྲེམས་སྟོན་ཐེངས་གསུམ་པ་གོ་སྒྲིག་གནང་བ།
༄༅། །ཕྱི་ལོ་ ༢༠༢༦ ཟླ་བ་ ༠༦ ཚེས་ ༡༢ རེས་གཟའ་པ་སངས་ཉིན་བོད་མིའི་སྒྲིག་འཛུགས་ཆོས་རིག་ལས་ཁུངས་ཀྱི་གོ་སྒྲིག་འོག་བཞུགས་སྒར་དྷ་རམ་ས་ལའི་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་དུ་བོད་མིའི་རིག་གཞུང་བསྟི་གནས་སོགས་ཚོགས་སྒེར་ཁག་ ༡༨ ཙམ་གདན་ཞུའི་ཐོག་བོད་ཀྱི་བཟོ་རིག་སྒྱུ་རྩལ་འགྲེམས་སྟོན་ཐེངས་གསུམ་པ་དབུ་འཛུགས་གནང་སོང་། དེ་ཡང་གོང་ཚེས་ཉིན་གྱི་སྔ་དྲོ་ཆུ་ཚོད་ ༡༠།༣༠ ཙམ་ལ་དཔལ་ལྡན་བོད་མི་མང་སྤྱི་འཐུས་ཚོགས་གཙོ་སྒྲོལ་མ་ཚེ་རིང་མཆོག་དང་། ཆོས་རིག་དྲུང་ཆེ་བདུད་འདུལ་རྡོ་རྗེ་ལགས་རྣམ་གཉིས་ཕེབས་བཞུགས་ཀྱིས་དབུ་འབྱེད་དང་འབྲེལ། བོད་ཀྱི་སྲོལ་རྒྱུན་གྱི་གྱོན་གོས་དང་། བོད་ཀྱི་ཐུན་མོང་མ་ཡིན་པའི་གནའ་དེང་གི་རི་མོ་དང་། ཐང་ཀ རྡོ་རྐོས། ཤིང་རྐོས། ཡིག་རྩལ། རྡུལ་མཚོན་དཀྱིལ་འཁོར། རུམ་གདན་དང་ལག་ཤེས་ཐོན་རྫས། དེ་བཞིན་བོད་སྨན་བརྟག་དཔྱད། དཔེ་དེབ་སོགས་ཀྱི་འགྲེམས་སྟོན་དང་ཚོང་འགྲེམས་ཞུས་པ་ཁག་ལ་གཟིགས་སྐོར་གནང་ཡོད། སྐབས་དེར་དཔལ་ལྡན་ཚོགས་གཙོ་སྒྲོལ་མ་ཚེ་རིང་མཆོག་གིས་འགྲེམས་སྟོན་དང་འབྲེལ་ནས་གསུང་དོན། ད་ལྟའི་ཆར་རྒྱ་ནག་གཞུང་གིས་བོད་ནང་བཅའ་སྡོད་སློབ་གྲྭ་རྒྱ་བསྐྱེད་ཀྱིས་བོད་ཀྱི་བྱིས་པ་ལོ་ན་བཞི་ནས་བཅོ་བརྒྱད་བར་བཙན་འཇུག་བྱས་པ་དང་། བོད་མི་རིགས་ཀྱི་ཆོས་དང་། རིག་གཞུང་། སྐད་ཡིག་བཅས་པ་རྩ་གཏོར་གཏོང་བཞིན་པའི་གནས་སྟངས་ཁྲོད་བཙན་བྱོལ་དུ་བོད་ཀྱི་བཟོ་རིག་གི་སྒྱུ་རྩལ་ཉར་ཚགས་ཙམ་མ་ཟད། བོད་ཀྱི་གཞོན་སྐྱེས་ཚོའི་རྒྱུད་ལ་བག་ཆགས་འཇོག་ཐུབ་པ། རྒྱལ་སྤྱིའི་སྟེང་བོད་ཀྱི་སྒྱུ་རྩལ་དེ་དག་སྲུང་སྐྱོབ་སླད་རྒྱབ་སྐྱོར་ཐོབ་པར་ཞུ་གཏུག་བྱ་དགོས་གལ་ཡིན་པ་ནན་བརྗོད་གནང་བ་དང་སྦྲགས། བོད་མིའི་སྒྲིག་འཛུགས་ཆོས་རིག་ལས་ཁུངས་ངོས་ནས་འགྲེམས་སྟོན་འདི་ལྟ་བུ་གོ་སྒྲིག་གནང་བ་ནི་དུས་ལ་འཚམ་པ་ཞིག་དང་། མ་འོངས་པར་རྒྱ་གར་གྱི་རྒྱལ་ས་དང་གྲོང་ཁྱེར་ཁག་ཏུ་བོད་མི་རིགས་ཀྱི་རིག་གཞུང་དྲིལ་བསྒྲགས་དང་། བོད་ནང་གི་ཛ་དྲག་གནས་སྟངས་སྐོར་གོ་རྟོགས་སྤེལ་དགོས་གལ་ཡིན་པ་གསུངས།ཆོས་རིག་ལས་ཁུངས་ཀྱིས་གོ་སྒྲིག་གནང་བའི་བོད་ཀྱི་བཟོ་རིག་སྒྱུ་རྩལ་འགྲེམས་སྟོན་དེ་བཞིན་ཉིན་གྲངས་གཉིས་རིང་ཚོགས་རྒྱུ་ཡིན་པ་དང་། འགྲེམས་སྟོན་དེའི་དམིགས་ཡུལ་གཙོ་བོ་ནི་བོད་ཀྱི་བཟོ་རིག་དང་འབྲེལ་བའི་སྒེར་དང་ཚོགས་པ་ཁག་གི་སྒྱུ་རྩལ་བ་ཚོར་རྒྱབ་སྐྱོར་དང་། གདེང་སྤོབས་བསྐྲུན་རྒྱུ་ཡིན་པ་རེད། ཐེངས་འདིའི་འགྲེམས་སྟོན་ནི་ཨ་རིའི་ཕྱི་སྲིད་ལས་ཁུངས་ཀྱིས་མཐུན་འགྱུར་གནང་བ་ཞིག་ཡིན་པ་བཅས།།
སྲིད་བློན་མོ་དྷི་རྒྱ་གར་གྱི་ལོ་རྒྱུས་ནང་སྲིད་བློན་དུས་ཡུན་རིང་ཤོས་སུ་གྱུར།
ཕྱི་ཚེས་༡༠ ཉིན་རྒྱ་གར་གྱི་སྲིད་བློན་གནང་བཞིན་པའི་མོ་དྷི་མཆོག་རྒྱ་གར་གྱི་ལོ་རྒྱུས་ནང་སྲིད་བློན་གྱི་དུས་ཡུན་རིང་ཤོས་གནང་མཁན་དུ་གྱུར་འདུག་ལ། དེ་སྔོན་གྱི་ལོ་རྒྱུས་ནང་སྲིད་བློན་རིང་ཤོས་གནང་མཁན་ནི་རྒྱ་གར་གྱི་སྲིད་བློན་དང་པོ་ནེ་ཧ་རུ་ཡིན་ནའང་། མོ་དྷི་ཡིས་ད་བར་ཁྱོན་ཉིན་གྲངས་༤༣༩༩ བརྒལ་ནས་སྲིད་བློན་གྱི་དུས་ཡུན་རིང་ཤོས་གནང་མཁན་གྱི་ཟིན་ཐོ་གཏོར་འདུག The post སྲིད་བློན་མོ་དྷི་རྒྱ་གར་གྱི་ལོ་རྒྱུས་ནང་སྲིད་བློན་དུས་ཡུན་རིང་ཤོས་སུ་གྱུར། appeared first on བོད་ཀྱི་བང་ཆེན།.
༧གོང་ས་མཆོག་གི་སྐུ་ཁམས་གསལ་ཐང་དང་དྭངས་བསྐྱེད་ཆ་ཚང་ཡོང་བའི་སྔོན་དཔག་ཞུ་ཡི་ཡོད་གསུངས་པ།
ཕྱི་ཟླ་ ༦ ཚེས་ ༡༢ ཉིན་ལྡི་ལིའི་ཨིན་དྲ་པྲསིཐི་ཨ་པོ་ལོ་སྨན་ཁང་ནས་ཕེབས་ཐོན་མཛད།
བོད་རང་བཙན་འཐབ་རྩོད་པ་གྲཊ་ཅན་ལྷ་བཟང་ཚེ་རིང་ལཊ་དགུང་ལོ་ ༧༤ ཐོག་རྡ་སར་དགོངས་པ་རྫོཊ་འདུག
བོད་རང་བཙན་འཐབ་རྩོད་པ་དང་རྩོམ་པ་པོ་གྲགས་ཅན་ལྷ་བཟང་ཚེ་རིང་ལགས་དགུང་ལོ་ ༧༤ ཐོག་རྡ་རམ་ས་ལར་དགོངས་པ་རྫོགས་འདུག བོད་རང་བཙན་འཐབ་རྩོད་ཀྱི་ལས་འགུལ་བ་དང་། རྩོམ་པ་པོ་གྲགས་ཅན་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་ཚོགས་ཟུར་ལྷ་བཟང་ཚེ་རིང་ལགས་དགུང་ལོ་ ༧༤ སྟེང་བཞུགས་སྒར་རྡ་རམ་ས་ལར་དགོངས་པ་རྫོགས་འདུག ལྷ་བཟང་ཚེ་རིང་ལགས་ཕྱི་ལོ་ ༡༩༥༢ ལོར་སྐྱེས་ཤིང་། ཕ་མའི་མཉམ་རྒྱ་གར་བཙན་བྱོལ་དུ་འབྱོར་རྗེས་རྒྱ་གར་དུ་སློབ་གཉེར་གནང་པ་དང་། ཨ་རིར་གསོ་རིག་སྨན་གྱི་རིག་གནས་ཐོག་ལ་སློབ་གཉེར་གྱི་གོ་སྐབས་མ་བླངས་པར། རྒྱ་ནག་ལ་འཐབ་རྒོལ་བྱེད་མཁན་གློ་སྨོན་ཐང་དུ་འཇབ་རྒོལ་བའི་ནང་འཛུལ་ཞུགས་བྱས་ཡོད་པ་རེད། ལོ་ངོ་བཅུ་ཕྲག་མང་པོའི་རིང་བོད་མི་བཙན་བྱོལ་བའི་སྤྱི་ཚོགས་ཁྲོད་བོད་ཕྲུག་ཁྱིམ་སྡེའི་སློབ་སྤྱི་དང་། ༡༩༨༦ ནས་ ༡༩༩༠ བར་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་ཚོགས་གཙོ་དང་། ཨ་མྱེས་རྨ་ཆེན་བསྟི་གནས་ཁ...
༧སྐུའི་ཡང་སྲིད་ཐད་རྒྱ་ནག་གིས་ཐེ་ཇུས་མི་ཆོག་པའི་ཁྲིམས་ཡིག་བསྐྱར་བཅོས་ཀྱི་གྲོས་འཆར།
གྲོས་ཚོགས་འཐུས་མི་མེཀཽལ་གྱིས་བོད་མིའི་ཆོས་དད་རང་དབང་དང་༧གོང་ས་མཆོག་གི་༧སྐུའི་ཡང་སྲིད་ཐད་ཁྲིམས་ཡིག་ལ་བསྐྱར་བཅོས་ཀྱི་ཁྲིམས་འཆར་བཏོན་པ། ༧སྐུའི་ཡང་སྲིད་ངོས་འཛིན་གནང་ཆོགས་ཀྱི་འགན་དབང་ཐོག་ལ་ ༢༠༢༠ ཨ་རིའི་བོད་དོན་སྲིད་ཇུས་དང་རྒྱབ་སྐྱོར་གྱི་ཁྲིམ་ཡིག་ལ་བསྐྱར་བཅོས་གནང་དགོས་པ་ཨ་རིའི་གྲོས་ཚོགས་འཐུས་མི་མཡེ་ཀལ་མེཀཽལ་གྱིས་ཨ་རིའི་གྲོས་ཚོགས་གི་ཕྱི་འབྲེལ་ལས་དོན་ཚོགས་ཆུང་ནང་ཕྱི་ཟླ་ ༦ ཚེས་ ༩ ཉིན་བཏོན་གནང་པ་དང་སྦྲགས་རྒྱབ་སྐྱོར་ཡོང་བའི་འབོད་སྐུལ་ཞུས་ཡོད་ཅིང་། དེའི་ནང་གཙོ་བོ་བོད་མིར་ཆོས་དད་རང་དབང་དགོས་པ་ནན་བརྗོད་དང་ཁྱད་པར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གི་༧སྐུའི་ཡང་སྲིད་ཀྱི་གནད་དོན་འདི་༧གང་ཉིད་ཀྱི་ཕོ་བྲང་དང་བོད་མི་ལ་ཡོད་པ་ལས་རྒྱ་ནག་དམར་ཤོག་གི་གཞུང་ལ་ཁྲིམས་མཐུན་གྱི་བདག་དབང་མེད་པ་ཐེར་འདོན་གནང་ཡོད་པ་རེད། དེ་ཡང་ཁོང་གིས་གྲོས་ཚོགས་འོག་མའི་ཕྱི་འབྲེལ་ལས་དོ...
མགོ་ལོག་ཁུལ་གྱི་མི་དམངས་འཐུས་མི་བསྟན་པ་འཛིན་བཟུང་གིས་ཞིབ་བཤེར།
ཁ་སང་ཕྱི་ཚེས་ ༡༠ ཉིན་རྒྱ་གཞུང་གིས་དྲིལ་བསྒྲགས་བྱས་པ་ལྟར་ན་མགོ་ལོག་ཁུལ་ཞིབ་དཔྱོད་ལས་ཁུངས་ཀྱིས་མགོ་ལོག་ཁུལ་གྱི་མི་དམངས་འཐུས་མི་བསྟན་པ་འཛིན་བཟུང་གིས་ཞིབ་བཤེར་བྱེད་བཞིན་པ་རེད་འདུག དེ་ཡང་མགོ་ལོག་ཁུལ་མི་དམངས་འཐུས་མིའི་ཚོགས་ཆེན་གྱི་རྒྱུན་ལས་དང་ཏང་གི་ཚོགས་མི་ཟུར་པ། རྫ་སྟོད་རྫོང་མི་དམངས་སྲིད་གཞུང་གི་རྫོང་དཔོན་ཟུར་པ་བསྟན་པ་ནས་རྒྱ་ནག་རྒྱལ་ཁབ་ཀྱི་རྩ་ཁྲིམས་ལ་སྒྲིག་འགལ་སོང་ཡོད་པའི་ཉེས་མིང་འོག་འཛིན་བཟུང་བྱས་འདུག བོད་རིགས་འགོ་ཁྲིད་བསྟན་པ་ནི་ཕྱི་ལོ་ ༡༩༧༡ ལོའི་ཟླ་ ༣ པར་སྐྱེས་པ་དང་། མཚོ་སྔོན་ཞིང་ཆེན་མགོ་ལོག་ཁུལ་མི་དམངས་འཐུས་མི་ཚོགས་ཆེན་གྱི་རྒྱུན་ལས་ཀྱི་དྲུང་ཆེ། མགོ་ལོག་པདྨ་རྫོང་མི་དམངས་སྨན་ཁང་དུ་སྨན་པའི་ལས་གནས་སུ་ལས་ཀ་བྱེད་བཞིན་པ་རེད་འདུག རྒྱ་གཞུང་གིས་ཁོང་འཛིན་བཟུང་བྱས་རྗེས་ལྐོག་དངུལ་བླངས་བའི་གྱོད་དོན་ཡོད་པར་འགྲེལ་བརྗོད་བྱས་ཡོད་པ་མ་ཟད། ནང་མི་དང་ཉེ་འབྲེལ་ལ་ཐུག་འཕྲད་མི་ཆོག་པའི་བཙན་བཀའ་ཡང་བཏང་འདུག དེའི་ཁྲོད་ཉེ་ཆར་ཁྲུང་ཆིང་གྲོང་ཁྱེར་འབྲིང་རིམ་མི་དམངས་ཁྲིམས་ཁང་དང་པོས་རྒྱལ་ཡོངས་སྲིད་གྲོས་སྐབས་བཅུ་བཞི་པའི་རྒྱུན་ལས། ཞིང་ལས་དང་གྲོང་གསེབ་ལྷན་ཁང་གི་འགོ་ཁྲིད་གཞོན་པ་བོད་རིགས་ཆེ་དགྲ་ལྷ་ལྐོག་རྔན་བླངས་བའི་ནག་ཉེས་ཕོག་རྗེས་ཚེ་བཙོན་གྱི་ཉེས་ཆད་བཅད་པ་དང་། ཆབ་སྲིད་ཀྱི་དབང་ཆ་འཕྲོག་པ་མ་ཟད། སྒེར་གྱི་རྒྱུ་ནོར་ཡོངས་རྫོགས་གཞུང་བཞེས་ཀྱིས་ཁྲིམས་ཐག་བཅད་ཡོད་པ་རེད། དེ་བཞིན་ཟླ་སྔོན་མའི་ཕྱི་ཚེས་ ༢༥ ཉིན། བོད་རང་སྐྱོང་ལྗོངས་ཀྱི་ལུས་རྩལ་མཐུན་ཚོགས་ཀྱི་འགན་འཛིན་གཞོན་པ་ཉི་མ་ཚེ་རིང་ལ་ཚབས་ཆེན་གྱི་དམ་འགལ་དང་ཁྲིམས་འགལ་ཡོད་པའི་དོགས་གཞིའི་འོག་ཞིབ་བཤེར་བྱས་ཡོད་པའི་གནས་ཚུལ་སྤེལ་ཡོད་པ་དང་། ད་ལྟ་ཏང་གི་སྒྲིག་ཁྲིམས་ཞིབ་བཤེར་ཁང་གིས་རྩད་གཅོད་དང་ཞིབ་འཇུག་བྱེད་བཞིན་ཡོད་འདུག རྩ་བའི་རྒྱ་ནག་དབུས་གཞུང་གིས་བོད་རིགས་དཔོན་པོ་མང་དག་འཛིན་བཟུང་དང་སྒྲིག་འགལ་ཁྲིམས་འགལ་ཚབས་ཆེན་བྱས་པའི་དོགས་གཞིའི་འོག་རྒྱ་ནག་དབུས་གཞུང་སྒྲིག་ཁྲིམས་ཞིབ་བཤེར་ལྷན་ཁང་གིས་རྟོག་ཞིབ་བྱེད་བཞིན་ཡོད་པ་དང་མགོ་ལོག་ཁུལ་མི་དམངས་འཐུས་མི་བསྟན་པ་འཛིན་བཟུང་ཞིབ་བཤེར་བྱས་པའི་གནས་ཚུལ་ཡོངས་བསྒྲགས་བྱས་ཤིང་། གྱོད་དོན་ཞིབ་བཤེར་ཆེད་ཁྲིམས་རའི་ཚོགས་དུས་སོགས་ཁ་གསལ་ཅི་ཡང་མེད་པ་རེད་འདུག The post མགོ་ལོག་ཁུལ་གྱི་མི་དམངས་འཐུས་མི་བསྟན་པ་འཛིན་བཟུང་གིས་ཞིབ་བཤེར། appeared first on vot.
ཨ་རིས་སླར་ཡང་རྒྱ་ནག་གི་ཁེ་ལས་ཆེ་ཁག་གསུམ་ཡུལ་དེའི་ཐོ་གཞུང་ནག་པོའི་ནང་དུ་བཅུག་འདུག
ཨ་རིའི་རྒྱལ་སྲུང་ལས་ཁུངས་ཀྱིས་ཁུལ་དེའི་ནང་ཚོང་ལས་གཉེར་མཁན་རྒྱ་ནག་གི་ཁེ་ལས་ཆེ་ཁག་གསུམ་ལ་རྒྱ་གཞུང་དམག་དོན་དང་འབྲེལ་བ་ཡོད་པར་ངོས་འཛིན་གྱིས་ཡུལ་དེའི་ཐོ་གཞུང་ནག་པོའི་ནང་དུ་བཅུག་འདུག དེ་ཡང་བརྒྱུད་ལམ་ཁག་ཏུ་གནས་ཚུལ་ཐོན་གསལ་ལྟར་ན། ཨ་རིའི་རྒྱལ་སྲུང་ལས་ཁུངས་ཀྱིས་རྒྱ་ནག་གི་ཁེ་ལས་ཆེ་གྲས་ཁོངས་སུ་ཡིན་པ་ Alibaba དང་། BYD དེ་བཞིན་ Baidu གསུམ་ནས་རྒྱ་ནག་སྲིད་གཞུང་གི་སྡེ་ཚན་ཁག་གཅིག་དང་ལྷན་དུ་མཉམ་ལས་བརྒྱུད་རྒྱ་ནག་གི་དམག་དོན་འཕེལ་རྒྱས་ལ་རྒྱབ་སྐྱོར་བྱས་ཡོད་པར་ངོས་འཛིན་གྱིས་ཡུལ་དེའི་ཐོ་གཞུང་ནག་པོའི་ཁེ་ལས་ཀྱི་མིང་གཞུང་ནང་དུ་བཅུག་འདུག་པ་དང་། ཐོ་གཞུང་དེའི་ནང་གི་ཁེ་ལས་ཚོས་ཨ་རིའི་རྒྱལ་སྲུང་དང་འབྲེལ་བ་ཡོད་པའི་ཚོང་ལས་ཅི་རིགས་ནང་མཉམ་ཞུགས་ཆོག་གི་མེད་པ་མ་ཟད། ཐོ་གཞུང་ནག་པོའི་ཁྲིམས་སྒྲིག་འདི་ཟླ་འདིའི་ཟླ་མཇུག་ནས་ལག་བསྟར་བྱ་རྒྱུ་རེད་འདུག ཕྱི་ལོ་ ༢༠༢༡ ལོའི་ཨ་རིའི་ National Defense Authorization Act རྒྱལ་སྲུང་གི་གནད་དོན་དང་འབྲེལ་བའི་ཁྲིམས་འཆར་ Section 1260H གཏན་འབེབས་འོག ཨ་རིའི་ཐོ་གཞུང་ནག་པོ་ཞེས་པའི་ནང་རྒྱ་ནག་གི་དམག་དོན་དང་དངོས་ཤུགས་བརྒྱུད་གསུམ་ནས་འབྲེལ་བ་ཡོད་པའི་ཁེ་ལས་ཁག་གི་མིང་གཞུང་ཉར་ཚགས་ཀྱིས་དུས་བསྟུན་ཐོ་འགོད་བྱེད་དགོས་པ་དང་། ཐོ་གཞུང་འདིའི་ནང་ཡོད་པའི་ཁེ་ལས་ཁག་ལ་ Chinese Military Companies རྒྱ་ནག་དམག་དོན་གྱི་ཁེ་ལས་ཞེས་མིང་བཏགས་པ་ཙམ་ལས་ཁེ་ལས་དེ་དག་ཐོག་སྲིད་དོན་ཉེས་ཆད་བཀལ་བ་ལྟ་བུའི་ངེས་པར་དུ་རྒྱུ་ནོར་དང་ཚོས་ལས་བཀག་འགོག་རིགས་བྱེད་ཀྱི་མེད་ཀྱང་། དེས་ཁྲིམས་ལུགས་ཀྱི་ཚོད་འཛིན་དང་གཞུང་གི་ཉོ་སྒྲུབ་ཚད་བཀག་སྲིད་པ་མ་ཟད། མ་དངུལ་འཛུགས་མཁན་དང་ཚོང་ལས་ལྟ་རྟོག་བྱེད་མཁན་བཅས་ལ་ཤུགས་རྐྱེན་ཐེབས་སྲིད་པ་རེད་འདུག ཨ་རིའི་རྒྱལ་སྲུང་ལས་ཁུངས་ཀྱི་ལོ་ལྟར་ཐོ་འགོད་བྱེད་བཞིན་པའི་མིང་གཞུང་ནག་པོའི་ནང་ད་བར་རྒྱ་ནག་གི་ཁེ་ལས་ ༡༨༨ ཡོད་པ་དང་། སྔ་ལོར་མཚོན་ན་ཁེ་ལས་ཀྱི་གྲངས་འབོར་དེ་བཞིན་ ༡༣༤ རེད་འདུག དེ་འབྲེལ་ཨ་རིའི་གྲོས་ཚོགས་ཀྱི་རྒྱ་ནག་ལས་དོན་ཚོགས་ཆུང་གི་ཚོགས་གཙོ་སྐུ་ཞབས་ John Moolenaar...
རྒྱ་ནག་དང་སྒོ་རྒྱབ་ཀྱི་འབྲེལ་བ་མུ་མཐུད་གནས་ཡོད་པ་གསུངས་འདུག
སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་གིས་རྒྱ་ནག་དང་སྒོ་རྒྱབ་ཀྱི་འབྲེལ་བ་མུ་མཐུད་གནས་ཡོད་པ་དང་བོད་རྒྱ་གཉིས་ཀྱི་དཀའ་རྙོག་ཞི་བའི་ཐོག་ནས་སེལ་རྒྱུའི་ཐད་ཆོད་སེམས་བརྟན་པོ་ཡོད་པ་གསུངས་འདུག དེ་ཡང་དེ་རིང་ Hindustan Times གསར་ཁང་གི་དྲ་གནས་ཐོག་གནས་ཚུལ་སྤེལ་བར་གཞིགས་ན། སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་རྒྱ་གར་གྱི་རྒྱལ་ས་ལྡི་ལི་རུ་གཞུང་འབྲེལ་མཚམས་གཟིགས་སུ་ཕེབས་བཞིན་པ་དང་བསྟུན། རྒྱ་གར་གྱི་གསར་ཁང་ Hindustan Times ལ་བཅར་འདྲི་ལེ་ཚན་ཞིག་དྭངས་ལེན་གནང་བའི་ཁྲོད། སྲིད་སྐྱོང་མཆོག་གིས་རྒྱ་ནག་དང་སྒོ་རྒྱབ་ཀྱི་འབྲེལ་བ་ཡོད་ནའང་ཕན་ཚུན་བཀའ་མོལ་བྱུང་བ་དེ་དག་གལ་གནད་ཆེ་བ་ཞིག་ལ་མཐོང་གི་མེད་ཅེས་གསུངས་བ་མ་ཟད། རྒྱལ་སྤྱི་ཐོག་ནས་བོད་མིའི་སྒྲིག་འཛུགས་ཀྱི་དབུ་མའི་ལམ་གྱི་སྲིད་བྱུས་ལ་དོ་སྣང་གནང་དགོས་གལ་ཆེ་བ་ཡིན་པ་གསུངས་འདུག མ་ཟད་སྲིད་སྐྱོང་མཆོག་གིས་ལོ་ལྔའི་དུས་ཡུན་རིང་ལས་དོན་གལ་ཆེ་གསུམ་ཡོད་པ་འགྲེལ་བརྗོད་དང་སྦྲགས། དེ་ཡང་གཅིག་ནི་བོད་རྒྱ་གཉིས་ཀྱི་དཀའ་རྙོག་སེལ་ཐབས་བྱ་རྒྱུ་དེ་ཡིན་པ་དང་། དེའི་ཐོག་ད་ལྟའི་ཆར་རྒྱ་ནག་གཞུང་ཕྱོགས་ནས་ཡ་ལན་མེད་པར་ལྟ་བུར་མཐོང་གི་འདུག་པ་མ་ཟད། བོད་མིའི་སྒྲིག་འཛུགས་ངོས་ནས་རྒྱལ་སྤྱིའི་ཁྱོན་ལ་ཞུ་གཏུག་བྱེད་བཞིན་ཡོད་པ་དང་། དབུ་མའི་ལམ་གྱི་སྲིད་བྱུས་གོ་རྟོགས་སྤེལ་བཞིན་ཡོད་པ། དེ་བཞིན་བོད་ནི་ལོ་རྒྱུས་ཐོག་ནས་རང་བཙན་རྒྱལ་ཁབ་ཅིག་ཡིན་པ་འགྲེལ་བརྗོད་དང་གོ་རྟོགས་སྤེལ་རྒྱུ་ནི་གནད་དོན་གལ་ཆེ་ཞིག་ཆགས་ཡོད་པ་གསུངས་འདུག གཉིས་པ་དེ་བཞིན་བཙན་བྱོལ་བོད་མིའི་སྤྱི་ཚོགས་ནི་བཙན་བྱོལ་སྤྱི་ཚོགས་གཞན་དང་མི་འདྲ་བར། རྒྱ་བལ་འབྲུག་གསུམ་གཙོས་པའི་རྒྱལ་ཁབ་ ༢༨ ནང་གནས་པའི་བཙན་བྱོལ་བོད་མིའི་རྣམས་ཀྱི་བདེ་སྡུག་ལ་ལྟ་སྐྱོང་བྱེད་དགོས་ཀྱི་ཡོད་པ་དང་། དེའི་ནང་འཛུགས་སྐྲུན་གྱི་ལས་གཞི་དང་སློབ་གྲྭ །སྨན་ཁང་། དེ་བཞིན་གཞུང་གི་ལས་ཁུངས་སོགས་ལ་ལྟ་སྐྱོང་བྱེད་དགོས་ཀྱི་ཡོད་པར་བརྟེན། བོད་མིའི་འཐབ་རྩོད་རྒྱུན་གནས་ཐུབ་པར་བཙན་བྱོལ་བོད་མིའི་སྤྱི་ཚོགས་ཀྱི་བདེ་སྡུག་ལ་ལྟ་སྐྱོང་བྱེད་དགོས་གལ་ཆེ་བ་ཡིན་པ་གསུངས་འདུག གསུམ་པ་དེ་བཞིན་བོད་མིའི་སྒྲིག་འཛུགས་ཀྱི་ལས་དོན་གནང་ཕྱོགས་ཐད་བཟང་ཕྱོགས་ཀྱི་འགྱུར་བ་གཏོང་དགོས་པ་དང་། འཛིན་སྐྱོང་གི་ལས་དོན་དེ་དག་འཕྲུལ་ཆས་ཀྱི་ཐོག་ནས་གནང་ཐུབ་པ་བཟོས་དགོས་རྒྱུ་དང་། མི་བཟོས་རིག་ནུས་བེད་སྤྱོད་བྱེད་པའི་བརྒྱུད་ལས་དོན་གནང་ཕྱོགས་ལ་འགྱུར་བ་གཏོང་དགོས་པ་གསུངས་འདུག མ་ཟད་སྲིད་སྐྱོང་མཆོག་གིས་ད་ལྟའི་ཆར་བོད་མིའི་སྒྲིག་འཛུགས་ནང་འཕྲུལ་རིགས་ཀྱི་ལས་དོན་གནང་ཕྱོགས་ཞན་པོ་ཡོད་པའི་རྐྱེན་གྱིས་འཕྲུལ་རིགས་ཀྱི་ཐོག་ནས་ལས་དོན་གནང་རྒྱུའི་ཐད་ཐབས་ཤེས་གནང་གི་ཡིན་པ་གསུངས་འདུག སྲིད་སྐྱོང་མཆོག་གིས་རྒྱ་ནག་ཕྱོགས་ནས་སྒོ་རྒྱབ་ཀྱི་འབྲེལ་ལམ་ཞེས་ལབ་འདོད་མེད་ཀྱང་། བོད་མིའི་སྒྲིག་འཛུགས་ངོས་ནས་རྫུན་གཏམ་ཤེས་འདོད་པ་མེད་པ་དང་། གལ་ཏེ་གནད་དོན་དེའི་ཐོག་དྲི་བ་སླེབས་ཚེ་སྐད་ཆ་དྲང་པོ་ཤེས་ཀྱི་ཡོད་ཅེས་གསུངས་པ་དང་འབྲེལ། གལ་ཏེ་རྒྱ་ནག་ཕྱོགས་ནས་སྒོ་རྒྱབ་ཀྱི་འབྲེལ་ལམ་མཚམས་འཇོག་བྱེད་པ་མ་གཏོགས་བོད་མིའི་སྒྲིག་འཛུགས་ངོས་ནས་སྒོ་རྒྱབ་ཀྱི་འབྲེལ་ལམ་མཚམས་འཇོག་འདོད་མེད་ཅེས་གསུངས་འདུག དེ་བཞིན་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་༸སྐུའི་འཕྲོད་བཞེས་བཟང་པོ་ཡོད་པ་དང་། ཞབས་པུས་གཡོན་པ་གཤག་བཅོས་གནང་གྲུབ་མཚམས་ཡིན་པ་འགྲེལ་བརྗོད་དང་སྦྲགས། རྒྱ་ནག་གཞུང་གིས་རྒྱལ་བའི་༸སྐུའི་འཕྲོད་བཞེས་སྐོར་འདྲི་བ་གཏང་དགོས་དོན་མེད་པ་དང་། གལ་ཏེ་ཤེས་འདོད་ཡོད་ཚེ་པེ་ཅིང་ནས་སྤྱི་ཚོགས་དྲ་ལམ་བརྒྱུད་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་༸སྐུའི་འཕྲོད་བཞེས་ཀྱི་གནས་སྟངས་གང་འདྲ་ཡིན་མིན་ལྟ་རྒྱུ་ཡོད་རེད་ཅེས་གསུངས་འདུག གཞི་རྩའི་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་ཟླ་བ་འདིའི་ཕྱི་ཚེས་...
བོད་དོན་རྒྱབ་སྐྱོར་བ་དང་ཨ་རིའི་གྲོས་ཚོགས་འཐུས་མི་ཟུར་པ་བཱར་ནཱི་ཕ་རེང་ལགས་ལ་ཆེ་བསྟོད་ཀྱི་མཛད་སྒོ་ཚོགས་འདུག
ཨ་རིའི་མེ་ས་ཆུ་སི་བོད་རིགས་སྤྱི་མཐུན་ཚོགས་པའི་སྐུ་ཚབ་རྣམས་ནས་ཡུན་རིང་ནས་བོད་དོན་ཐོག་རྒྱབ་སྐྱོར་གནང་མཁན་དང་ཨ་རིའི་གྲོས་ཚོགས་འཐུས་མི་ཟུར་པ་སྐུ་ཞབས་བཱར་ནཱི་ཕ་རེང་ལགས་ཀྱི་སྐུ་ཚེ་དང་མཛད་རྗེས་ལ་ཆེ་བསྟོད་ཀྱི་མཛད་སྒོ་ཞིག་ཚོགས་འདུག དེ་ཡང་ཁ་སང་བོད་མིའི་སྒྲིག་འཛུགས་ཀྱི་དྲ་གནས་ཐོག་གནས་ཚུལ་སྤེལ་བར་གཞིགས་ན། ཟླ་འདི་ཚེས་ ༨ ཉིན་ University of Massachusetts Club མེ་ས་ཆུ་སི་གཙུག་ལག་སློབ་གཉེར་ཁང་དུ་ཨ་རིའི་མེ་ས་ཆུ་སི་བོད་རིགས་སྤྱི་མཐུན་ཚོགས་པའི་སྐུ་ཚབ་རྣམས་ནས་ཡུན་རིང་ནས་བོད་དོན་ཐོག་རྒྱབ་སྐྱོར་གནང་མཁན་དང་། ཨ་རིའི་གྲོས་ཚོགས་འཐུས་མི་ཟུར་པ་སྐུ་ཞབས་བཱར་ནཱི་ཕ་རེང་ལགས་ལ་ཆེ་བསྟོད་ཀྱི་མཛད་སྒོ་ཞིག་ཚོགས་འདུག་པ་དང་། སྐབས་དེར་ཨ་རིའི་གྲོས་ཚོགས་འོག་མའི་ཚོགས་གཙོ་ཟུར་པ་ལྕམ་ Nancy Pelocy མཆོག་གི་གཙོས་གྲོས་ཚོགས་འཐུས་མི་ཕ་རེང་མཆོག་གི་སྐུ་ཟླ་ཇིམ་རེ་ཌི་ Jim Ready ལགས་དང་ཁོང་གི་ཤུལ་ལུས་ནང་མི་རྣམ་པ། ཁུལ་དེའི་གྲོས་ཚོགས་འཐུས་མི་ཁག་ཅིག བོད་མི་མང་སྤྱི་འཐུས་ཟུར་པ་དོན་གྲུབ་ཚེ་རིང་ལགས། སྤྱི་ཟུར་ཤར་གླིང་ཟླ་སྒྲོན་ལགས། Boston སྦོ་སི་ཊོན་བོད་རིགས་མཐུན་ཚོགས་ཀྱི་ཚོགས་གཙོ་བསྟན་འཛིན་སྐལ་བཟང་ཕུན་ཁང་ལགས། མེ་ས་ཆུ་སི་ས་གནས་བོད་རིགས་སྤྱི་མཐུན་ཚོགས་པའི་ཚོགས་གཙོ་ཡོན་ཏན་རྒྱ་མཚོ་ལགས། དེ་བཞིན་བོད་རིགས་སྤྱི་མཐུན་ཚོགས་པ་ཁག་གི་ཚོགས་མི་ ༢༠ ཙམ་མཉམ་ཞུགས་གནང་འདུག མཛད་སྒོ་དེ་དང་བསྟུན་སྐབས་ ༡༧ བོད་མི་མང་སྤྱི་འཐུས་ཚོགས་གཙོ་མཁན་པོ་བསོད་ནམས་བསྟན་འཕེལ་མཆོག་དང་དཔལ་ལྡན་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གི་འགན་འཛིན་བསྟན་ཆོས་རྒྱ་མཚོ་ལགས་བཅས་ནས་ཐུགས་གསོའི་འཕྲིན་ཡིག་ཕུལ་འདུག་པ་དང་། སྤྱི་ཟུར་དོན་གྲུབ་ཚེ་རིང་ལགས་ཀྱིས་བོད་མིའི་ཚབ་ཞུས་ཏེ་གྲོས་ཚོགས་འཐུས་མི་ཕ་རེང་ལགས་ཀྱི་དབུ་ཁྲིད་དང་། བྱམས་བརྩེ། བོད་མིར་བཅངས་པའི་ཆོད་སེམས་ལ་བཀའ་དྲིན་རྗེས་དྲན་ཞུས་པ་དང་ཆབས་ཅིག ཕྱི་ལོ་ ༢༠༢༤ ལོར་སྐུ་ཞབས་ཕ་རེང་ལགས་ཨེམ་ཧར་སིར་ཆེད་ཕེབས་གནང་སྐབས་བོད་མི་སྐྱབས་བཅོལ་བ་ཚོར་གནས་སྤོ་མཐོང་མཆན་མཁོ་སྤྲོད་གནང་བར་ཐུགས་རྗེ་ཆེ་ཞུ་རྒྱུའི་དམིགས་བསལ་གོ་སྐབས་བྱུང་བ་དང་། སྐུ་ཞབས་ཕ་རེང་ལགས་ཀྱིས་ཀྱང་ལས་གཞི་འདི་ལམ་ལྷོངས་བྱུང་བར་དགའ་སྤྲོ་དང་སྤོབས་པ་ཡོད་ཅེས་གསུངས་ཡོད། ཕྱོགས་མཚུངས་མཛད་སྒོའི་སྐབས་བོད་རིགས་སྐུ་ཚབ་རྣམས་ནས་ཨ་རིའི་གྲོས་ཚོགས་འོག་མའི་ཚོགས་གཙོ་ཟུར་པ་ལྕམ་སྐུ་ནེན་སི་པེ་ལོ་སི་མཆོག་དང་།...
རྒྱ་ནག་དམར་ཤོག་རིང་ལུགས་དེ་༸གོང་ས་མཆོག་ལས་དུས་ཡུན་རིང་བར་འཚོ་ཐུབ་མིན་ལྟ་རྒྱུ་ཞིག་ཡིན།
སྲིད་སྐྱོང་མཆོག་གིས་༸གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་སྐུ་འཚོ་བཞུགས་ཡོད་མེད་ལ་མ་ལྟོས་པར་བོད་ཀྱི་གནད་དོན་མུ་མཐུད་དུ་གནས་རྒྱུ་ལས་ཡལ་མི་སྲིད་སྐོར་གསུངས་འདུག The post རྒྱ་ནག་དམར་ཤོག་རིང་ལུགས་དེ་༸གོང་ས་མཆོག་ལས་དུས་ཡུན་རིང་བར་འཚོ་ཐུབ་མིན་ལྟ་རྒྱུ་ཞིག་ཡིན། appeared first on བོད་ཀྱི་དུས་བབ།.
བོད་མིའི་སྒྲིག་འཛུགས་ཀྱི་དྲུང་ཆེ་བཅུའི་ལས་གནས་བརྗེ་བསྒྱུར་དང་ལས་སྤར་གནང་།
བོད་མིའི་སྒྲིག་འཛུགས་ཀྱི་ལྷན་ཁང་བདུན་གྱི་དྲུང་ཆེའི་ལས་གནས་ལས་བསྒྱུར་དང་དོན་གཅོད་གསར་པ་གཉིས་བཅས་བསྐོ་གཞག་གནང་འདུག The post བོད་མིའི་སྒྲིག་འཛུགས་ཀྱི་དྲུང་ཆེ་བཅུའི་ལས་གནས་བརྗེ་བསྒྱུར་དང་ལས་སྤར་གནང་། appeared first on བོད་ཀྱི་དུས་བབ།.
ཕྱི་དྲིལ་དྲུང་ཆེ་གསར་རྙིང་དབར་རྩིས་སྤྲོད་རྩིས་ལེན།
༄༅། །ཕྱི་ལོ་ ༢༠༢༦ ཟླ་བ་ ༦ ཚེས་ ༡༡ རེས་གཟའ་ཕུར་བུ་ཉིན་སྤྲོད་དཔང་བཀའ་ཡིག་ཁྱབ་ཁོངས་ཡིག་ཚགས་དང་བར་བརྒལ་ལས་བཀོད་སྡེ་ཚན་གྱི་དྲུང་ཆེ་འཇིགས་མེད་ཚེ་རིང་ལགས་དབུ་བཞུགས་ཐོག་ཕྱི་དྲིལ་ལས་ཁུངས་ཀྱི་དྲུང་ཆེ་གསར་རྙིང་དབར་རྩིས་སྤྲོད་རྩིས་ལེན་གྱི་མཛད་སྒོ་སྟབས་བདེ་ཞིག་ཚོགས་ཡོད། དེ་ཡང་གོང་ཚེས་ཉིན་གྱི་སྔ་དྲོ་ཆུ་ཚོད་ ༡༡ ཙམ་ལ་ཕྱི་དྲིལ་ལས་ཁུངས་ཀྱི་ལྷག་པ་ཚེ་རིང་དྲན་རྟེན་ཚོགས་ཁང་དུ་སྤྲོད་དཔང་འཇིགས་མེད་ཚེ་རིང་ལགས་དང་། ཕྱི་དྲིལ་དྲུང་ཆེ་ཟུར་པ་ཀརྨ་ཆོས་དབྱིངས་ལགས། དྲུང་ཆེ་གསར་པ་ཀརྨ་རིན་ཆེན་ལགས་བཅས་ལྷན་འཛོམས་ཀྱིས་དྲུང་ཆེ་གསར་རྙིང་བར་ལ་ཕྱི་དྲིལ་ལས་ཁུངས་ཀྱི་བདག་དབང་དུ་ཡོད་པའི་ཡིག་ཆ་ཁག་དང་། ཅ་དངོས། རྩིས་ཁྲ་བཅས་རྩིས་སྤྲོད་རྩིས་ལེན་ལེགས་པར་གྲུབ་ཡོད། དེ་ནས་ཉིན་རྒྱབ་ཆུ་ཚོད་ ༢ ཙམ་ལ་ཕྱི་དྲིལ་ལས་ཁུངས་ཀྱི་ལས་བྱེད་ཡོངས་ནས་དྲུང་ཆེ་གསར་རྙིང་རྣམ་གཉིས་ལ་རིམ་བཞིན་མགུལ་དར་ཕུལ་ཡོད།།ཀརྨ་རིན་ཆེན་ལགས་ནི། ཕྱི་ལོ་ ༡༩༧༢ ཟླ་བ་ ༢ ཚེས་ ༧ ཉིན་ལ་དྭགས་ལྕོག་ལམ་གསར་གཞིས་ཆགས་སུ་འཁྲུངས་ཤིང་། འཛིན་རིམ་བཅུ་པ་བར་ལ་དྭགས་བོད་ཁྱིམ་སློབ་གྲྭར་སློབ་གཉེར་གནང་རྗེས། ཕྱི་ལོ་ ༡༩༩༡ ལོར་སིམ་ལ་གཏན་སློབ་ནས་སློབ་ཐོན་གནང་། ཕྱི་ལོ་ ༡༩༩༤ བར་ཅནྜི་གྷར་མཐོ་སློབ་ཏུ་ས་ཁམས་རིག་པའི་ཐོག་ཉེ་བའི་གཙུག་ལག་རབ་འབྱམས་པ་ཐོན། ཕྱི་ལོ་ ༡༩༩༥ ཟླ་བ་ ༩ ཚེས་ ༩ ཉིན་བོད་མིའི་སྒྲིག་འཛུགས་བདེ་སྲུང་ལས་ཁུངས་སུ་དྲུང་ལས་གནས་རིམ་ཐོག་བསྐོ་བཞག་གནང་།...
སུ་དཱན་གུ་རུང་སླར་ཡང་བལ་ཡུལ་ནང་སྲིད་བློན་ཆེན་དུ་ལས་འཁུར་དམ་འབུལ།
རྒྱལ་ཡོངས་རང་དབང་ཆབ་སྲིད་ཚོགས་པའི་འགོ་ཁྲིད་སུ་དཱན་གུ་རུང་མཆོག་འདི་ལོའི་ཕྱི་ཟླ་ ༤ པའི་ཟླ་མཇུག་ཏུ་དངུལ་ནག་གཙང་བཟོ་བྱེད་ཐབས་བྱེད་མཁན་གྱི་ཚོང་པ་དང་མ་འཛུགས་ཀྱི་འབྲེལ་བའི་གནད་དོན་དང་ས་ཆའི་བདག་དབང་ཐོག་སྐྱོན་འཛུགས་ཤུགས་ཆེ་བྱུང་རྗེས་བལ་ཡུལ་ནང་སྲིད་ལྷན་ཁང་གི་བློན་ཆེན་གོ་གནས་ནས་དགོངས་ཞུ་གནང་ཡོད་ཅིང་། ད་ཆ་ཟླ་བ་གཉིས་མ་ཟིན་པའི་མཚམས་འདིར་ཁོང་སླར་ཡང་ནང་སྲིད་བློན་ཆེན་དུ་ལས་འཁུར་དམ་འབུལ་ཞུས་གནང་འདུག དེ་ཡང་འདི་ཚེས་ ༩ ཉིན་བལ་ཡུལ་གྱི་སྲིད་འཛིན་ Ramchandra Paudel མཆོག་གི་དྲུང་ནས་སུ་དཱན་གུ་རུང་མཆོག་གིས་ནང་སྲིད་བློན་ཆེན་གྱིས་གསང་རྒྱའི་དམ་འབུལ་ཞུས་ཡོད་པ་དང་། The Kathmandu Post གསར་ཤོག་ཐོག་གནས་ཚུལ་སྤེལ་བ་ལྟར་ན། ཉེ་སྔོན་ཁོང་ལས་གནས་ནས་དགོངས་ཞུ་གནང་སྐབས་དེ་འབྲེལ་གཞུང་འབྲེལ་ཞིབ་འཇུག་ཚོགས་ཆུང་ཞིག་ཆེད་འཛུགས་བྱས་ཡོད་པ་དང་། ཚོགས་ཆུང་དེའི་ངོས་ནས་ཁོང་གི་ས་ཆའི་བདག་དབང་གི་གནད་དོན་ཐོག་རྒྱུན་ལྡན་མིན་པའི་གནས་ཚུལ་གང་ཡང་ཤེས་རྟོགས་བྱུང་མེད་པའི་མཇུག་སྡོམ་བསྐྱོན་པ་དེ་ལྟར་ཡང་། ཁོང་གི་དངུལ་དངོས་ཀྱི་སྤྲོད་ལེན་བྱས་པའི་རྩིས་ཁྲ་དང་མ་འཛུགས་ཀྱི་གནད་དོན་ཐད་མཐའ་མའི་ཐག་གཅོད་གནང་རྒྱུ་ཡིན་པ་བཀོད་འདུག ཞིབ་འཇུག་ཁྲོད་ནས་སུ་དཱན་གུ་རུང་ཁོང་ལ་བལ་ཡུལ་ཤར་ཕྱོགས་ Dhankuta དྷན་ཀུ་ཊ་རྫོང་དང་། ལྷོ་ཕྱོགས་ Chitwan རྫོང་། དེ་བཞིན་ནུབ་རི་ས་ཁུལ་བཅས་སུ་ས་ཆ་ཡོད་པ་རྣམས་ལ་རྒྱུན་ལྡན་མིན་པ་དང་ཡང་ནང་དོགས་གཞིའི་གནད་དོན་མེད་པའི་ངོས་བཞེས་གནང་འདུག རྩ་བའི་སུ་དཱན་གུ་རུང་ཁོང་ཆབ་སྲིད་ནང་སླེབས་པའི་བརྒྱུད་རིམ་ནི་མྱུར་པོ་ཞིག་ཆགས་ཀྱི་ཡོད་པ་དང་། ཕྱི་ལོ་ ༢༠༢༥ ཟླ་ ༩ པའི་ནང་བལ་ཡུལ་ནང་དུ་གཞོན་སྐྱེས་ཀྱི་ལས་འགུལ་བྱུང་རྗེས་ཡོངས་གྲགས་སུ་ངོ་ཤེས་ཐུབ་པ་ཞིག་བྱུང་ཡོད་པ་མ་ཟད། ཕྱི་ལོ་ ༢༠༢༦ ཟླ་ ༣ ཚེས་ ༢༧ ཉིན་ཁོང་ནང་སྲིད་བློན་ཆེན་དུ་བསྐོ་གཞག་གནང་རྗེས། སྲིད་གཞུང་གསར་པའི་ཆེས་མངོན་གསལ་དོད་པའི་བློན་ཆེན་ཞིག་ཏུ་གྱུར་ཡོད། རིམ་པས་ཡུལ་དེ་གའི་སྲིད་བློན་ཟུར་པ་ཨོ་ལི་དང་ནང་སྲིད་བློན་ཆེན་ཟུར་པ་རཱ་མེཤ་ལེ་ཁཀ་འཛིན་བཟུང་བྱ་རྒྱུའི་གླེང་གློང་གནང་མཁན་གཙོ་བོ་ཞིག་ཆགས་ཀྱི་ཡོད་པ་རེད།...
ཨ་རིར་ཉིན་གྲངས་གཉིས་རིང་བོད་དོན་ཞུ་གཏུག་བྱས།
རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གི་གོ་སྒྲིག་འོག བོད་རིགས་གཞོན་སྐྱེས་ཉིས་བརྒྱ་ལྷག་མཉམ་ཞུགས་ཀྱིས་ཨ་རིའི་ནང་གཞི་རྒྱ་ཆེ་བའི་བོད་དོན་ཞུ་གཏུག་ལས་འགུལ་ཞིག་སྤེལ་འདུག The post ཨ་རིར་ཉིན་གྲངས་གཉིས་རིང་བོད་དོན་ཞུ་གཏུག་བྱས། appeared first on བོད་ཀྱི་དུས་བབ།.
ཁྲིམས་འཆར་གསར་པར་རྒྱབ་སྐྱོར་དགོས་པའི་ཞུ་འབོད་ཀྱི་ཆེད་བོད་མི་ཉིས་བརྒྱ་ལྷག་འདུ་འཛོམས།
འདི་ལོ་ཨ་རིའི་མངའ་སྡེ་ ༢༩ ནས་བོད་མི་དང་བོད་དོན་རྒྱབ་སྐྱོར་བ་ ༢༢༩ ལྷག་ཨ་རིའི་རྒྱས་ལ་ཝ་ཤིན་ཊོན་དུ་ཕྱི་ཟླ་ ༦ ཚེས་ ༨ དང་ ༩ ཉིན་འཛོམས་ཡོད་པ་དང་། རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གིས་གོ་སྒྲིག་འོག་ཞུ་གཏུག་གནང་མཁན་ཚོས་སོ་སོའི་ས་གནས་ཀྱི་གྲོས་ཚོགས་འཐུས་མིའམ་ཡང་ན་འབྲེལ་ཡོད་ལས་བྱེད་ཚོ་དང་མཇལ་འཕྲད་གནང་སྟེ་ཨ་རིའི་བོད་དོན་ཐོག་རྒྱབ་སྐྱོར་ཤུགས་ཆེ་རུ་གཏོང་རྒྱུར་སྐུལ་མ་གནང་ཡོད། དེ་ཡང་ཉེ་བའི་བདུན་ཕྲག་འགའ་ཤས་ནང་ཨ་མི་རི་ཀའི་སྲིད་དོན་ཚོགས་པ་ཟུང་སྦྲེལ་གྱི་རྣམ་པའི་ཐོག་ནས་བོད་དོན་ཁྲིམས་འཆར་གསར་པ་གཉིས་བཏོན་གནང་ཡོད་པ་དེ་དག་ལ་གཙོ་བོ་དམིགས་ཏེ་ཞུ་གཏུགས་གནང་ཡོད་པ་དང་། ཁྲིམས་འཆར་དེ་དག་ནི་ལོ་ཤས་རིང་བོད་དོན་དང་འབྲེལ་བའི་ཁྲིམས་འཆར་གལ་ཆེ་ཤོས་ཤིག་ཀྱང་ཆགས་ཡོད་པར་ངོས་འཛིན་གནང་གི་འདུག དེ་ཡང་ཁྲིམས་འཆར་དང་པོ་དེ་ནི་ཨ་རིའི་གྲོས་ཚོགས་འཐུས་མི་འཇེམསི་མེཀ་གྷོ་ཝརཎ་ (Jim McGovern) དང...
བོད་ནང་ཆོས་ལུགས་ལ་དམ་དྲག་དང་བོད་རིག་པའི་ཁྱབ་ཁོངས་སུ་དྲིལ་བསྒྲགས།
ཉེ་ཆར་རྒྱ་ནག་གཞུང་གིས་ཕྱོགས་གཅིག་ནས་བོད་རང་སྐྱོང་ལྗོངས་ཀྱི་ 《ཆོས་ལུགས་ལས་དོན་གྱི་སྒྲིག་གཞི་》 ཟེར་བའི་པར་གཞི་གསར་པ་ལག་བསྟར་བྱས་ཏེ། དགོན་སྡེ་དོ་དམ་དང་། སྤྲུལ་སྐུའི་ཡང་སྲིད། དྲ་རྒྱའི་བརྒྱུད་ལམ་ཐོག་གི་ཆོས་ལུགས་བྱེད་སྒོ་བཅས་ལ་དམ་དྲག་དང་ཚད་གཞི་ལྡན་པའི་བཅོས་སྒྲིག་བྱས་ཡོད་ཅིང་། ཕྱོགས་གཞན་ཞིག་ནས། རྒྱ་གཞུང་གི་ཤེས་ཡོན་ལྷན་ཁང་ཁག་གིས་རྒྱ་ནག་གིས་གཙོ་ཁྲིད་བྱས་པའི་བོད་རིག་པའི་ཤེས་བྱའི་མ་ལག་ཟེར་བ་ཞིག་བསྐྲུན་རྒྱུར་སྐུལ་འདེད་བཏང་སྟེ། རྒྱལ་སྤྱིའི་སྤྱི་ཚོགས་ནང་བོད་དོན་དང་འབྲེལ་བའི་གླེང་ཕྱོགས་ཐོག་ཤུགས་རྐྱེན་ཐེབས་ཐབས་བྱེད་བཞིན་ཡོད་འདུག བོད་རང་སྐྱོང་ལྗོངས་ཀྱི་ཆོས་ལུགས་སྒྲིག་གཞི་གསར་པས་ཆོས་ལུགས་རྒྱ་ནག་ཅན་ཟེར་བར་བསྒྱུར་རྒྱུ་ནན་བཤད་བྱས་པ། ཕྱི་ལོ་ ༢༠༢༦ ཟླ་ ༥ ཚེས་ ༡ ཉིན་ནས་དངོས་སུ་ལག་བསྟར་བྱས་པའི་ 《ཆོས་ལུགས་ལས་དོན་གྱི་སྒྲིག་གཞི་》 གསར་པ་ (ལེའུ་ ༡༠ ...
སྲིད་སྐྱོང་སྤེན་པ་ཚེ་རིང་ལཊ་ཀྱིས་ལྡི་ལིའི་སྨན་ཁང་དུ་༧གོང་ས་མཆོག་ལ་མཇལ་བཅར་ཞུས་པ།
༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གི་༧སྐུའི་ཞབས་པུས་གཡོན་མ་བརྗེ་གནང་པའི་གཤགས་བཅོས་ལེགས་གྲུབ་བྱུང་པའི་ཉིན་གཉིས་ཀྱི་རྗེས་༧སྐུའི་འཕྲོད་བཞེས་གང་ལེགས་བྱུང་འདུག་པས་གཞིས་བྱེས་བོད་མི་ཡོངས་ཀྱིས་ཐུགས་ཁྲལ་མི་དགོས་ཞེས་སྲིད་སྐྱོང་སྤེན་པ་ཚེ་རིང་ལགས་ཀྱིས་༧གོང་ས་མཆོག་གི་མཇལ་ཁ་གྲུབ་མཚམས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་གསུངས་བྱུང་། ཕྱི་ལོ་ ༢༠༢༦ ཟླ་ ༦ ཚེས་ ༡༠ རེས་གཟའ་ལྷག་པའི་ཉིན་དབུས་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་སྤེན་པ་ཚེ་རིང་ལགས་ཀྱིས། ༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གི་ཞབས་པུས་གཡོན་མ་བརྗེ་གནང་པའི་གཤགས་བཅོས་གནང་སའི་རྒྱ་གར་གྱི་རྒྱལ་ས་ལྡི་ལིའི་ཨ་པོ་ལོ་སྨན་ཁང་དུ་ཆེད་བཅར་གྱིས་སྤྱི་ནོར་༧གོང་༧སྐྱབས་མགོན་ཆེན་པོ་མཆོག་གི་མཇལ་ཁ་ཞུས་ཡོད་པ་རེད། མཇལ་ཁ་གྲུབ་མཚམས་སྲིད་སྐྱོང་མཆོག་གིས་༧གོང་ས་མཆོག་གི་༧སྐུའི་འཕྲོད་བཞེས་གང་ལེགས་འདུག་པས་བོད་གཞིས་བྱེས་གཉིས་ཀྱི་བོད་མི་ར...
གནས་རི་གཉན་པོ་གཡུ་རྩེ་རུ་ཚོགས་སྒེར་འགྲོ་མི་ཆོག་པའི་དམ་བསྒྲགས།
མགོ་ལོག་ཁུལ་གྱི་རང་བྱུང་ཁོར་ཡུག་དོ་དམ་ལས་ཁུངས་ཀྱིས་ཕྱི་ཟླ་ ༥ ཚེས་ ༩ ཉིན་དོན་ཚན་དྲུག་ཅན་གྱི་བརྡ་ཁྱབ་ཅིག་བཏང་ཡོད་པའི་ནང་། མགོ་ལོག་ཁུལ་གཅིག་སྒྲིལ་རྫོང་ཁོངས་སུ་ཡོད་པའི་མི་སྒེར་དང་ཚོགས་པ་ཁག་ནས་ས་གནས་རྒྱ་གཞུང་ལས་ཁུངས་ཀྱིས་ཆོག་མཆན་མེད་པར་གནས་རི་གཉན་པོ་གཡུ་རྩེར་སྐྱེ་ཁམས་ཉམས་ཞིབ་དང་ཚན་རིག་བརྟག་དཔྱད་རིགས་བྱེད་མི་ཆོག་པ་བཟོས་ཡོད་པ་མ་ཟད། ཆོག་མཆན་མེད་པའི་བྱ་སྤྱོད་དེ་རིགས་འཕྲལ་དུ་མཚམས་འཇོག་དགོས་པ་དང་། གལ་ཏེ་གང་ཟག་སྒེར་དང་ཚོགས་པ་གང་རུང་གིས་བཀོད་ཁྱབ་དེར་བརྩི་སྲུང་མ་བྱས་ཚེ་ཁྲིམས་ལུགས་གཞིར་བཟུང་ཉེས་ཆད་དྲག་པོ་གཏོང་རྒྱུ་ཡིན་ལུགས་བཤད་འདུག འདི་ག་གསར་ཁང་ལ་འབྲེལ་ཡོད་བརྒྱུད་ནས་གནས་ཚུལ་ཤེས་རྟོགས་བྱུང་བ་ལྟར་ན། འདི་ལོ་བོད་རབ་གནས་རྟ་ལོར་བོད་པ་ཚོ་གནས་ཆེན་ཁག་ཏུ་སྐོར་བ་དང་མཆོད་མཇལ་དུ་ཕེབས་བཞིན་པ། དེ་བཞིན་བསང་གསོལ་གཏོང་བ་སོགས་ཀྱི་ཆོས་ལུགས་དང་འབྲེལ་བའི་ཧ་ཅང་གལ་ཆེན་བའི་དུས་ཚིགས་སྲུང་བརྩི་ཞུ་བཞིན་ཡོད་པ་མ་ཟད། ས་གནས་མི་མང་ནས་བསང་གསོལ་གཏོང་བ་སོགས་ཀྱི་ཆོས་ཕྱོགས་ཀྱི་བྱེད་སྒོ་བཀག་འགོག་བྱེད་བཞིན་པ་དེ་ནི་རྒྱ་གཞུང་གིས་བསམ་བཞིན་དུ་ས་གནས་བོད་མི་ཚོའི་ཆོས་ཕྱོགས་ཀྱི་གནང་སྒོར་ཞུགས་རྒྱུར་དམ་བསྒྲགས་བྱེད་པ་ཞིག་ཡིན་པ་དང་ཆབས་ཅིག བོད་ཀྱི་ཆོས་དང་རིག་གཞུང་བཅས་བོད་མིའི་ངོ་བོ་རྩ་མེད་གཏོང་ཐབས་ཀྱི་སྲིད་བྱུས་ཤིག་ལས་གཞན་གང་ཡང་མིན་པར་ངོས་འཛིན་གནང་བཞིན་འདུག་ཅེས་འགྲེལ་བརྗོད་གནང་སོང་། གནས་རི་གཉན་པོ་གཡུ་རྩེ་དེ་ནི་བོད་མི་ཚོར་མཚོན་ན་གནས་རྩ་ཆེན་ཞིག་དང་། ལྷག་པར་ས་ཚིགས་དེར་ཕྱི་ལོ་ ༡༩༩༢ ལོའི་ཟླ་ ༧ པའི་ཚེས ༡༧ ཉིན་གུང་ཐང་རིན་པོ་ཆེ་སྐུ་ཕྲེང་དྲུག་པ་བསྟན་པའི་དབང་ཕྱུག་མཆོག་དབུ་བཞུགས་ཐོག་ཡུལ་དེའི་ཤོག་ཁག་ཆེ་ཤོས་གཉིས་ཏེ། ཨ་སྐྱོང་ཁང་རྒན་དང་ཨ་སྐྱོང་ཁང་གསར་གཉིས་ཀྱིས་ཕན་ཚུན་འཁོན་འཛིང་མཚམས་འཇོག་སླད་དམག་འཁྲུག་མཚམས་འཇོག་གི་གྲོས་ཆོད་བཞག་རྗེས་མཐུན་སྒྲིལ་ལབ་རྩེ་བཙུགས་ཡོད་ཅིང་། དུས་དེ་ནས་བཟུང་ཤོག་ཁག་གཉིས་ཀས་གཉན་པོ་གཡུ་རྩེ་རུ་བོད་ཟླ་དྲུག་པའི་ནང་དར་ལྕོག་བཙུགས་པ་དང་བསང་གསོལ་གཏོང་བ་སོགས་ཀྱི་ཆོས་ཕྱོགས་ཀྱི་ལས་དོན་གཉེར་གྱི་ཡོད་པ་དང་། ཁུལ་དེར་གནས་སྡོད་གནང་མཁན་ཚོས་གནས་རི་དེ་ཉིད་མགོ་ལོག་གི་མེས་པོའི་ཁྱིམ་ཡུལ་དུ་ངོས་འཛིན་གྱིས་རི་བོ་དེ་དང་འབྲེལ་བ་དམ་ཟབ་ཡོད་སྟབས། གནས་ཆེན་གཉན་པོ་གཡུ་རྩེར་ཆོས་ལུགས་ཀྱི་གནང་སྒོ་ཁག་ཏུ་ཞུགས་མི་ཆོག་པའི་བརྡ་ཁྱབ་འདིས་ས་གནས་བོད་མི་ཚོར་ཤུགས་རྐྱེན་ཆེན་པོ་ཐེབས་ཡོད་པ་རེད་འདུག ད་དུང་གནས་ཚུལ་མཁོ་སྤྲོད་པས་བརྗོད་དོན་ལྟར་ན། གནས་རི་དེའི་མཐའ་སྐོར་དུ་ཆུ་ཚན་དང་སྨན་ཆུ་སྣ་ཚོགས་དང་། མཚོ་དང་རྫིང་བུ་ཁྱོན་ ༣༦༠ ཙམ་ཡོད་པ་མ་ཟད། གཉན་པོ་གཡུ་རྩེའི་རྩེ་མོར་ལོ་ངོ་མང་པོའི་འཁྱགས་རོམ་ཆགས་ཡོད་སྟབས། རྒྱ་གཞུང་གིས་ས་ཁུལ་འདི་ཆུའི་འབྱུང་ཁུངས་གལ་ཆེན་ཞིག་ལ་ངོས་འཛིན་གྱིས། ཁོར་ཡུག་སྲུང་སྐྱོབ་ཀྱི་མིང་བྱང་འོག་མ་འོངས་པར་བོད་ཀྱི་གངས་རི་དང་མཚོ་ཁ་ནས་རྒྱ་ནག་ནང་གི་ཆུའི་དཀའ་ངལ་སེལ་ཐབས་ཀྱི་ངན་བྱུས་གཤོམ་གྱི་ཡོད་པ་གསལ་བཏོན་དང་འབྲེལ། ལྷག་པར་འདི་ལྟ་བུའི་བརྡ་ཁྱབ་བཏང་དགོས་པའི་དམིགས་ཡུལ་གཙོ་བོ་དེ་ནི་བོད་ཀྱི་ཆོས་དང་རིག་གཞུང་བཅས་བོད་མིའི་ངོ་བོ་རྩ་མེད་གཏོང་ཐབས་ལ་དམིགས་པ་ཡིན་པ་འགྲེལ་བརྗོད་གནང་སོང་། ཕྱི་ལོ་ ༢༠༡༨ ལོར་ཁོར་ཡུག་སྲུང་སྐྱོབ་སོགས་ལ་ཁ་གཡར་ནས་གཉན་པོ་གཡུ་རྩེ་སྒོ་བརྒྱབ་རྗེས་གནས་མཇལ་བ་དང་ཡུལ་སྐོར་བ་སོགས་ཡོང་མཚམས་ཆད་ཡོད་པ་དང་། ས་གནས་མང་ཚོགས་ཀྱི་འཚོ་བའི་ཡོང་འབབ་ལ་ཡང་དཀའ་ངལ་འཕྲད་ཡོད་པ་མ་ཟད་། བོད་ཟླ་དྲུག་པའི་ནང་གཡུ་རྩེ་རུ་བསང་གསོལ་བཏང་མ་ཆོག་པར་ལོ་མང་སོང་སྟབས་ས་གནས་བོད་མི་ཚོའི་སེམས་ཁམས་དཀའ་ངལ་ཆེན་པོ་བཟོས་ཡོད་པ་རེད་འདུག...
སྟོན་པའི་གསུང་རབ་སླར་གསོ་ཐུབ་པ་དེ་ནི་བོད་མིས་རྒྱ་གར་གཞུང་དམངས་ལ་བཀའ་དྲིན་རྗེས་དྲན་གྱི་ལེགས་སྐྱེས་ཡག་ཤོས་དེ་ཡིན་པ་གསུངས་སོང་།
ཁ་སང་ཕྱི་དྲོ་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་གིས་རྒྱལ་ས་ལྡི་ལིར་གསུང་བཤད་ཞིག་གནང་སྐབས། བོད་མི་ཚོས་རྒྱ་གར་ནང་ཤིན་ཏུ་ནས་རྩ་ཆེ་བའི་སྟོན་པའི་གསུང་ཪབ་ཁག་སླར་གསོ་བྱེད་ཐུབ་པ་དེ་ནི་གཟི་བརྗིད་ལྡན་པ་ཙམ་དུ་མ་ཟད། རྒྱ་གར་གཞུང་དམངས་ལ་བཀའ་དྲིན་རྗེས་དྲན་ཞུ་བའི་ལེགས་སྐྱེས་ཆེན་པོ་ཞིག་ཀྱང་ཡིན་སྐོར་གསུངས་ཡོད། ཁ་སང་གསུང་བཤད་ཀྱི་ལས་རིམ་དེ་ནི་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་སླར་ཡང་སྲིད་སྐྱོང་དུ་མང་མོས་འདེམས་ཐོན་རྗེས་མང་ཚོགས་དང་ཐད་ཀར་གཏམ་བཤད་གནང་བའི་ལས་རིམ་ཐོག་མ་དེ་ཡང་ཆགས་ཀྱི་ཡོད་པ་རེད། དེ་ཡང་འདི་ལོའི་རྒྱལ་སྤྱིའི་བྱམས་བརྩེའི་ལོ་སྲུང་བརྩི་ཞུ་བའི་ཆ་ཤས་སུ། ཁ་སང་ཕྱི་དྲོ་རྒྱ་གར་རྒྱལ་ས་དི་ལླིའི་ཤེས་ཡོན་མི་སྣའི་ལྟེ་གནས་ India Habitat Centre དུ། ༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་རྒྱ་གར་ལ་ཕུལ་བའི་བླ་སློབ་ཀྱི་ལེགས་སྐྱེས་ཞེས་པའི་བརྗོད་གཞིའི་ཐོག་དམིགས་བསལ་གཏམ་བཤད་ཀྱི་ལས་རིམ་ཞིག་གོ་སྒྲིག་ཞུས་ཡོད་པ་དང་། སྐབས་དེར་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་ནས་བོད་ཀྱིོ་ཆོས་རྒྱལ་སྐབས་ཀྱི་ལོ་རྒྱུས་ནས་བཟུང་རྒྱ་གར་དང་དཔལ་ཡོན་གྱི་འབྲེལ་བ་ཆེན་པོ་ཡོད་པ་མ་ཟད། རིམ་པས་རྒྱལ་ཁབ་གཉིས་དབར་ཆོས་དང་སྐད་ཡིག རིག་གཞུང་བཅས་ཀྱི་འབྲེལ་བ་དམ་ཟབ་འཕེལ་རྒྱས་དང་། ལྷག་པར་ རྒྱ་གར་གཞུང་དམངས་གཉིས་ནས་ཀྱང་བོད་མིར་ཆབ་སྲིད་ཀྱི་དཀའ་ངལ་འཕྲད་སྐབས་གང་སྤྱིའི་མཐུན་འགྱུར་གནང་དང་གནང་མུས་བཅས་ལ་བཀའ་དྲིན་རྗེས་དྲན་ཞུས་པ་དང་སྦྲགས། ༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་དགོངས་གཞིའི་འོག་བོད་མི་ཚོས་རྒྱ་གར་གྱི་ཤིན་ཏུ་ནས་རྩ་ཆེ་བའི་ནང་བསྟན་གྱི་སྲོལ་རྒྱུན་ཁག་ཉར་ཚགས་ཀྱིས་སླར་གསོ་དང་དར་སྤེལ་ཐུབ་པ་དེ་ནི་རྒྱ་གར་གཞུང་དམངས་ལ་བཀའ་དྲིན་རྗེས་དྲན་གྱི་ལེགས་སྐྱེས་ཤིན་ཏུ་ནས་ཆེན་པོ་ཞིག་ཡིན་པ་སོགས་གསུངས་ཡོད། India Habitat Centre གིས་གོ་སྒྲིག་ཞུས་པའི་གཏམ་བཤད་ཀྱི་ལས་རིམ་དེ་ལྟེ་གནས་ཁང་དེའི་འགན་འཛིན་སྐུ་ཞབས་སློབ་དཔོན་ KG Suresh མཆོག་གི་གཙོ་སྐྱོང་འོག གསར་འགོད་པ་གྲགས་ཅན་སྐུ་ཞབས་ Vijay Kranti མཆོག་གི་སྟངས་འཛིན་གནང་ཡོད་པ་དང་། གཏམ་བཤད་ལས་རིམ་དེའི་ཐོག་ཆབ་སྲིད་མི་སྣ་དང་། ཕྱི་རྒྱལ་གཞུང་ཚབ་ཁག་གི་མི་སྣ། མཁས་དབང་། སློབ་ཕྲུག་དང་བོད་དོན་དོན་གཉེར་བ་སོགས་མི་གྲངས་བརྒྱ་སྐོར་ཞིག་འདུ་འཛོམས་བྱུང་འདུག་པ་མ་ཟད། དྲི་བ་དྲི་ལན་གྱི་ལས་རིམ་སྐབས། ཅེག་སྤྱི་མཐུན་རྒྱལ་ཁབ་ཀྱི་གཞུང་ཚབ་ངོ་མ་ལྕམ་སྐུ་ Dr. Eliska Zigova མཆོག་གིས་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་སྐུ་ཚེ་ཡུན་རིང་བརྟན་པ་དང་། ༸གང་ཉིད་ཀྱི་དགོངས་གཞི་ལྟར་བོད་དོན་བདེན་མཐའ་མྱུར་དུ་གསལ་བ་བཅས་ཀྱི་དགོངས་ཚུལ་ཡང་བཀའ་གནང་ཡོད། ...
དི་ལླི་དང་ཉི་འོང་དོན་གཅོད་གསར་པ་བསྐོ་གཞག
ལྷོ་ཨ་མི་རི་ཀའི་སྐུབ་ཚབ་དོན་གཅོད་ཟུར་པ་འཇིགས་མེད་ཚེ་རིང་ལགས་དེ་ལླི་བོད་ཀྱི་སྐུ་ཚབ་དོན་གཅོད་དང་། དབུས་འོས་བསྡུ་ལས་ཁང་གི་དྲུང་ཆེ་བློ་བཟང་ཆོས་གྲགས་ལགས་ཉི་འོང་བོད་ཀྱི་སྐུ་ཚབ་དོན་གཅོད་དུ་བསྐོ་གཞག་གནང་འདུག དེ་ཡང་དེ་རིང་ཕྱི་ཚེས་ ༡༠ ཉིན་ལས་བྱེད་འདེམས་བསྐོ་ལྷན་ཁང་གི་སྒྲིག་གཞི་དོན་ཚན་ ༡༩ པའི་ནང་གསེས་ ༡ དགོངས་དོན་ལྟར། ཕྱི་རྒྱལ་ཁག་ཏུ་སྐུ་ཚབ་དོན་གཅོད་རྣམས་སྲིད་སྐྱོང་དང་བཀའ་བློན་ཚང་འཛོམས་ཞིབ་གྲོས་དྲག་འདེམས་ཀྱིས་བཀའ་ཤག་ནས་བསྐོ་འཛུགས་གནང་བར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་སྐུ་ཚབ་ཀྱི་མཚན་གནས་བསྩལ་རྒྱུ་ཞེས་གསལ་བ་ལྟར། ལྷོ་ཨ་མི་རི་ཀའི་དོན་གཅོད་ཟུར་པ་དང་བོད་མིའི་སྒྲིག་འཛུགས་ཀྱི་བར་བརྒལ་ལས་བཀོད་སྡེ་ཚན་གྱི་དྲུང་ཆེ་འཇིགས་མེད་ཚེ་རིང་ལགས་དི་ལླི་བོད་ཀྱི་སྐུ་ཚབ་དོན་གཅོད་དུ་བསྐོ་གཞག་གནང་འདུག་པ་དང་ཕྱི་ལོ་ ༢༠༢༦ ཟླ་ ༧ ཚེས་ ༢༨ ནས་ལས་ཁུར་འགོ་འཛུགས་གནང་རྒྱུ་ཡིན་རེད་འདུག རྩ་བའི་འཇིགས་མེད་ཚེ་རིང་ལགས་ཕྱི་ལོ་ ༡༩༦༧ ལོར་རྒྱ་གར་བྱང་ཕྱོགས་ལ་དྭགས་སུ་སྐྱེས་ཤིང་། ཕྱི་ལོ་ ༢༠༠༤ ཟླ་ ༡༢ ཚེས་ ༢༧ ཉིན་ལས་བྱེད་འདེམས་ལྷན་ནང་ཟུང་དྲུང་གི་གནས་རིམ་ཐོག་དམིགས་བསལ་བསྐོ་བཞག་གནང་ཡོད་པ་དང་། ཕྱི་ལོ་ ༢༠༠༥ ཟླ་ ༢ ཚེས་ ༢༧ ཉིན་ཕྱི་དྲིལ་ལས་ཁུངས་ཀྱི་ཟུང་དྲུང་དུ་བསྐོ་བཞག་གནང་། དེ་ནས་ཕྱི་ལོ་ ༢༠༡༢ ལོར་ཕྱི་དྲིལ་གྱི་དྲུང་འཕར་དུ་གནས་སྤར་གནང་། ཕྱི་ལོ་ ༢༠༡༢...
དཔལ་ལྡན་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་རྒྱ་གར་རང་བྱུང་ལྟེ་གནས་ཁང་གིས་གོ་སྒྲིག་གནང་བའི་གསུང་བཤད་ལས་རིམ་ཐོག་སྐུ་མགྲོན་གཙོ་བོར་ཆེད་ཕེབས་ཀྱིས་གསུང་བཤད་གནང་...
༄༅། །ཕྱི་ལོ་ ༢༠༢༦ ཟླ་བ་ ༦ ཚེས་ ༩ ཉིན་རྒྱལ་སྤྱིའི་ཁྱོན་ཡོངས་སུ་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་༸སྐུའི་གོ་སྟོན་ལོ་སྲུང་བརྩི་ཞུ་བཞིན་པ་དང་བསྟུན་རྒྱ་གར་གྱི་རྒྱལ་ས་ལྡི་ལིར་རྟེན་གཞི་བྱས་པའི་རྒྱ་གར་རང་བྱུང་ལྟེ་གནས་ཁང་དུ་གསུང་བཤད་ཀྱི་ལས་རིམ་ཞིག་གོ་སྒྲིག་གནང་བའི་ཐོག་བོད་མིའི་སྒྲིག་འཛུགས་ཀྱི་དཔལ་ལྡན་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་གིས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་རྒྱ་གར་ལ་དྲིན་གཟོ་ (His Holiness the Dalai Lama’s Guru Dakshina to Bharat) ཞེས་པའི་བརྗོད་གཞིའི་ཐོག་གསུང་བཤད་གནང་ཡོད། ལས་རིམ་དེ་ནི་རྒྱ་གར་རང་བྱུང་ལྟེ་གནས་ཁང་གི་དཔེ་མཛོད་དང་ཉམས་ཞིབ་ལྟེ་གནས་གཉིས་ཀྱི་གསུང་བཤད་ལས་རིམ་ཁོངས་སུ་གོ་སྒྲིག་གནང་ཡོད་ཅིང་། དེར་བོད་རིག་པ་བ་དང་། (CHASE) ལྟེ་གནས་ཀྱི་འགན་འཛིན་སྐུ་ཞབས་ཝི་ཇེ་ཀྲན་ཏི་ (Vijay Kranti) ལགས་ཀྱིས་གཙོ་སྐྱོང་གནང་བ་དང་། རྒྱ་གར་རང་བྱུང་ལྟེ་གནས་ཁང་གི་འགན་འཛིན་འབུམ་རམས་པ་ཀེ་ཇི་སུ རེཤ་ (K. G. Suresh) ལགས་ཀྱིས་གསུང་བཤད་གནང་ཡོད།མཛད་སྒོའི་ཐོག་ལྡི་ལི་སྐུ་ཚབ་དོན་གཅོད་འཇིགས་མེད་འབྱུང་གནས་ལགས་དང་། དྲུང་ཆེ་བཀྲ་ཤིས་བདེ་སྐྱིད་ལགས། རྒྱ་གར་དུ་ཅེཀ་སྤྱི་མཐུན་རྒྱལ་ཁབ་ཀྱི་གཞུང་ཚབ་པ་འབུམ་རམས་པ་ཨེ་ལི་སི་ཀ་ཛི་གྷོ་བ་ལགས་གཙོས་པས་མཉམ་ཞུགས་པ་གྲངས་ ༢༠༠ ལྷག་ཕེབས་ཡོད། ཐོག་མར་སྣང་གསལ་མར་མེ་ཞལ་ཕྱེ་གནང་སྟེ་མཛད་སྒོ་དབུ་འབྱེད་གནང་གྲུབ་རྗེས་འབུམ་རམས་པ་ཀེ་ཇི་སུ་རེཤ་ལགས་ཀྱིས་སྐུ་མགྲོན་གཙོ་བོ་བོད་མིའི་སྒྲིག་འཛུགས་ཀྱི་དཔལ་ལྡན་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་ལ་ཕྱག་རྟགས་ཕུལ་ཡོད། དེ་ཡང་འབུམ་རམས་པ་སུ་རེཤ་ལགས་ཀྱིས་ཕེབས་བསུའི་གསུང་བཤད་གནང་སྐབས་དང་ཐོག་དཔལ་ལྡན་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་ལ་ཕེབས་བསུ་དང་སྦྲགས། སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་དབུ་ཁྲིད་འོག་སླར་ཡང་སྲིད་སྐྱོང་དུ་བདམས་ཐོན་བྱུང་བར་འཚམས་འདྲི་ཞུས་ཡོད། ཁོང་གིས་བྱམས་བརྩེ་ཟེར་བ་ནི་ཆོས་ཕྱོགས་ཀྱི་རིན་ཐང་ཙམ་མ་ཡིན་པར་མཐུན་སྒྲིལ་ལྡན་པའི་སྤྱི་ཚོགས་དང་།...
ཡོ་རོབ་མཐུན་ཚོགས་ནས་བོད་དོན་དམིགས་བསལ་འབྲེལ་མཐུད་པ་བསྐོ་བཞག་བྱ་དགོས་པའི་འབོད་སྐུལ།
རྒྱ་གཞུང་གི་མི་རིགས་མཐུན་སྒྲིལ་ཡར་ཐོན་སྐུལ་སྤེལ་གྱི་ཁྲིམས་ཡིག་གསར་པའི་མཇུག་འབྲས་ཚབས་ཆེན་ལ་གཞིགས་ཏེ། ཡོ་རོབ་མཐུན་ཚོགས་དང་ཚོགས་མི་རྒྱལ་ཁབ་ཁག་ནས་དེ་འབྲེལ་བསྒྲགས་གཏམ་སྤེལ་བ་ཙམ་མིན་པར་དངོས་སུ་དེ་འབྲེལ་གནོད་འཚེ་ཕོག་མཁན་རྣམས་ཀྱི་རང་དབང་སྲུང་སྐྱོབ་བྱ་དགོས་ཤིང་། བོད་ཐོག་དམིགས་བསལ་སྐུ་ཚབ་ཅིག་བསྐོ་བཞག་གནང་དགོས་གལ་ཡིན་པ་ནན་བརྗོད་གནང་འདུག དེ་ཡང་ Euobserver ཞེས་པའི་བརྒྱུད་ལམ་ཐོག་རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གི་ཚོགས་གཙོ་བསྟན་ཆོས་རྒྱ་མཚོ་ལགས་ཀྱིས་ Tibetans in Europe risk persecution in China under new ‘ethnic unity’ law འམ་རྒྱ་ནག་གི་མི་རིགས་མཐུན་སྒྲིལ་ཁྲིམས་ཡིག་གསར་པའི་འོག་ཡོ་རོབ་ནང་དུ་གནས་སྡོད་བོད་མི་རྣམས་ལ་གནོད་འཚེ་ཕོག་རྒྱུའི་ཉེན་ཁ་ཡོད་པའི་སྐོར་དཔྱད་བརྗོད་ཅིག་འདོན་སྤེལ་གནང་འདུག་པ་དང་། དེའི་ནང་མི་རིགས་མཐུན་སྒྲིལ་ཡར་ཐོན་སྐུལ་སྤེལ་ཁྲིམས་ཡིག་འོག་བོད་ནང་གི་བོད་མི་ཙམ་མ་ཟད་ཕྱི་ཕྱོགས་བོད་མི་རྣམས་ལའང་གནོད་འཚེ་ཕོག་རྒྱུ་ཉེན་ཁ་ཆེན་པོ་ཡོད་སྟབས། ཡོ་རོབ་མཐུ་ཚོགས་དང་ཚོགས་མི་རྒྱལ་ཁབ་ཁག་ནས་བསྒྲགས་གཏམ་སྤེལ་བ་ཙམ་མིན་པར་བོད་མི་དང་ཡུ་གུར་བ། སོག་པོ། དེ་བཞིན་རྒྱ་ནག་ནང་གནས་སྡོད་མི་རིགས་སྡེ་ཁག་གཞན་རྣམས་ཀྱི་ཐོབ་ཐང་སྲུང་སྐྱོབ་ཆེད་དུ་ཆོད་སེམས་བརྟན་པོ་ཡོད་པ་གཞིར་བཟུང་དངོས་སུ་ལག་བསྟར་བྱ་དགོས་གལ་ཡིན་པ་དང་། རྒྱ་ནག་གཞུང་གིས་རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་ཁྲིམས་སྒྲིག་ཁག་ལ་རྡོག་རོལ་མུ་མཐུད་གཏོང་བཞིན་པར་འགན་འཁུར་ཡོད་པ་ཞིག་བཟོ་དགོས་པའི་སྐུལ་མ་གནང་འདུག དེ་བཞིན་ཡོ་རོབ་མཐུན་ཚོགས་ངོས་ནས་བོད་ཐོག་སྲིད་བྱུས་དང་འབྲེལ་བའི་འབྲེལ་མཐུད་ཡག་པོ་ཡོང་ཐབས་དང་བོད་ཀྱི་གནད་དོན་དང་འབྲེལ་ནས་རྒྱ་ནག་གིས་ཡོ་རོབ་མཐུན་ཚོགས་ཚོགས་མི་རྒྱལ་ཁབ་ཁག་ལ་དུམ་བུར་བགོས་ནས་དབང་སྒྱུར་བྱེད་ཐབས་ཀྱི་ཐབས་བྱུས་ལ་གདོང་ལེན་གནང་ཐབས་སུ་བོད་དོན་དམིགས་བསལ་འབྲེལ་མཐུད་པ་ཞིག་ངེས་པར་དུ་བསྐོ་གཞག་གནང་དགོས་པའི་དགོས་འདུན་བཏོན་འདུག ལྷག་པར་མི་རིགས་མཐུན་སྒྲིལ་ཟེར་བའི་ཁྲིམས་ཡིག་ལག་བསྟར་བྱེད་མཁན་ཚོགས་སྒེར་རྣམས་ལ་སྲིད་དོན་ཉེས་ཆད་བཀལ་དགོས་པ་དང་། རྒྱ་ནག་གི་རྒྱལ་མཚམས་ལས་བརྒལ་བའི་དྲག་གནོན་ལ་གདོང་ལེན་བྱ་ཐབས་ཀྱི་ཆ་ལག་དེ་དག་རྒྱ་སྐྱེད་བྱ་དགོས་པ། མ་ཟད་བོད་རྒྱ་གཉིས་བར་ཐད་ཀར་གྲོས་མོལ་ཡོང་ཐབས་ལ་རྒྱབ་སྐྱོར་ཤུགས་ཆེ་བྱ་དགོས་པའི་འབོད་སྐུལ་གནང་འདུག དཔྱད་བརྗོད་དེའི་ནང་མི་རིགས་མཐུན་སྒྲིལ་གྱི་ཁྲིམས་གཞི་དོན་ཚན་ ༦༣ པར་ཁྲིམས་ཡིག་དེའི་ཁྲིམས་ཁོངས་ཁྱབ་ཚད་རྒྱ་ནག་གི་ས་ཁོངས་ཕྱི་ལོགས་སུའང་ཆགས་ཀྱི་ཡོད་པ་ལུང་འདྲེན་དང་འབྲེལ། ཡོ་རོབ་ནང་གནས་སྡོད་བོད་མི་སྟོང་ཕྲག་འགའ་ཤས་བོད་དང་རྒྱ་ནག་ནང་དུ་བསྐྱོད་སྐབས་འཛིན་བཟུང་དང་དོ་དམ། དེ་བཞིན་གདུག་རྩུབ་མནར་གཅོད་འོག་མྱང་སྲིད་པའི་ཉེན་ཁ་ཡོད་པ་གསལ་སྟོན་འདུག ཕྱོགས་མཚུངས་ཁྲིམས་ཡིག་དེ་རྒྱ་ནག་ནང་དུ་ལག་བསྟར་མ་བྱས་པའི་སྔ་རོལ་དུ་རྒྱ་གཞུང་དཔོན་རིགས་རྣམས་ཀྱིས་བོད་མིའི་ཐོག་ཚོད་ལྟ་བྱས་ཡོད་ཅིང་། དེ་ཡང་ཕྱི་ལོ་ ༢༠༡༠ ལོར་ཡུ་ནན་ཞིང་ཆེན་ཟེར་བའི་ནང་གནས་འཁོད་བོད་མིའི་ཐོག་དེ་མཚུངས་ཀྱི་ཁྲིམས་ཤིག་ངོ་སྤྲོད་བྱས་ཡོད་པ་མ་ཟད། ཕྱི་ལོ་ ༢༠༢༠...
ཚོགས་བརྡ་གསལ་བསྒྲགས།
༄༅། །བཙན་བྱོལ་བོད་མིའི་བཅའ་ཁྲིམས་དོན་ཚན་བཞི་བཅུ་པ་ནང་གསལ་ལྟར་ན་སྐབས་ ༡༨ པའི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གྲོས་ཚོགས་ཚོགས་དུས་གཉིས་པ་ཕྱི་ལོ་ ༢༠༢༦ ཟླ་ ༩ ཚེས་ ༡༦ རེས་གཟའ་ལྷག་པ་ནས་ཚེས་ ༢༥ རེས་གཟའ་པ་སངས་བར་ལས་ཉིན་དགུ་རིང་བཞུགས་སྒར་སྤྱི་ལྷན་གྲོས་ཚོགས་ཚོགས་ཁང་ནང་ཚུགས་གཏན་འཁེལ་སོང་ན། ཚོགས་མི་རྣམས་དུས་ཐོག་ཚོགས་བཅར་གནང་དགོས་པ་བཅས་ཀྱི་ཚོགས་བརྡའི་གསལ་བསྒྲགས་སུ། སྤྱི་འཐུས་ཚོགས་དྲུང་ལས་ཁུངས་ནས། རབ་གནས་མེ་རྟ་ཕྱི་ལོ་ ༢༠༢༦ ཟླ་ ༦ ཚེས་ ༡༠ ལ།
སུ་དྷན་གུ་རུང་བསྐྱར་དུ་བལ་ཡུལ་གྱི་ནང་སྲིད་བློན་ཆེན་དུ་བསྐོས་འདུག
[དྷ་རམ་སར།] བལ་ཡུལ་གྱི་ནང་སྲིད་བློན་ཆེན་སུ་དྷན་གུ་རུང་ (Sudhan Gurung) དཔལ་འབྱོར་གྱི་རྙོག་གླེང་དང་འབྲེལ། ཕྱི་ལོ་༢༠༢༦ ཟླ་༤ པའི་ནང་ལས་གནས་ནས་དགོངས་པ་ཞུས་ཡོད་ཀྱང་། ཟླ་བ་གཉིས་ཀྱང་མ་འགོར་བའི་མཚམས་ཏེ། The post སུ་དྷན་གུ་རུང་བསྐྱར་དུ་བལ་ཡུལ་གྱི་ནང་སྲིད་བློན་ཆེན་དུ་བསྐོས་འདུག appeared first on བོད་ཀྱི་བང་ཆེན།.















